༢༠༡༣ལོའི་ལོ་སར་ཤིས་ཚིག


ཉིན་ཞག་རེས་སུ་བསྐྱོད་པའི་རི་ལམ་བརྒྱུད་དེ།།
མི་ཚེའི་ལ་སྟོད་དེ་ལ་རྐང་བ་ཐེབས་སྐབས།།
ལོ་ཡི་བདག་པོ་ཞིག་ལ་བདེ་མོ་འཇོག་བཞིན།།
སང་གི་བདེ་སྐྱིད་བསུ་བའི་མཆོད་ཅིག་འཕེན་ཡ།།
 
ཕན་བདེའི་ཡུམ་དུ་གྲུབ་པའི་རིན་ཆེན་གཅིག་བུ།།
ལྟ་སྒོམ་འོད་མདངས་འཚེར་བའི་ཤྰཀྱའི་བསྟན་པ།།
ཆོས་བརྒྱད་འཚུབ་མར་འཁྱིལ་བའི་རླུང་གི་ཁྲོད་ནས།།
བཀྲ་ཤིས་གཟི་མདངས་རྒྱས་པའི་སྨོན་པ་འཆའ་འོ།།
 
ཐུབ་བསྟན་ཁང་བཟང་སྲོག་གི་ཀྭ་བར་འགྱིང་ཞིང་།།
སྐྱེ་དགུའི་བདེ་སྐྱིད་དཔྱིད་ཀྱི་ཐིག་ལེར་བབས་པ།།
བསྟན་འཛིན་ངང་ཁྱུ་མདོ་སྔགས་པད་མོའི་མཚོ་ནས།།
བཀྲ་ཤིས་མཛད་འཕྲིན་རྒྱས་པའི་མགྲིན་རྔ་དཀྲོལ་ལོ།།
 
བདག་འབྲས་གཅིག་གི་གཞི་ལ་རིལ་གྱིས་འཚོགས་ཤིང་།།
ལས་དབང་བཙན་པོའི་རལ་ཁ་ཟུར་གྱིས་བབས་པའི།།
ཁམས་གསུམ་འགྲོ་བའི་བདེ་སྐྱིད་ནས་ཀྱི་སྙེ་མ།།
བཀྲ་ཤིས་གཡུར་དུ་ཟ་བའི་ཁ་གཡང་བསྒྲོན་ནོ།།
 
ཟོལ་མེད་ལྷག་བསམ་མཛེས་མའི་ཕྱག་གིས་བསུས་ཤིང་།།
སྡེབ་ལེགས་ཚིག་སྦྱོར་ཤག་ཤག་མགུར་ལ་དྲངས་པའི།།
ཤིས་ཚིག་འོ་མ་དཀར་པོའི་ཟེགས་མ་རེ་རེ།།
བཀྲ་ཤིས་གནམ་ལོ་བསུ་བའི་ཕོ་ཉར་འཕྱོ་འོ།།
                ༢༠༡༢་༡༢་༢༣

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༣ལོའི་ལོ་སར་ཤིས་ཚིག

2013-02-17 མདའ་ཚན་ཡོན་ཏན། ཀློག་གྲངས། མཆན ཡོད།


ཉིན་ཞག་རེས་སུ་བསྐྱོད་པའི་རི་ལམ་བརྒྱུད་དེ།།
མི་ཚེའི་ལ་སྟོད་དེ་ལ་རྐང་བ་ཐེབས་སྐབས།།
ལོ་ཡི་བདག་པོ་ཞིག་ལ་བདེ་མོ་འཇོག་བཞིན།།
སང་གི་བདེ་སྐྱིད་བསུ་བའི་མཆོད་ཅིག་འཕེན་ཡ།།
 
ཕན་བདེའི་ཡུམ་དུ་གྲུབ་པའི་རིན་ཆེན་གཅིག་བུ།།
ལྟ་སྒོམ་འོད་མདངས་འཚེར་བའི་ཤྰཀྱའི་བསྟན་པ།།
ཆོས་བརྒྱད་འཚུབ་མར་འཁྱིལ་བའི་རླུང་གི་ཁྲོད་ནས།།
བཀྲ་ཤིས་གཟི་མདངས་རྒྱས་པའི་སྨོན་པ་འཆའ་འོ།།
 
ཐུབ་བསྟན་ཁང་བཟང་སྲོག་གི་ཀྭ་བར་འགྱིང་ཞིང་།།
སྐྱེ་དགུའི་བདེ་སྐྱིད་དཔྱིད་ཀྱི་ཐིག་ལེར་བབས་པ།།
བསྟན་འཛིན་ངང་ཁྱུ་མདོ་སྔགས་པད་མོའི་མཚོ་ནས།།
བཀྲ་ཤིས་མཛད་འཕྲིན་རྒྱས་པའི་མགྲིན་རྔ་དཀྲོལ་ལོ།།
 
བདག་འབྲས་གཅིག་གི་གཞི་ལ་རིལ་གྱིས་འཚོགས་ཤིང་།།
ལས་དབང་བཙན་པོའི་རལ་ཁ་ཟུར་གྱིས་བབས་པའི།།
ཁམས་གསུམ་འགྲོ་བའི་བདེ་སྐྱིད་ནས་ཀྱི་སྙེ་མ།།
བཀྲ་ཤིས་གཡུར་དུ་ཟ་བའི་ཁ་གཡང་བསྒྲོན་ནོ།།
 
ཟོལ་མེད་ལྷག་བསམ་མཛེས་མའི་ཕྱག་གིས་བསུས་ཤིང་།།
སྡེབ་ལེགས་ཚིག་སྦྱོར་ཤག་ཤག་མགུར་ལ་དྲངས་པའི།།
ཤིས་ཚིག་འོ་མ་དཀར་པོའི་ཟེགས་མ་རེ་རེ།།
བཀྲ་ཤིས་གནམ་ལོ་བསུ་བའི་ཕོ་ཉར་འཕྱོ་འོ།།
                ༢༠༡༢་༡༢་༢༣

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།