རི་མོའི་ངོས།

གྲི་ཐུང་།༼རྨ་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-08-11

 

          ༡༽
མེ་ཏོག་དག་ནི་འདབ་མ་འཕྱིང་བའི་ཆུ་རྫིང་ལ།།
སྨད་གཡོག་རི་མོ་ཁད་ཀྱིས་ནེམ་པའི་མདུད་པ་གྲོལ།།
ཆུ་ཡི་མགྲིན་པ་དཔུང་བ་གཤིབ་སྟེ་འཁྱིལ་བ་ཡི།།
བརླ་ཡི་བུམ་པའི་ནང་རོལ་ཐིགས་པ་གདོང་ག་རྒྱག།

          ༢༽
སོར་རྩེའི་རོལ་མོ་གཅིག་ཏུ་འདྲེས་པའི་སྨུག་པའི་རོ།།
སྣང་བའི་ཤེལ་ཁྲར་རླངས་པའི་རི་དྭགས་རྒྱུ་བའི་མོད།།
ཟེ་འུ་ཁ་འབུས་གློ་དམར་མཆུ་སྒྲོས་བསྲིང་བ་དང་།།
ཕྱེ་ལེབ་ཁྲ་བོ་ཕྱི་ནང་འཇགས་པའི་སྟོང་བར་ཐོགས།།
           ༣༽
མིད་པ་བརྣངས་བའི་དབུགས་ཀྱི་སོ་ཁ་ངར་བ་ལས།།
མཁུར་ཚོས་ལྡག་པའི་མེ་ལྕེའི་མཆུ་ཏོ་དམར་བོ་དྲོས།།
སྣང་བ་ཟ་ཟིའི་སྡིངས་ཆར་སྨིན་པའི་སིལ་ཏོག་ཆ།།
མྱོང་འདོད་ཤམ་བུའི་འདབ་ཁ་ཆུ་ཡིས་སྦངས་ཏེ་འཐེན།།

                   ༼རྩོམ་ཐུང་འདི་ནི་ཨ་རིའི་བུད་མེད་རི་མོ་བ་ལའོ་ལིས་པུའུ་ལན་ཁི་(劳里.比兰克)ཡི་རི་མོའི་བརྩམས་ཆོས་ཤིག་གི་བཀླགས་ཚོར་ཡིན།༽

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་མོའི་ངོས།

2014-08-11 གྲི་ཐུང་།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

 

          ༡༽
མེ་ཏོག་དག་ནི་འདབ་མ་འཕྱིང་བའི་ཆུ་རྫིང་ལ།།
སྨད་གཡོག་རི་མོ་ཁད་ཀྱིས་ནེམ་པའི་མདུད་པ་གྲོལ།།
ཆུ་ཡི་མགྲིན་པ་དཔུང་བ་གཤིབ་སྟེ་འཁྱིལ་བ་ཡི།།
བརླ་ཡི་བུམ་པའི་ནང་རོལ་ཐིགས་པ་གདོང་ག་རྒྱག།

          ༢༽
སོར་རྩེའི་རོལ་མོ་གཅིག་ཏུ་འདྲེས་པའི་སྨུག་པའི་རོ།།
སྣང་བའི་ཤེལ་ཁྲར་རླངས་པའི་རི་དྭགས་རྒྱུ་བའི་མོད།།
ཟེ་འུ་ཁ་འབུས་གློ་དམར་མཆུ་སྒྲོས་བསྲིང་བ་དང་།།
ཕྱེ་ལེབ་ཁྲ་བོ་ཕྱི་ནང་འཇགས་པའི་སྟོང་བར་ཐོགས།།
           ༣༽
མིད་པ་བརྣངས་བའི་དབུགས་ཀྱི་སོ་ཁ་ངར་བ་ལས།།
མཁུར་ཚོས་ལྡག་པའི་མེ་ལྕེའི་མཆུ་ཏོ་དམར་བོ་དྲོས།།
སྣང་བ་ཟ་ཟིའི་སྡིངས་ཆར་སྨིན་པའི་སིལ་ཏོག་ཆ།།
མྱོང་འདོད་ཤམ་བུའི་འདབ་ཁ་ཆུ་ཡིས་སྦངས་ཏེ་འཐེན།།

                   ༼རྩོམ་ཐུང་འདི་ནི་ཨ་རིའི་བུད་མེད་རི་མོ་བ་ལའོ་ལིས་པུའུ་ལན་ཁི་(劳里.比兰克)ཡི་རི་མོའི་བརྩམས་ཆོས་ཤིག་གི་བཀླགས་ཚོར་ཡིན།༽

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།