དྲིན་ཕ་མ་ཉི་ཟླའི་ཡན་ཞིག་ཡིན།

 

 

        འདི་ནི་བྱམས་བརྩེའི་གཟི་བྱིན་ཏེ།།
        ཡིད་ཀྱི་ངོས་ལ་དལ་གྱིས་སིམས།།
        འདི་ནི་སྤོབས་པའི་སྦྲང་ཆར་ཏེ།།
        སྙིང་གི་མཐིལ་ལ་ག་ལེར་བབས།།

        རྩྭ་མགོར་ལྡིང་བའི་བསིལ་བ་ནི།།
        ཁྱེེད་ཀྱི་བརྩེ་བའི་སྤྱན་ཆབ་ཡིན།།
        རི་མགོར་འཚེར་བའི་ཉི་ཟེར་ནི།།
        ཁྱེད་ཀྱི་དུང་བའི་ཁྲ་རྒྱན་ཡིན།།

        རྒས་པའི་གཉེར་མ་རེ་རེ་ཡིས།།
        དགའ་བའི་གཏམ་རྒྱུད་རེ་རེ་བཤད།།
        སྐྲ་ལོའི་ཉག་མ་རེ་རེ་ཡིས།།
        སྐྱོ་བའི་ན་ཟུག་རེ་རེ་བརྗོད།།

        རྒྱ་མཚོ་ཟབ་པའི་ཟབ་ཚད་ཀྱིས།།
        ཨ་མའི་བརྩེ་བ་མཚོན་ཚོད་མིན།།
        གངས་རི་མཐོ་བའི་མཚོ་ཚད་ཀྱིས།།
        ཨ་མའི་དུང་བ་མཚོན་ཚོད་མིན།།

        ངལ་བའི་གོམ་པ་སྤོས་ཤུལ་ན།།
        དཀའ་བའི་རྔུལ་ཆུ་སྙིམ་གང་སྟེ།།
        དེ་ལ་རེ་བའི་རང་འོད་འབར།།
        དེ་ལ་སྨོན་པའི་རང་མདངས་འཚེར།།
 
        ཨ་མ་གླེང་ཞིང་གླེང་བ་ན།།
        ང་རང་ཨ་མའི་གམ་དུ་ཐོན།།
        བཀའ་དྲིན་གླེང་ཞིང་གླེང་བ་ན།།
        ང་རང་ཨ་མའི་པང་དུ་བསླེབས།།

        ལོ་ཡི་མུ་ཁྱུད་མང་པོའི་མཐར།།
        ལུས་ཀྱི་བཅུད་ཀྱིས་གསོས་པའོ།།
        ཟླ་ཡི་འཁོར་བསྐྱོད་མོད་པོའི་བར།།
        བྱམས་པའི་ཕྱག་གིས་སྙོར་བའོ།།

        དཀའ་སྡུག་རི་མོའི་རབ་ཁ་རུ།།
        ཞོ་ལྟར་བསྙལ་ཏེ་ཡོང་བའོ།།
        སྐྱིད་སྡུག་རེས་མོས་རུམ་ཁ་རུ།།
        སྲོག་ལྟར་གཅེས་ཏེ་ཐོན་པའོ།།

        ཨ་མ་དྲན་པའི་དྲན་གདུང་གིས།།
        ཙོང་ཁ་པ་ཡང་བཤུམ་རབས་ཡོད།།
        ཨ་མ་སེམས་པའི་སེམས་གདུང་གིས།།
        ཞབས་དཀར་པ་ཡང་སྐྱོ་རབས་ཡོད།།

        བརྩེ་ཆེན་འོད་ཀྱི་སྣང་བ་ཡིས།།
        མིག་གི་རྣོ་ལྟར་གཅེས་པའོ།།
        ཟླ་མེད་ཐུགས་རྗེའི་སོ་པ་ཡིས།།
        སྲོག་གི་གནད་ལྟར་བསྲུངས་བའོ།།

        ཟས་ཀྱི་བཅུད་དང་གོས་ཀྱི་མཆོག།
        བུ་ཡི་དོན་ལ་བསྔོ་བ་ཡི།།
        ཡུམ་ཆེན་གང་དེའི་ཡ་ཁུངས་སུ།།
        བརྩེ་བའི་ཆུ་ཁོལ་ལྷོག་ལྷོག་གདུ།།

        ས་ལ་གནས་པའི་སེམས་དཔས་ཀྱང་།།
        འདི་ཉིད་མཐོང་ཚེ་ཨ་མ་དྲན།།
        སྒོམ་རྩལ་རྫོགས་པའི་སྒོམ་པས་ཀྱང་།།
        འདི་ཉིད་གསན་ཚེ་ཨ་མ་གླེང་།།

