འུ་གཉིས་ཀ

 

 

ཨེར་སངས་ལྷ་མོ་མཁའ་ལ་མངོན་བཞིན་འཛུམ་ཆུང་ལྷུག་ལྷུག་གྲོལ་བའི་དུས།།
སུ་ཡི་མདུན་ཕྱོགས་སྒེའུ་ཁུང་བརྒྱུད་པའི་གཞོན་ནུ་འུ་གཉིས་སེམས་ལ་འཐིམས།།
སྟོན་གྱི་ལོ་མ་སེར་ཐིག་བབས་པ་ཤག་སྒྲས་འཁྱུད་བཞིན་ཐང་ལ་ཐོར།།
རླུང་བུ་ལྡོམ་པོས་འགྱུ་སྟོབས་ངོམས་བཞིན་མཚོ་ངོས་ལྷིང་འཇགས་དཀྲིགས་ཤིང་དཀྲིགས།།
 
རྟོག་འཕྲུལ་རྒོད་པོའི་དྲན་ཤེས་གཤིས་ལ་བསམ་གཞིགས་ངལ་བར་མི་འཇིགས་ཤིང་།།
གང་དྲན་ཡིད་ལ་སྤུངས་པར་དགའ་མོད་སྙིང་ལ་ཟུག་པ་མི་འདོན་པར།།
ང་ཡི་སེམས་ནས་ཅི་དགར་རོལ་ཅིག་ལས་ཐུག་བུ་མོ་ལམ་ཡག་མ།།
མཉམ་བཟའ་མཉམ་འཐུང་དུས་ཤིག་ཡོད་པས་འུ་གཉིས་བགས་འཁུམས་དགོས་དོན་མེད།།
 
བདེན་པ་བརྡར་བའི་སྐད་ཆ་རེ་རེ་སྙིང་ལ་བརྡབ་པའི་ཕུར་བ་འདྲ།།
སུ་ཡིས་འཐེན་ན་རྔུལ་ནག་འཛར་བཞིན་གཉའ་བོ་འཁུམས་ནས་བསྐྱུར་འཇོག་པས།།
ཆུ་ལ་ཆུ་འདྲེས་ངོ་བོ་མི་འགྱུར་ཁ་དོག་མི་བསྣོག་བརྩེ་བའི་མདངས།།
གང་ལ་མི་གཡོལ་སུ་ལ་མི་མཛའ་འུ་གཉིས་རྒྱལ་བའི་རྡོ་རིང་ལགས།།
 
སྒྱུ་མའི་བཀོད་པ་བདེན་པར་སྲིང་བའི་འཇིག་རྟེན་འཁོར་བ་རྡོག་རྡོག་འདིར།།
སྙིང་སྡུག་ཞལ་གྱི་མིག་གི་སྐར་ཆེན་ང་ཡི་ཡིད་ལ་འགྲིམས་པ་ན།།
ཚེ་འདིའི་སྐྱོ་བ་དེ་མུར་རྫོགས་འདྲའི་སྐྱིད་ཀྱི་འཚོ་བའི་རུ་མ་ཞིག །
ལུས་ཀྱི་རྩ་ལམ་རེ་རེ་བརྒྱུད་ནས་རུས་པའི་རྐང་ལ་ཟུག་ཀྱང་འཐིམས།།
            ༢༠༡༣ལོའི་ཟླ་༡༠བའི་ཚེས་༢ཉིན་རང་ཁྱིམ་དུ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུ་གཉིས་ཀ

2013-12-04 གངས་ཐིག༼ཀན་ལྷོ༽ ཀློག་གྲངས། མཆན ཡོད།

 

 

ཨེར་སངས་ལྷ་མོ་མཁའ་ལ་མངོན་བཞིན་འཛུམ་ཆུང་ལྷུག་ལྷུག་གྲོལ་བའི་དུས།།
སུ་ཡི་མདུན་ཕྱོགས་སྒེའུ་ཁུང་བརྒྱུད་པའི་གཞོན་ནུ་འུ་གཉིས་སེམས་ལ་འཐིམས།།
སྟོན་གྱི་ལོ་མ་སེར་ཐིག་བབས་པ་ཤག་སྒྲས་འཁྱུད་བཞིན་ཐང་ལ་ཐོར།།
རླུང་བུ་ལྡོམ་པོས་འགྱུ་སྟོབས་ངོམས་བཞིན་མཚོ་ངོས་ལྷིང་འཇགས་དཀྲིགས་ཤིང་དཀྲིགས།།
 
རྟོག་འཕྲུལ་རྒོད་པོའི་དྲན་ཤེས་གཤིས་ལ་བསམ་གཞིགས་ངལ་བར་མི་འཇིགས་ཤིང་།།
གང་དྲན་ཡིད་ལ་སྤུངས་པར་དགའ་མོད་སྙིང་ལ་ཟུག་པ་མི་འདོན་པར།།
ང་ཡི་སེམས་ནས་ཅི་དགར་རོལ་ཅིག་ལས་ཐུག་བུ་མོ་ལམ་ཡག་མ།།
མཉམ་བཟའ་མཉམ་འཐུང་དུས་ཤིག་ཡོད་པས་འུ་གཉིས་བགས་འཁུམས་དགོས་དོན་མེད།།
 
བདེན་པ་བརྡར་བའི་སྐད་ཆ་རེ་རེ་སྙིང་ལ་བརྡབ་པའི་ཕུར་བ་འདྲ།།
སུ་ཡིས་འཐེན་ན་རྔུལ་ནག་འཛར་བཞིན་གཉའ་བོ་འཁུམས་ནས་བསྐྱུར་འཇོག་པས།།
ཆུ་ལ་ཆུ་འདྲེས་ངོ་བོ་མི་འགྱུར་ཁ་དོག་མི་བསྣོག་བརྩེ་བའི་མདངས།།
གང་ལ་མི་གཡོལ་སུ་ལ་མི་མཛའ་འུ་གཉིས་རྒྱལ་བའི་རྡོ་རིང་ལགས།།
 
སྒྱུ་མའི་བཀོད་པ་བདེན་པར་སྲིང་བའི་འཇིག་རྟེན་འཁོར་བ་རྡོག་རྡོག་འདིར།།
སྙིང་སྡུག་ཞལ་གྱི་མིག་གི་སྐར་ཆེན་ང་ཡི་ཡིད་ལ་འགྲིམས་པ་ན།།
ཚེ་འདིའི་སྐྱོ་བ་དེ་མུར་རྫོགས་འདྲའི་སྐྱིད་ཀྱི་འཚོ་བའི་རུ་མ་ཞིག །
ལུས་ཀྱི་རྩ་ལམ་རེ་རེ་བརྒྱུད་ནས་རུས་པའི་རྐང་ལ་ཟུག་ཀྱང་འཐིམས།།
            ༢༠༡༣ལོའི་ཟླ་༡༠བའི་ཚེས་༢ཉིན་རང་ཁྱིམ་དུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།