བསྟན་པའི་སྲོག་གི་རྩ་བ་སྟེ་བརྒྱད་པའི་ཐུགས་ཀྱི་ཆ་ཙམ་བརྗོད་པ་ལྷག་བསམ་ཀེ་ཏ་ཀའི་ཕྲེང་གི་ཚོམ་བུ་དམར་པོ།

རྩེ་སྐྱེས་རིག་པའི་རྣོ་གྲི། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-07-24

བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ལྷུན་གྲུབ་ཆོས་སྐུའི་གོ་ཆ་ཅན། །
སྐལ་བཟང་སྐྱེས་བུ་སྟོང་གི་མིག་འབྱེད་དོན་གཉིས་ལྡན་པའི་བཅོམ་ལྡན་འདས། །
དད་གསུམ་ལྷུག་བརྗོད་སྤྲིན་གྱི་སྒྲ་དབྱངས་ཆོས་རྒྱལ་བདུད་ལ་མ་དབང་པར། །
སྲིད་གསུམ་འཛིན་མའི་གར་དུ་རྩེན་ཞོར་གུས་ཕྱག་ཁོ་བོའི་སྙིང་ནས་འཚལ། །

གཞུང་བཟང་རྒྱ་མཚོའི་རྦ་རླབས་དོན་པོ་མུ་སྟེགས་བྱིས་པའི་སྙིང་ལ་ཟེགས། །
ཀུན་གྱི་སྒྲིབ་གཉིས་དུག་གི་དྲི་ཆབ་དྲུངས་ནས་སྦྱིན་ལ་གཉེན་གཅིག་ཀྱེ། །
གངས་ཅན་མཁས་པའི་ཏོག་གི་རྒྱན་གྱུར་ཁམས་གསུམ་བླ་མ་ཙོང་ཁ་པར། །
ལག་ཟུང་སྙིང་གི་དཀྱིལ་ལ་སྦྱར་ཏེ་བླུན་རྨོངས་པ་ངས་ཕྱག་གསུམ་འཚལ། །
 
སྟོང་ཉིད་ཟབ་མོའི་ཞི་བདེའི་འོད་ཕུང་སྟོང་གསུམ་ཁམས་ན་དཔལ་དུ་འབར། །
ལུང་རྟོགས་བསྟན་པའི་སྲོག་ཤིང་གཅིག་པུ་རྩ་བའི་བླ་མའི་ཐུགས་ཀྱི་དྲུངས། །
ལྷག་བསམ་ཚིག་གི་སྡེབ་སྦྱོར་དང་བསྟུན་སྙན་ཚིག་སྙིང་གི་དྲིལ་ཆུང་འདི། །
བརྡུང་ལ་རབ་འདེགས་རབ་ཏུ་མཛོད་དང་རབ་དཀར་ལྷ་མོ་དབྱངས་ཅན་མ། །
 
ལྷ་ཡི་དག་བྱེད་ལྷ་ཆབ་སྔོན་མོ་ལྷུག་ལྷུག་གསེར་རིའི་འགྲམ་ན་ཡལ། །
སྐུ་ཡི་དངོས་གྲུབ་ཆར་ཆེན་ཤག་ཤག་རྩེ་མོ་ཐང་གི་ངོས་ལ་བབས། །
མཐུན་སྒྲིལ་ཨ་ལོང་གཅིག་ཏུ་སྒྲིལ་བའི་མགོན་ཤུལ་ཚོ་བཅུའི་སྦྲ་ཁྱིམ་ནས། །
ཁྱེད་ཀྱི་སྐུ་གཟུགས་མིའི་གར་སྤྲུལ་བའི་གཏམ་རྒྱུད་གསེར་གྱི་ཐང་ག་འཕགས། །
 