        གང་ཞིག་གང་ལས་ཟད་ན་ཡང་།།
        ཨ་མའི་བརྩེ་བར་ཟད་མཐའ་མེད།།
        ཡོད་ཚད་ཡིད་ནས་བརྗེད་ན་ཡང་།།
        ཨ་མའི་བཀའ་དྲིན་བརྗེད་ཐབས་མེད།།

        ཐ་སྙད་གོག་པོ་ཙམ་ཞིག་གིས།།
        ཅི་ཞིག་ནུས་ཏེ་མི་ནུས་ཀྱང་།།
        མུ་མེད་བརྩེ་བའི་གཙང་འགྲམ་དུ།།
        བརྩེ་བའི་བདག་མོར་སྤྲིངས་བ་ཡིན།།
 
                                   2013 9 2
   ༼ནུས་མེད་ཉམ་ཆུང་ང་རང་མི་ཡུལ་འདིར་བདེ་སྐྱིད་དང་དགའ་བདེའི་ངང་འཚོ་བཞིན་པའི་རྒྱགས་ཕྱེ་དང་བགོ་སྐལ་སྩོལ་མཁན་ཏེ་དྲིན་ཆེ་བའི་ཨ་མ་ལགས་དང་ཨ་ཕྱི་མ་ལགས་ཀྱིས་ཟས་གོས་ཀྱི་ཕུད་བྱིན། གཏམ་ཚིག་གི་རྩེས་མཆོད་པའི་བཀའ་དྲིན་ལས་རྒྱ་མཚོ་ཡི་ཐིགས་པ་ཙམ་དང་། རི་རབ་ཀྱི་རྡུལ་ཕྲན་ཙམ་གཞལ་བའི་ཆེད་དུ་འདི་འདྲ་ཞིག་མ་བཅོས་ངག་གི་ཁུད་དང་། རྟོག་པའི་བར། སེམས་ཀྱི་མཐིལ་ལས་ཤོར་བའོ།། 「གསལ་བཤད།」རྩོམ་འདིའི་ཁ་བྱང་སྔར་གླུ་ཚིག་ཅིག་ཏུ་ཐོས་པའམ་རྩོམ་ཡིག་ཅིག་ལས་མཐོང་བ་གང་ཡིན་ཆ་མ་འཚལ་མོད། འདི་ཉིད་གཞན་གྱི་ཡིན་སྙམ་པའི་དོགས་པ་དང་བཅས་བདག་པོ་ཡོད་ཚེ་གཡར་ཞུ་བྱས་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲིན་ཕ་མ་ཉི་ཟླའི་ཡན་ཞིག་ཡིན།

2013-09-04 ཞོགས་འོད། ཀློག་གྲངས། མཆན ཡོད།

 

 

        འདི་ནི་བྱམས་བརྩེའི་གཟི་བྱིན་ཏེ།།
        ཡིད་ཀྱི་ངོས་ལ་དལ་གྱིས་སིམས།།
        འདི་ནི་སྤོབས་པའི་སྦྲང་ཆར་ཏེ།།
        སྙིང་གི་མཐིལ་ལ་ག་ལེར་བབས།།

        རྩྭ་མགོར་ལྡིང་བའི་བསིལ་བ་ནི།།
        ཁྱེེད་ཀྱི་བརྩེ་བའི་སྤྱན་ཆབ་ཡིན།།
        རི་མགོར་འཚེར་བའི་ཉི་ཟེར་ནི།།
        ཁྱེད་ཀྱི་དུང་བའི་ཁྲ་རྒྱན་ཡིན།།

        རྒས་པའི་གཉེར་མ་རེ་རེ་ཡིས།།
        དགའ་བའི་གཏམ་རྒྱུད་རེ་རེ་བཤད།།
        སྐྲ་ལོའི་ཉག་མ་རེ་རེ་ཡིས།།
        སྐྱོ་བའི་ན་ཟུག་རེ་རེ་བརྗོད།།

        རྒྱ་མཚོ་ཟབ་པའི་ཟབ་ཚད་ཀྱིས།།
        ཨ་མའི་བརྩེ་བ་མཚོན་ཚོད་མིན།།
        གངས་རི་མཐོ་བའི་མཚོ་ཚད་ཀྱིས།།
        ཨ་མའི་དུང་བ་མཚོན་ཚོད་མིན།།

        ངལ་བའི་གོམ་པ་སྤོས་ཤུལ་ན།།
        དཀའ་བའི་རྔུལ་ཆུ་སྙིམ་གང་སྟེ།།
        དེ་ལ་རེ་བའི་རང་འོད་འབར།།
        དེ་ལ་སྨོན་པའི་རང་མདངས་འཚེར།།
 
        ཨ་མ་གླེང་ཞིང་གླེང་བ་ན།།
        ང་རང་ཨ་མའི་གམ་དུ་ཐོན།།
        བཀའ་དྲིན་གླེང་ཞིང་གླེང་བ་ན།།
        ང་རང་ཨ་མའི་པང་དུ་བསླེབས།།

