རྟ་ཕོའི་འཚེར་སྐད་དབེན་པའི་སྤང་ལྗོངས།།

སྔ་རབས་མེས་པོས་གནང་བའི་རིག་གཞུང་དང་།།
ཕ་སྐད་བོར་བའི་ཕངས་སེམས་དྲག་པོ་འདི།།
ལུས་པོ་ཐང་དཀར་རྒོད་པོའི་ཟས་སུ་སྤྱད།།
རུས་རྐང་ས་རྡོར་འཐིམ་ཡང་ཉམས་མི་སྲིད།།
           
བརྒྱ་ཕྲག་ཉག་མ་འགའ་ཡི་སྔ་རོལ་དུ།།
སྔ་རབས་མེས་པོས་གནང་བའི་རིག་གཞུང་དང་།
ཕ་སྐད་གཙང་མའི་དྲི་བཟང་མ་ཡལ་བར།།
ལ་རྒྱའི་དར་ཆེན་ལྷབ་ལྷུབ་མཁའ་ན་གཡོ།།
           
འོན་ཀྱང་བཟློག་ཏུ་མེད་པའི་ལས་ཤིག་གམ།།
ཡང་ན་འཕྲད་པའི་རྐྱེན་ངན་གང་རུང་གིས།།
རིག་གནས་མཚོ་ཆེན་བྱེ་གླིང་ཁྲོད་དུ་ནུབ།།
ཕ་སྐད་གཙང་པོའི་བཞུར་རྒྱུན་གཏན་ཏུ་ཆད།།
           
མེས་པོའི་གྱོན་ཆས་ཞྭ་གོས་ལྷམ་སོགས་ཉམས།།
ཚ་བོའི་འགྲོ་འདུག་སྤྱོད་ལམ་གཞན་ལ་འདྲེས།།
མི་རབས་རྗེས་མར་དབང་བའི་ཤུལ་ནོམ་རྣམས།།
ད་ལྟ་ལྷ་སྒྲུང་ཙམ་གྱི་སྣང་བ་སྟེར།།
           
དེའི་ཕྱིར་བླུན་རྨོངས་འགའ་ཞིག་རིགས་རུས་ཞེས།།
དྲིས་ན་ངེས་པ་མེད་ཅེས་སྨྲ་བ་མཆིས།།
ཤེས་རློམ་ཁ་ཅིག་རིགས་རུས་གཞན་ཞེས་སྨྲ།།
ལ་ལ་དར་ལྕོག་ཇི་བཞིན་རླུང་གིས་བསྐྱོད།།
         
འདི་ལྟར་ལོ་ཟླའི་གྲང་ངར་རྒོད་ན་ཡང་།།
ཕམ་ཁའི་མགོ་བོ་སྨད་དོན་ཅི་ཡང་མེད།།
རིགས་རུས་ཨ་ཀར་ལྗོན་པའི་རྩེ་མོ་ནས།།
ལ་རྒྱའི་ཀི་རིང་དཔུང་ཁག་བསྒྲིགས་ནས་འདེབས།།
        
ད་དུང་མ་འོང་བདེ་སྐྱིད་བསྐྲུན་ཕྱིར་དུ།།
གསར་སྐྱེས་གཞོན་རྣམས་ལེགས་བསྐྱངས་རིག་པའི་གཞུང་།
རྒྱ་མཚོའི་ཕ་མཐར་བརྒལ་བའི་གྲུ་ཞུགས་ནས།།
རྒྱལ་ཁའི་དར་ཆེན་བསྒྲེངས་བར་བསྐུལ་མ་གཏོང་།
              ༢༠༠༧  ༡༢  ༦
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟ་ཕོའི་འཚེར་སྐད་དབེན་པའི་སྤང་ལྗོངས།།

2013-10-09 པཱོར་ཇུན། ཀློག་གྲངས། མཆན ཡོད།

སྔ་རབས་མེས་པོས་གནང་བའི་རིག་གཞུང་དང་།།
ཕ་སྐད་བོར་བའི་ཕངས་སེམས་དྲག་པོ་འདི།།
ལུས་པོ་ཐང་དཀར་རྒོད་པོའི་ཟས་སུ་སྤྱད།།
རུས་རྐང་ས་རྡོར་འཐིམ་ཡང་ཉམས་མི་སྲིད།།
           
བརྒྱ་ཕྲག་ཉག་མ་འགའ་ཡི་སྔ་རོལ་དུ།།
སྔ་རབས་མེས་པོས་གནང་བའི་རིག་གཞུང་དང་།
ཕ་སྐད་གཙང་མའི་དྲི་བཟང་མ་ཡལ་བར།།
ལ་རྒྱའི་དར་ཆེན་ལྷབ་ལྷུབ་མཁའ་ན་གཡོ།།
           
འོན་ཀྱང་བཟློག་ཏུ་མེད་པའི་ལས་ཤིག་གམ།།
ཡང་ན་འཕྲད་པའི་རྐྱེན་ངན་གང་རུང་གིས།།
རིག་གནས་མཚོ་ཆེན་བྱེ་གླིང་ཁྲོད་དུ་ནུབ།།
ཕ་སྐད་གཙང་པོའི་བཞུར་རྒྱུན་གཏན་ཏུ་ཆད།།
           
མེས་པོའི་གྱོན་ཆས་ཞྭ་གོས་ལྷམ་སོགས་ཉམས།།
ཚ་བོའི་འགྲོ་འདུག་སྤྱོད་ལམ་གཞན་ལ་འདྲེས།།
མི་རབས་རྗེས་མར་དབང་བའི་ཤུལ་ནོམ་རྣམས།།
ད་ལྟ་ལྷ་སྒྲུང་ཙམ་གྱི་སྣང་བ་སྟེར།།
           
དེའི་ཕྱིར་བླུན་རྨོངས་འགའ་ཞིག་རིགས་རུས་ཞེས།།
དྲིས་ན་ངེས་པ་མེད་ཅེས་སྨྲ་བ་མཆིས།།
ཤེས་རློམ་ཁ་ཅིག་རིགས་རུས་གཞན་ཞེས་སྨྲ།།
ལ་ལ་དར་ལྕོག་ཇི་བཞིན་རླུང་གིས་བསྐྱོད།།
         
འདི་ལྟར་ལོ་ཟླའི་གྲང་ངར་རྒོད་ན་ཡང་།།
ཕམ་ཁའི་མགོ་བོ་སྨད་དོན་ཅི་ཡང་མེད།།
རིགས་རུས་ཨ་ཀར་ལྗོན་པའི་རྩེ་མོ་ནས།།
ལ་རྒྱའི་ཀི་རིང་དཔུང་ཁག་བསྒྲིགས་ནས་འདེབས།།
        
ད་དུང་མ་འོང་བདེ་སྐྱིད་བསྐྲུན་ཕྱིར་དུ།།
གསར་སྐྱེས་གཞོན་རྣམས་ལེགས་བསྐྱངས་རིག་པའི་གཞུང་།
རྒྱ་མཚོའི་ཕ་མཐར་བརྒལ་བའི་གྲུ་ཞུགས་ནས།།
རྒྱལ་ཁའི་དར་ཆེན་བསྒྲེངས་བར་བསྐུལ་མ་གཏོང་།
              ༢༠༠༧  ༡༢  ༦
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།