ཡང་དག་ལུང་རིགས་འདབ་བརྒྱའི་ཚལ་ཆེན་སྲིད་པ་གསུམ་གྱི་ཀློང་ན་རྒོད། །
ངོ་མཚར་དོན་གྱི་འཛུམ་དཀར་སྣ་ཚོགས་སྣ་མང་མཁས་པའི་རྒྱན་དུ་འབར། །
སྐྱེས་པའི་ཐོབ་པའི་གྲུ་རྫིངས་དམར་པོ་སྦྱོར་བྱུང་རླུང་གིས་ཉེར་བསྐུལ་བས། །
ལུགས་གཉིས་འབྱེད་པའི་ཤེས་རབ་རྨད་བྱུང་ཤེས་རབ་ལྷ་ཡིས་སྔོན་ནས་བསྩལ། །
 
འོན་ཀྱང་འགྲོ་ཀུན་སྒྲིབ་གཉིས་དུག་གིས་རབ་ཏུ་མནར་ལ་གཟིགས་པའི་ཕྱིར། །
བསྟན་པའི་སྙིང་བོ་འཚེ་མེད་ཞི་བདེའི་དངུལ་གྱི་འོད་ཞགས་མ་ལུས་པར། །
ཆོས་མེད་འགྲོ་བའི་མགོན་པོ་ཉིད་ཀྱིས་ཤི་གསོན་འགྲོ་བ་ཐམས་ཅད་ལ། །
སྐུ་གསུམ་གོ་ཆས་མཛད་འཕྲིན་བསྟན་པའི་སྙིང་བོ་ཉུང་ཞིག་ཁོ་བོས་འབྲི། །
 
 མདོ་སྨད་ཡུལ་ལ་ལུང་རིགས་གཏེར་གྱི་མཛོད་གྲགས་བཀྲ་ཤིས་ཆོས་གླིང་ནས། །
ཀུན་སྤྱོད་མུ་ཏིག་བུ་མོའི་གཅེར་ནོར་རྒྱན་བྱས་མདོ་ཕྱོགས་བཀའ་པོད་ལྔར། །
ཤིན་སྦྱངས་མཛད་བསྟན་མཁས་སྟོང་པདྨའི་ཡིད་མོས་བཀུག་པའི་འཇུག་གི་མཐར། །
ཕ་རོལ་ཕྱིན་པའི་རམ་འབྱམས་དམ་བཅའ་བླ་བྲང་མཁས་མང་དབུས་ནས་བཞག།།
 
ཁ་བ་དཀར་པོ་འགོག་ཐབས་མེད་པར་མཁའ་རུ་བབས་པའི་བཤད་སྲོལ་བཞིན། །
མ་བོས་མཁས་མང་མགྲོན་དུ་ཕེབས་ནས་གཞུང་ལུགས་ཆུ་གཏེར་ཆེན་པོ་ལ། །
དོན་གཉིས་འབྱེད་པའི་མིག་ཟུང་ཅེར་བྱའི་གནས་དགོན་བཀྲ་ཤིས་ཆོས་གླིང་ནས། །
དམ་པ་ཁྱེད་ཀྱིས་འགྲོ་བའི་མགོན་སྟེ་པཎ་ཆེན་བླ་མར་ཞབས་ཕྱི་བསྒྲུབས། །
 
འཛམ་གླིང་འཛིན་མའི་གཟུགས་རིས་ངོས་ན་སྙན་པའི་གྲགས་པ་མཁའ་རུ་འབར། །
ཁམས་གསུམ་བོད་མི་ཀུན་གྱི་སྙིང་ནོར་ཀུན་གཟིགས་པཎ་ཆེན་ཆོས་རྒྱལ་ནས། །
ཁྱེད་ལ་བསྔགས་པའི་གསེར་གྱི་རྣ་ལུང་གསེར་ལྗོངས་བུ་མོའི་རྒྱན་དུ་བླངས། །
འདི་ཡང་རྩ་བའི་བླ་མ་ཁྱེད་ལས་གཞན་གྱིས་བསམ་ན་འཁྲུལ་བའི་གར། །
 