        ལོ་ཡི་མུ་ཁྱུད་མང་པོའི་མཐར།།
        ལུས་ཀྱི་བཅུད་ཀྱིས་གསོས་པའོ།།
        ཟླ་ཡི་འཁོར་བསྐྱོད་མོད་པོའི་བར།།
        བྱམས་པའི་ཕྱག་གིས་སྙོར་བའོ།།

        དཀའ་སྡུག་རི་མོའི་རབ་ཁ་རུ།།
        ཞོ་ལྟར་བསྙལ་ཏེ་ཡོང་བའོ།།
        སྐྱིད་སྡུག་རེས་མོས་རུམ་ཁ་རུ།།
        སྲོག་ལྟར་གཅེས་ཏེ་ཐོན་པའོ།།

        ཨ་མ་དྲན་པའི་དྲན་གདུང་གིས།།
        ཙོང་ཁ་པ་ཡང་བཤུམ་རབས་ཡོད།།
        ཨ་མ་སེམས་པའི་སེམས་གདུང་གིས།།
        ཞབས་དཀར་པ་ཡང་སྐྱོ་རབས་ཡོད།།

        བརྩེ་ཆེན་འོད་ཀྱི་སྣང་བ་ཡིས།།
        མིག་གི་རྣོ་ལྟར་གཅེས་པའོ།།
        ཟླ་མེད་ཐུགས་རྗེའི་སོ་པ་ཡིས།།
        སྲོག་གི་གནད་ལྟར་བསྲུངས་བའོ།།

        ཟས་ཀྱི་བཅུད་དང་གོས་ཀྱི་མཆོག།
        བུ་ཡི་དོན་ལ་བསྔོ་བ་ཡི།།
        ཡུམ་ཆེན་གང་དེའི་ཡ་ཁུངས་སུ།།
        བརྩེ་བའི་ཆུ་ཁོལ་ལྷོག་ལྷོག་གདུ།།

        ས་ལ་གནས་པའི་སེམས་དཔས་ཀྱང་།།
        འདི་ཉིད་མཐོང་ཚེ་ཨ་མ་དྲན།།
        སྒོམ་རྩལ་རྫོགས་པའི་སྒོམ་པས་ཀྱང་།།
        འདི་ཉིད་གསན་ཚེ་ཨ་མ་གླེང་།།

        གང་ཞིག་གང་ལས་ཟད་ན་ཡང་།།
        ཨ་མའི་བརྩེ་བར་ཟད་མཐའ་མེད།།
        ཡོད་ཚད་ཡིད་ནས་བརྗེད་ན་ཡང་།།
        ཨ་མའི་བཀའ་དྲིན་བརྗེད་ཐབས་མེད།།

        ཐ་སྙད་གོག་པོ་ཙམ་ཞིག་གིས།།
        ཅི་ཞིག་ནུས་ཏེ་མི་ནུས་ཀྱང་།།
        མུ་མེད་བརྩེ་བའི་གཙང་འགྲམ་དུ།།
        བརྩེ་བའི་བདག་མོར་སྤྲིངས་བ་ཡིན།།
 
                                   2013 9 2
   ༼ནུས་མེད་ཉམ་ཆུང་ང་རང་མི་ཡུལ་འདིར་བདེ་སྐྱིད་དང་དགའ་བདེའི་ངང་འཚོ་བཞིན་པའི་རྒྱགས་ཕྱེ་དང་བགོ་སྐལ་སྩོལ་མཁན་ཏེ་དྲིན་ཆེ་བའི་ཨ་མ་ལགས་དང་ཨ་ཕྱི་མ་ལགས་ཀྱིས་ཟས་གོས་ཀྱི་ཕུད་བྱིན། གཏམ་ཚིག་གི་རྩེས་མཆོད་པའི་བཀའ་དྲིན་ལས་རྒྱ་མཚོ་ཡི་ཐིགས་པ་ཙམ་དང་། རི་རབ་ཀྱི་རྡུལ་ཕྲན་ཙམ་གཞལ་བའི་ཆེད་དུ་འདི་འདྲ་ཞིག་མ་བཅོས་ངག་གི་ཁུད་དང་། རྟོག་པའི་བར། སེམས་ཀྱི་མཐིལ་ལས་ཤོར་བའོ།། 「གསལ་བཤད།」རྩོམ་འདིའི་ཁ་བྱང་སྔར་གླུ་ཚིག་ཅིག་ཏུ་ཐོས་པའམ་རྩོམ་ཡིག་ཅིག་ལས་མཐོང་བ་གང་ཡིན་ཆ་མ་འཚལ་མོད། འདི་ཉིད་གཞན་གྱི་ཡིན་སྙམ་པའི་དོགས་པ་དང་བཅས་བདག་པོ་ཡོད་ཚེ་གཡར་ཞུ་བྱས་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།