ཆོ་འཕྲུལ་སྨོན་ལམ་ཆེན་མོར་བྲིས་པའི་སྙན་ངག


རེ་བའི་གསེར་འོད་གངས་ལ་དཔར་བ་ཞིག།
མུ་ཏིག་དམར་པོ་སོ་འཕྲེང་བསྒྲིགས་པ་ཞིག།
ལྷ་ཆེན་ངོ་སོ་བསྟོད་པའི་འཛུམ་དཀར་ཞིག།
བསྐལ་བའི་ཁུགས་སོ་འདི་ན་འོད་ཀྱིས་བཞད།།

འདི་ནི་ལམ་ལམ་བཞད་བའི་འོད་དཀར་དང་།།
མཚུངས་ཀྱང་མ་ཡིན་ས་ཆེན་སེམས་དཔའི་ཁྱུ།།
གཏན་ནས་གཏན་དུ་བདེ་བའི་རོལ་རྩེད་ཀྱང་།།
སྟོང་ཆེན་དབྱིངས་ན་ལྡེམ་མྱུར་ངང་གིས་འཕྱོ།།

སྒྱུ་མ་རྗེན་པར་བཏོན་པའི་ལྟད་མོ་གཅིག།
སྣང་སྲིད་དབྱིངས་སུ་ལེན་པའི་ཀི་རིང་གཉིས།།
རྟེན་འབྱུང་རི་མོར་ཕབས་པའི་ཟློས་གར་སོཊ།།
ཅི་དགར་བསྟར་ཕྲེང་སྒྲིག་པའི་ཉམས་འདི་མཛེས།།

ཐོས་བསམ་འདོམ་ལ་འཇལ་བའི་སྙིང་རུས་ཀྱིས།།
བྱིན་རླབས་རྒྱང་ལ་འཕུར་བའི་གཟི་བྱིན་དེར།།
སྔོན་མེད་ཟླ་བའི་ཆོས་རིག་འཛུམ་སོ་ཞེས།།
གྲགས་པ་ས་གསུམ་ཁྱོན་ནས་སྒྲོག་ལ་ལྟོས།།

འདི་ནི་བདག་གི་སེམས་ཀྱི་འོད་ཅིག་ཡིན།།
འོད་ལ་རེ་བའི་མདངས་ཞིག་འབར་ནས་གདའ།།
འདི་ནི་བདག་གི་སེམས་ཀྱི་སྨོན་ལམ་སྟེ།།
སྨོན་ལམ་ཅི་དགར་བཞིན་དུ་གྲུབ་ནས་འདུག།

ཐུགས་རྗེ་ཆེ་འོ་ཟླ་གྲོགས་འཕགས་པའི་སྡེ།།
མཛད་འཕྲིན་དཀར་པོས་སྲིད་གསུམ་ཁྱབ་པར་ཤོག།
ཁྱབ་ནས་མུན་གླིང་ཆོས་ལ་བཀོད་གྱུར་ཅིག།
བཀོད་ནས་རྒྱལ་ཁབ་ཞི་བདེས་འཚོ་བར་ཤོག།

རྩོམ་འདི་ཀློག་གམ་ཐོས་བསམ་དྲན་པས་ཀྱང་།།
རྒྱལ་བསྟན་འཛིན་པའི་སྐྱེས་བུ་ཉིད་གྱུར་ཅིག།
སྨོད་དང་འཕྱར་ཀ་གཏོང་བའི་སྐྱེ་བོ་འང་།།
ཆོས་ལ་བརྩེ་བའི་བློ་སེམས་འཕེལ་བར་ཤོག།
  
   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆོ་འཕྲུལ་སྨོན་ལམ་ཆེན་མོར་བྲིས་པའི་སྙན་ངག

2014-09-14 སེར་ཤུལ་ལྷ་ཕྲུག ཀློག་གྲངས། མཆན ཡོད།


རེ་བའི་གསེར་འོད་གངས་ལ་དཔར་བ་ཞིག།
མུ་ཏིག་དམར་པོ་སོ་འཕྲེང་བསྒྲིགས་པ་ཞིག།
ལྷ་ཆེན་ངོ་སོ་བསྟོད་པའི་འཛུམ་དཀར་ཞིག།
བསྐལ་བའི་ཁུགས་སོ་འདི་ན་འོད་ཀྱིས་བཞད།།

འདི་ནི་ལམ་ལམ་བཞད་བའི་འོད་དཀར་དང་།།
མཚུངས་ཀྱང་མ་ཡིན་ས་ཆེན་སེམས་དཔའི་ཁྱུ།།
གཏན་ནས་གཏན་དུ་བདེ་བའི་རོལ་རྩེད་ཀྱང་།།
སྟོང་ཆེན་དབྱིངས་ན་ལྡེམ་མྱུར་ངང་གིས་འཕྱོ།།

སྒྱུ་མ་རྗེན་པར་བཏོན་པའི་ལྟད་མོ་གཅིག།
སྣང་སྲིད་དབྱིངས་སུ་ལེན་པའི་ཀི་རིང་གཉིས།།
རྟེན་འབྱུང་རི་མོར་ཕབས་པའི་ཟློས་གར་སོཊ།།
ཅི་དགར་བསྟར་ཕྲེང་སྒྲིག་པའི་ཉམས་འདི་མཛེས།།

ཐོས་བསམ་འདོམ་ལ་འཇལ་བའི་སྙིང་རུས་ཀྱིས།།
བྱིན་རླབས་རྒྱང་ལ་འཕུར་བའི་གཟི་བྱིན་དེར།།
སྔོན་མེད་ཟླ་བའི་ཆོས་རིག་འཛུམ་སོ་ཞེས།།
གྲགས་པ་ས་གསུམ་ཁྱོན་ནས་སྒྲོག་ལ་ལྟོས།།

འདི་ནི་བདག་གི་སེམས་ཀྱི་འོད་ཅིག་ཡིན།།
འོད་ལ་རེ་བའི་མདངས་ཞིག་འབར་ནས་གདའ།།
འདི་ནི་བདག་གི་སེམས་ཀྱི་སྨོན་ལམ་སྟེ།།
སྨོན་ལམ་ཅི་དགར་བཞིན་དུ་གྲུབ་ནས་འདུག།

ཐུགས་རྗེ་ཆེ་འོ་ཟླ་གྲོགས་འཕགས་པའི་སྡེ།།
མཛད་འཕྲིན་དཀར་པོས་སྲིད་གསུམ་ཁྱབ་པར་ཤོག།
ཁྱབ་ནས་མུན་གླིང་ཆོས་ལ་བཀོད་གྱུར་ཅིག།
བཀོད་ནས་རྒྱལ་ཁབ་ཞི་བདེས་འཚོ་བར་ཤོག།

རྩོམ་འདི་ཀློག་གམ་ཐོས་བསམ་དྲན་པས་ཀྱང་།།
རྒྱལ་བསྟན་འཛིན་པའི་སྐྱེས་བུ་ཉིད་གྱུར་ཅིག།
སྨོད་དང་འཕྱར་ཀ་གཏོང་བའི་སྐྱེ་བོ་འང་།།
ཆོས་ལ་བརྩེ་བའི་བློ་སེམས་འཕེལ་བར་ཤོག།
  
   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།