ཐུགས་ཀྱི་བྱིན་རླབས་རླབས་ཀྱི་ཟེགས་མ་དགོང་སྔོན་སྤྲིན་གྱི་གསང་ལ་འདྲེས། །
ཐབས་ཀྱི་ཚད་མ་ལྷུན་གྱིས་འགྲུབ་པས་གཞན་གྱིས་སྟོན་ཡང་མི་དགོས་ལ། །
རྣམ་ཀུན་མཁྱེན་པའི་ཀུན་མཁྱེན་བླ་མའི་རིང་ལུགས་གཡུ་ཡི་འབེལ་གཏམ་ཡང་། །
དབེན་གནས་ཐུབ་བསྟན་ཆོས་འཁོར་གླིང་ལ་སྲོལ་འབྱེད་བླ་མ་ཁྱེད་མིན་སུ། །
 
ཝ་སྐྱེས་ལ་ནི་སེང་གེར་སྣང་བའི་འཁྲུལ་རྨོངས་ཅན་གྱི་གྲྭ་རིགས་ཚོགས། །
པདྨའི་མཚོ་ལ་ངང་མོ་འདུ་བཞིན་འགར་དགོན་ཆོས་ཀྱི་དགའ་ཚལ་ལ། །
བློ་གཉིས་མེད་པར་ངེས་འབྱུང་གོ་ཆས་ངེས་ཤེས་དྲངས་ཏེ་བཞུགས་ཉིན་ནས། །
འགར་སྟོན་བརྒྱད་པའི་བསྟན་དོན་ཉི་འོད་མུན་ནག་ཀློང་ནས་འོད་དུ་འབར། །
 
ངུར་སྨྲིག་གར་གྱི་རྣམ་རོལ་དྭངས་གཙང་བསླབ་གསུམ་ཤེལ་དཀར་ཕྲེང་བ་ལ། །
ཕྱོགས་ཀྱི་མཁས་སྟོང་བདེན་པའི་ཚོགས་ཀྱིས་ལྷག་བསམ་དཀར་པོ་བདྨའི་ཚོམ། །
ཐུབ་བསྟན་ཆོས་ཀྱི་དགའ་ཚལ་འདི་ལ་མ་བསྐུལ་གཏོང་བའི་གཏམ་རྒྱུད་ཀྱང་། །
མདོ་སྨད་ཡུལ་གྱི་ཡུལ་ལྗོངས་སྔོན་མོར་གདན་དུ་བཏིང་ཡང་རྫོགས་ཐབས་དབེན། །
 
ལན་གཅིག་མཐོང་བའི་ཐར་བའི་ལམ་ལ་ཡིད་སེམས་འདྲེན་པའི་ནུས་སྟོབས་ཅན། །
མཚན་ཙམ་སྨྲས་པའི་སྲིད་པའི་རང་མཚང་བློ་རུ་འཆར་བའི་བྱིན་རླབས་ཅན། །
སྐྱབས་སུ་སོང་ན་གཏན་གྱི་བདེ་བ་འབད་མེད་འགྲུབ་པའི་མགོན་པོ་ཀྱེ། །
ཁྱེད་སྐུ་མེ་ཏོག་གསེར་གཞོང་སོར་པོ་རྟག་ཏུ་བརྟན་ན་བསྟན་འགྲོའི་རྒྱན། །
 
དུས་ཀྱི་གླིང་བུ་མགྲིན་ལ་ཐོག་དུས་ཐོག་མེད་སྙིགས་དུས་སྐྱེ་འགྲོའི་ཚོགས།།
སྲིད་ལེན་སྒེག་མོའི་ཉམས་འགྱུར་སྒེག་པས་ཚེ་འདིའི་བདེ་བ་ཙམ་ལ་ཞེན།།
གང་ཡོད་དེ་དག་རྨད་དུ་བྱུང་བའི་ས་བཅུ་ལམ་ལྔའི་ཐེམ་རིམ་ལ།།
ཉེ་བར་འགོད་ལ་རྒྱས་སྲས་དཔའ་བོ་ཁྱེད་ནི་ཆོས་དཔལ་ཀློང་ན་བཞུགས།།
 
