དོ་ནུབ་འདི་ལྟར་དྲན་ཡོང་།


ང་ཡིས་མི་ཞིག་དྲན་ཡོང་།།
སྙིང་གི་མི་དེ་དྲན་ཡོང་།།
སེམས་པ་ཁྱོད་ལ་འཁོར་ཡོང་།།
སེམས་པའི་དཀྱིལ་ཀྱི་མི་དེ།།
སྙིང་ནས་ག་ལེར་ག་ལེར།།
དབུགས་ཤིག་འབྱིན་པའི་སྒང་འདིར།།
ང་ཡི་སྙིང་གི་མི་དེ།།
ཡིད་ལ་ཝ་ལེར་ཝ་ལེར།།

སེམས་ལ་གཤོག་པ་ཐོགས་འདྲ།།
སེམས་པ་རླུང་གིས་ཁུར་འདྲ།།
སེམས་པ་གདོན་གྱིས་བཟུང་འདྲ།།
ཁྱོད་ཕྱོགས་ཤོར་ནས་བུད་འགྲོ།།
སེམས་ལ་བརྟན་ཚུགས་མི་འདུག།
སེམས་ལ་རང་དབང་མི་འདུག།
ཁྱོད་ཕྱོགས་ག་ལེར་ག་ལེར།།
ཤོར་ནས་བུད་འགྲོ་སུན་པ།།
 
མིག་ནས་མིག་ཆུ་ཁྲོམ་ཁྲོམ།།
ཡིད་ནས་ཝ་ལེར་ཝ་ལེར།།
དོ་ནུབ་སྙིང་ནས་དྲན་པ།།
ཆུང་འདྲིས་འབྲོག་མོ་སྒྲོལ་མ།།
མིག་ལ་གསལ་ལེར་གསལ་ལེར།།
ཆུང་འདྲིས་སྒྲོལ་མ་ཤར་ཡོང་།།
སེམས་པའི་གཏིང་རིམ་འདི་ནས།།
དོ་ནུབ་བག་གསར་བསུས་ཡོད།།
 
སེམས་པ་ཁྱོད་ཕྱོགས་ཤོར་ཡོད།།
སེམས་པ་ཁྱོད་ལ་གཏད་ཡོད།།
སེམས་པའི་གཏིང་ལ་ཉར་ཡོད།།
དོ་ནུབ་མཚན་ལྗོངས་འདི་ལ།།
སྙིང་ནས་བག་གསར་བསུས་ཡོད།།
བག་གསར་སེམས་ནས་བསུས་ཡོད།།
སེམས་པ་བག་གསར་གཏད་ཡོད།།
བློ་སེམས་བག་གསར་བརླན་ཡོད།།
       ༢༠༡༣ལོའི་ལོ་སར་ཚེས་༢ཉིན་གྱི་ཞོགས་པར།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་ནུབ་འདི་ལྟར་དྲན་ཡོང་།

2013-10-28 བྲག་རྡོ། ཀློག་གྲངས། མཆན ཡོད།


ང་ཡིས་མི་ཞིག་དྲན་ཡོང་།།
སྙིང་གི་མི་དེ་དྲན་ཡོང་།།
སེམས་པ་ཁྱོད་ལ་འཁོར་ཡོང་།།
སེམས་པའི་དཀྱིལ་ཀྱི་མི་དེ།།
སྙིང་ནས་ག་ལེར་ག་ལེར།།
དབུགས་ཤིག་འབྱིན་པའི་སྒང་འདིར།།
ང་ཡི་སྙིང་གི་མི་དེ།།
ཡིད་ལ་ཝ་ལེར་ཝ་ལེར།།

སེམས་ལ་གཤོག་པ་ཐོགས་འདྲ།།
སེམས་པ་རླུང་གིས་ཁུར་འདྲ།།
སེམས་པ་གདོན་གྱིས་བཟུང་འདྲ།།
ཁྱོད་ཕྱོགས་ཤོར་ནས་བུད་འགྲོ།།
སེམས་ལ་བརྟན་ཚུགས་མི་འདུག།
སེམས་ལ་རང་དབང་མི་འདུག།
ཁྱོད་ཕྱོགས་ག་ལེར་ག་ལེར།།
ཤོར་ནས་བུད་འགྲོ་སུན་པ།།
 
མིག་ནས་མིག་ཆུ་ཁྲོམ་ཁྲོམ།།
ཡིད་ནས་ཝ་ལེར་ཝ་ལེར།།
དོ་ནུབ་སྙིང་ནས་དྲན་པ།།
ཆུང་འདྲིས་འབྲོག་མོ་སྒྲོལ་མ།།
མིག་ལ་གསལ་ལེར་གསལ་ལེར།།
ཆུང་འདྲིས་སྒྲོལ་མ་ཤར་ཡོང་།།
སེམས་པའི་གཏིང་རིམ་འདི་ནས།།
དོ་ནུབ་བག་གསར་བསུས་ཡོད།།
 
སེམས་པ་ཁྱོད་ཕྱོགས་ཤོར་ཡོད།།
སེམས་པ་ཁྱོད་ལ་གཏད་ཡོད།།
སེམས་པའི་གཏིང་ལ་ཉར་ཡོད།།
དོ་ནུབ་མཚན་ལྗོངས་འདི་ལ།།
སྙིང་ནས་བག་གསར་བསུས་ཡོད།།
བག་གསར་སེམས་ནས་བསུས་ཡོད།།
སེམས་པ་བག་གསར་གཏད་ཡོད།།
བློ་སེམས་བག་གསར་བརླན་ཡོད།།
       ༢༠༡༣ལོའི་ལོ་སར་ཚེས་༢ཉིན་གྱི་ཞོགས་པར།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།