མི་རྟག་པའི་ལྷ་མོ།

རྩེ་སྐྱེས་རིག་པའི་རྣོ་གྲི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-17


དུངས་པ་ཝུ་ཆང་གི་ཤེལ་ཕོར་ངོས་ལ།།
མི་རྟག་ལྷ་མོ་ཡི་ལང་ཚོའི་མཛེས་སྡུག།།
དོ་ནུབ་རྨི་ལམ་གྱི་ཀློང་ནས་མངོན་དུས།།
བདག་ཡིད་འཁྲུལ་སྣང་གི་ཁྲ་བོ་འགོག་མེད།།
དཀར་དཀར་ངོ་གདོང་དེ་དཀར་བོ་དུང་ཡིན།།
དམར་དམར་མཆུ་སྒྲོས་དེ་དམར་བོ་ཁྲག་ཡིན།།
མི་རྟག་ལྷ་མོ་ཁྱོད་མཐོང་བའི་ཉིན་ནས།།
ཟླ་བ་ལྷ་མོ་ཡང་མཛེས་སྡུག་དབེན་འདྲ།།
སྒོ་མང་ཕར་ཕྱིན་དེ་གཡས་ནས་བཞག་ནས།།
ཚད་མ་རྣམ་ངེས་དེ་གཡོན་ནས་སྐྱུར་ཏེ།།
གཟན་ཤབ་དམར་བོ་དེ་དལ་གྱིས་དོར་ནས།།
ཁྱོད་ཀྱི་བྲང་ཁ་དེར་ལག་པས་རེག་འདོད།
དགའ་བའི་ཁ་པར་ཞིག་ང་ཡིས་མ་བཏང་།།
རེ་བའི་ཟུར་མིག་ཡང་ང་ཡིས་མ་བསྟན།།
ལྐོག་གྱུར་རང་ཁྱིམ་གྱི་གློག་སྒྲོན་ཧྲག་ནས།།
ཁྱེད་ཀྱི་པར་རིས་ལ་མིག་ཟུང་ཅེར་ཡོད།།
གངས་དཀར་རི་བོ་དེ་གོས་སུ་གྱོན་འདྲའི།།
མི་རྟག་ལྷ་མོ་ཡི་མཛེས་སྡུག་ཆུན་པོ།།
མཐོང་བའི་ཚོར་བ་དེ་ནས་ཆང་ཕོར་གང་།།
བཟི་བའི་ན་ཟུག་དེས་རང་བློ་འཁྲུལ་ཡོད།།
བརྩེ་བ་དངོས་མ་དེ་རྨི་ལམ་ངོགས་ཡིན།།
ལས་དབང་རྒྱལ་མོ་ཡི་བཀའ་ལུས་བཙན་པས།།
བདག་གི་འཚོ་བ་ཡི་ཁ་དོག་བསྒྱུར་ཡོད།།
ད་ཐེངས་མཇལ་འདོད་པ་སྟོང་སྣང་ཡིན་ཡང་།
དགའ་བའི་དན་རྟགས་འདི་ཀུན་ལ་བཤད་ཡོད།།
མི་ཁའི་རླུང་ནག་དེ་དོགས་པ་མིན་ཡང།།
དྲིན་ཆེན་ཕ་ལོ་ཡི་རེ་བ་འཚོལ་ཕྱིར།།
ཡལ་མེད་བརྩེ་བ་དེ་སྙིང་ལ་སྒོམ་ནས།།                          
རང་སྡུག་རི་མོ་དེ་རང་གིས་སེལ་ཡོད།།
འདི་ལྟར་སྙན་ངག་གི་སྡེབ་སྦྱོར་གསེབ་ནས།།
ཁྱེད་ལ་དུངས་བརྗོད་ཀྱི་མེ་ཏོག་གཏོང་བ།།
བདག་གི་བྱ་ལས་དང་མཐུན་པ་མིན་ཡང་།།
བཟོད་མེད་རང་ཁོག་ནས་གར་དུ་རྩེན་ཚར།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རྟག་པའི་ལྷ་མོ།