མང་དུ་ཐོས་པ་གཞུང་བཟང་ཕྲེང་གི་མགུལ་རྒྱན་ངོམས་མེད་བཙལ་བས་མཁས།།
ཐོས་དོན་ཟབ་མོ་ཐུབ་པའི་བཀའ་བཞིན་བྲལ་མེད་རྒྱུད་ལ་སྦྱར་བས་བཙུན།།
བྱས་དོན་ཀུན་ཀྱང་བསྟན་འགྲོའི་དོན་དུ་ཉིན་དང་མཚན་མེད་བསྔོ་བས་བཟང་།།
མཁས་བཙུན་བཟང་གསུམ་བསྟན་པའི་སྲོག་ཤིང་ད་ཆ་ཁྱེད་ལས་གཞན་དུ་གང་།།
 
མདོར་ན་ཡབ་རྗེ་བླ་མའི་གསུང་རབ་དྲི་མེད་དྲིལ་བུ་སེར་བོ་ཡང་།།
གནས་འདིར་བརྡུང་ལ་ཟླ་མེད་རྣམ་དཔྱོད་རྩལ་རྫོགས་ང་ཡི་བླ་མ་ལས།།
གཞན་དུ་སྣང་ཡང་མ་ངེས་ཙམ་ལས་དཔྱད་པའི་དཔྱོད་ཤེས་མ་རྙེད་པས།།
ཟམ་མོ་ཆོས་ཀྱི་སྙིང་བོ་འདོད་ན་མདོ་སྨད་འགར་དགོན་ཡུལ་ལ་ཕེབས།།
 
བསྟན་པའི་སྣང་བྱེད་འགར་སྟོན་བརྒྱད་པའི་བསྟན་པ་རྒྱས་ཤིང་འགྲོ་བ་འཕེལ།།
བསྟན་འཛིན་བློ་གསལ་རྐང་དྲུག་ཚོགས་ཀྱིས་སྣ་མང་ཤེས་བྱའི་མེ་ཏོག་བཏུས།།
བསྟན་དོན་མི་ནུབ་རྒྱལ་མཚན་སྔོན་པོ་གཞན་གྱིས་བསྔགས་པའི་ལྷ་དར་ཞིག།།
བསྟན་དང་སྟོན་པའི་རིང་ལུགས་འོད་འབར་འོད་ཀྱིས་རྒྱན་པ་བདག་གི་མགོན།།
 
ཁྱེད་ནི་བསྟན་དང་སྟོན་པའི་རྒྱབ་ཀྱི་རླུང་རྟའི་སྲོག་ཤིང་དམར་པོ་སྟེ།།
ཁྱེད་ནི་འགྲོ་བའི་དད་པའི་མིག་ཟུང་འགུག་པའི་ཡིད་འཕྲོག་མགོན།།
ཁྱེད་ཀྱི་མཛད་འཕྲིན་གསེར་གྱི་ཨ་ལུང་སྙིགས་དུས་སྲིད་པའི་གྲོང་ན་མཛེས།།
ཁྱེད་ནི་བླ་མེད་རྒྱལ་བ་གཉིས་པའི་རིང་ལུགས་འཛིན་པའི་དེད་དཔོན་ཡིན།།
 
དོན་དང་དོན་མིན་རྣམ་པར་འབྱེད་ལ་རྣམ་དཔྱོད་བློ་གྲོས་འབད་མེད་ཐེག།།
དུག་གསུམ་རྒོད་པོའི་གྲང་རླུང་ཧྲག་ལ་མཆེད་པའི་བྱིན་རླབས་གཞོམ་མེད་དེ།།
སད་ཀྱིས་མ་བཅོམ་བདེན་གཏམ་ངོས་ལ་འབེལ་གཏམ་སེང་གེའི་གཡུ་རལ་བཞིན།།
རྟོག་མེད་རིག་གྲོལ་གཉིས་ལྡན་མགོན་པོ་མཁས་བརྒྱའི་དབུས་ན་རབ་ཏུ་འཕགས།།
 
རྣམ་རྟོག་གླག་གི་གཤོག་ཟུང་ངོས་ནས་སྣ་མང་ཤེས་བྱའི་དོན་ཀུན་ལ།།
རིགས་པ་ཙམ་གྱིས་དཔྱོད་པར་བྱེད་པའི་དེང་དུས་བླ་སྤྲུལ་མང་མོད་ཀྱི།།
འདུལ་ཁྲིམས་ཚུལ་བཞིན་སྲུང་བར་བྱེད་པའི་རྣམ་དག་མགོན་པོ་དངོས་མ་ཞིག།།
བདག་ཡིད་མ་དག་རྐྱེན་གྱིས་མིན་ན་མགོན་པོ་ཁྱེད་ལས་མཐོང་ཐབས་དབེན།།
 