2013-10-17 རྩེ་སྐྱེས་རིག་པའི་རྣོ་གྲི ཀློག་གྲངས། མཆན ཡོད།


དུངས་པ་ཝུ་ཆང་གི་ཤེལ་ཕོར་ངོས་ལ།།
མི་རྟག་ལྷ་མོ་ཡི་ལང་ཚོའི་མཛེས་སྡུག།།
དོ་ནུབ་རྨི་ལམ་གྱི་ཀློང་ནས་མངོན་དུས།།
བདག་ཡིད་འཁྲུལ་སྣང་གི་ཁྲ་བོ་འགོག་མེད།།
དཀར་དཀར་ངོ་གདོང་དེ་དཀར་བོ་དུང་ཡིན།།
དམར་དམར་མཆུ་སྒྲོས་དེ་དམར་བོ་ཁྲག་ཡིན།།
མི་རྟག་ལྷ་མོ་ཁྱོད་མཐོང་བའི་ཉིན་ནས།།
ཟླ་བ་ལྷ་མོ་ཡང་མཛེས་སྡུག་དབེན་འདྲ།།
སྒོ་མང་ཕར་ཕྱིན་དེ་གཡས་ནས་བཞག་ནས།།
ཚད་མ་རྣམ་ངེས་དེ་གཡོན་ནས་སྐྱུར་ཏེ།།
གཟན་ཤབ་དམར་བོ་དེ་དལ་གྱིས་དོར་ནས།།
ཁྱོད་ཀྱི་བྲང་ཁ་དེར་ལག་པས་རེག་འདོད།
དགའ་བའི་ཁ་པར་ཞིག་ང་ཡིས་མ་བཏང་།།
རེ་བའི་ཟུར་མིག་ཡང་ང་ཡིས་མ་བསྟན།།
ལྐོག་གྱུར་རང་ཁྱིམ་གྱི་གློག་སྒྲོན་ཧྲག་ནས།།
ཁྱེད་ཀྱི་པར་རིས་ལ་མིག་ཟུང་ཅེར་ཡོད།།
གངས་དཀར་རི་བོ་དེ་གོས་སུ་གྱོན་འདྲའི།།
མི་རྟག་ལྷ་མོ་ཡི་མཛེས་སྡུག་ཆུན་པོ།།
མཐོང་བའི་ཚོར་བ་དེ་ནས་ཆང་ཕོར་གང་།།
བཟི་བའི་ན་ཟུག་དེས་རང་བློ་འཁྲུལ་ཡོད།།
བརྩེ་བ་དངོས་མ་དེ་རྨི་ལམ་ངོགས་ཡིན།།
ལས་དབང་རྒྱལ་མོ་ཡི་བཀའ་ལུས་བཙན་པས།།
བདག་གི་འཚོ་བ་ཡི་ཁ་དོག་བསྒྱུར་ཡོད།།
ད་ཐེངས་མཇལ་འདོད་པ་སྟོང་སྣང་ཡིན་ཡང་།
དགའ་བའི་དན་རྟགས་འདི་ཀུན་ལ་བཤད་ཡོད།།
མི་ཁའི་རླུང་ནག་དེ་དོགས་པ་མིན་ཡང།།
དྲིན་ཆེན་ཕ་ལོ་ཡི་རེ་བ་འཚོལ་ཕྱིར།།
ཡལ་མེད་བརྩེ་བ་དེ་སྙིང་ལ་སྒོམ་ནས།།                          
རང་སྡུག་རི་མོ་དེ་རང་གིས་སེལ་ཡོད།།
འདི་ལྟར་སྙན་ངག་གི་སྡེབ་སྦྱོར་གསེབ་ནས།།
ཁྱེད་ལ་དུངས་བརྗོད་ཀྱི་མེ་ཏོག་གཏོང་བ།།
བདག་གི་བྱ་ལས་དང་མཐུན་པ་མིན་ཡང་།།
བཟོད་མེད་རང་ཁོག་ནས་གར་དུ་རྩེན་ཚར།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།