ངོ་མཚར་རིག་པའི་དབང་བོའི་གདན་སར་སྨྲ་བ་མཆོག་གི་བརྟུལ་ཞུགས་འཛིན།།
སྙན་པའི་བ་དན་ཁམས་གསུམ་གཟུར་གནས་སྐྱེས་བུ་དག་གིས་ཕྱག་ནས་བསྒྲེང་།།
ཚོགས་གཉིས་འོ་མཚོ་ཡོངས་སུ་འཁྱིལ་བའི་ཡོངས་ཀྱི་མགོན་པོ་འགར་མིང་བར།།
ས་སྟེང་འདི་ཡི་གནས་ལུགས་འཚོལ་བའི་སེམས་དཔའ་ཀུན་གྱི་སྨོན་པའི་ཡུལ།།
 
ཁྱེད་ནི་སྟོན་དུས་སྟོང་གསུམ་ཁམས་ལ་ལྷུང་བའི་སྟོན་ལོ་འདབ་བརྒྱད་ཅན།།
ཁྱེད་ནི་དགུན་དུས་རྒུད་པའི་གྲོང་ལ་གལ་བའི་དགུན་ཆང་མངར་དྲི་ཅན།།
ཁྱེད་ནི་དབྱར་དུས་དབྱངས་ཅན་ལྷ་མོའི་དབྱངས་ཀྱིས་རྒྱན་པའི་ཀེ་ཏ་ཀ།།
ཁྱེད་ནི་རྒྱལ་ཀུན་དུས་གསུམ་མཁྱེན་པས་ང་ཚོར་གནང་བའི་ཐུབ་དབང་ཡིན།།
 
ཀླུ་སྒྲུབ་དགོངས་པ་ཟབ་བརླིང་རིན་ཆེན་ཟབ་དོན་དབུ་མའི་སྙིང་བོ་ཀུན།།
དཔྱད་པའི་མེ་ལོང་ཟླ་ཤེལ་རབ་རྣོ་རབ་འཕྲོས་མ་ལུས་ཡོངས་སུ་མཁྱེན།།
ཕྲ་ཞིབ་རིག་པའི་གད་རྒྱངས་ཆེན་པོ་ཕྱོགས་སུ་མ་སོང་བསྟན་པ་ལ།།
མདོ་མེད་ཡུལ་འདིར་སྔོན་མེད་བསྟན་དོན་སྣ་ཚོགས་གསེར་གྱི་ཐང་ག་བརྡལ།།
 
ལོག་སྨྲ་ཚར་གཅོད་ཆོས་ཀྱི་འཁོར་ལོ་ཡོངས་རྗོགས་སྐྱེས་མཆོག་རྟོག་གེ་བ།།
རྨད་བྱུང་མཆོད་སྤྲིན་འོད་ཀྱི་མེ་ཏོག་འཛིན་མའི་ཁྱོན་ལ་རྟག་བཞད་པས།།
འགར་དགོན་བསྟན་པའི་ཉི་འོད་ཀུན་འཕྲོ་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་མཛོད།།
ཚད་མའི་སྐྱེས་བུ་ཉིད་ཀྱི་རིང་ལ་རིང་ལུགས་ཀླུ་ཐོག་དབྱིག་གཉེན་མཚུངས།།

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྟན་པའི་སྲོག་གི་རྩ་བ་སྟེ་བརྒྱད་པའི་ཐུགས་ཀྱི་ཆ་ཙམ་བརྗོད་པ་ལྷག་བསམ་ཀེ་ཏ་ཀའི་ཕྲེང་གི་ཚོམ་བུ་དམར་པོ།

2014-07-24 རྩེ་སྐྱེས་རིག་པའི་རྣོ་གྲི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།