པེ་ཅིང་གི་མྱོང་སྣང་ཐོར་བུ།

དོང་ལམ་བསྟར་མར་བརྒྱུས་ཡོད།།
མྱུར་ལམ་སྣོལ་མར་བསྲེས་འདུག།
སྣུམ་འཁོར་མེ་འཁོར་རེས་མོས།།
པེ་ཅིང་ནུབ་ཚིགས་ཟིན་སོང་།།

ཁང་བརྩེགས་གློག་འོད་ཁྲ་མེར།།
མི་ཚོགས་རྡོག་སྒྲ་ཅག་གེར།།
བྲེལ་འཚབ་འཚོ་བའི་ཀློང་ནས།།
དངུལ་ལོར་བང་གིས་འཚོལ་གྱིན།།

གདོང་གི་མཛུམ་བག་ལྐོག་ཡིན།།
གུས་ལུགས་ཞབས་འདེགས་མངོན་རེད།།
དམིགས་ཡུལ་ཨམ་ཕྲག་ནང་ཡིན།།
འགྲོ་ཐབས་བཤོལ་ཐབས་བྱས་སོང་།།

གདོང་ནས་འཕྲད་ན་གཉེན་འདྲ།།
རྒྱབ་ནས་ཨམ་ཕྲག་བསྔོག་ལ།།
གུད་ནས་བཅོམ་སྟབས་བྱེད་པའི།།
དར་མ་དེ་ཚོ་འཇིགས་པ།།

དེང་རབས་གྲོང་ཁྱེར་འཚོ་བ།།
གཟབ་ནན་སྒྲིག་གཞི་ཞིག་རེད།།
མི་འཚོགས་གྲོག་ཚང་བརྟོལ་བ།།
གཡོ་འཕྲུལ་གཡུལ་ས་ཞིག་རེད།།

མི་དང་འཕྲུལ་རིགས་གཉི་ག།
བཀོད་སྒྲིག་ལྟར་དུ་གནས་པས།།
སྣང་བ་ཡན་ཉེས་རེ་ཡིས།།
ལྡོག་མེད་ཆག་སྒོ་བསུ་ངེས།།

གར་སོང་སྒྲིག་གིས་གཅུན་ལ།།
གར་བསྡད་ཐོ་འགོད་དགོས་པས།།
མི་དང་ཐོབ་ཐང་ལག་འཁྱེར།།
ལུས་དང་གྲིབ་མའི་དཔེ་རེད།།

སྤང་ལེབ་གཡུ་འདྲར་སྔོ་ཡང་།།
ཐུག་རེག་ཙམ་གྱི་ཡུལ་ཡིན།།
མེ་ཏོག་ཁྲ་ཚོམ་བཀྲ་ཡང་།།
མིག་གི་ལོངས་སྤྱོད་ཙམ་ཡིན།།

ནམ་མཁའ་གཡུ་ལྟར་སྔོ་ལ།།
སྤྲིན་དཀར་ལུག་ཁྱུ་རྒྱུ་བའི།།
ཕ་ཡུལ་སྐྱིད་པའི་ལུང་བ།།
ལྷག་ཏུ་སྐྱིད་སྣང་ཤར་ཡོང་།།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པེ་ཅིང་གི་མྱོང་སྣང་ཐོར་བུ།

2014-07-08 ཚེར་མ།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

དོང་ལམ་བསྟར་མར་བརྒྱུས་ཡོད།།
མྱུར་ལམ་སྣོལ་མར་བསྲེས་འདུག།
སྣུམ་འཁོར་མེ་འཁོར་རེས་མོས།།
པེ་ཅིང་ནུབ་ཚིགས་ཟིན་སོང་།།

ཁང་བརྩེགས་གློག་འོད་ཁྲ་མེར།།
མི་ཚོགས་རྡོག་སྒྲ་ཅག་གེར།།
བྲེལ་འཚབ་འཚོ་བའི་ཀློང་ནས།།
དངུལ་ལོར་བང་གིས་འཚོལ་གྱིན།།

གདོང་གི་མཛུམ་བག་ལྐོག་ཡིན།།
གུས་ལུགས་ཞབས་འདེགས་མངོན་རེད།།
དམིགས་ཡུལ་ཨམ་ཕྲག་ནང་ཡིན།།
འགྲོ་ཐབས་བཤོལ་ཐབས་བྱས་སོང་།།

གདོང་ནས་འཕྲད་ན་གཉེན་འདྲ།།
རྒྱབ་ནས་ཨམ་ཕྲག་བསྔོག་ལ།།
གུད་ནས་བཅོམ་སྟབས་བྱེད་པའི།།
དར་མ་དེ་ཚོ་འཇིགས་པ།།

དེང་རབས་གྲོང་ཁྱེར་འཚོ་བ།།
གཟབ་ནན་སྒྲིག་གཞི་ཞིག་རེད།།
མི་འཚོགས་གྲོག་ཚང་བརྟོལ་བ།།
གཡོ་འཕྲུལ་གཡུལ་ས་ཞིག་རེད།།

མི་དང་འཕྲུལ་རིགས་གཉི་ག།
བཀོད་སྒྲིག་ལྟར་དུ་གནས་པས།།
སྣང་བ་ཡན་ཉེས་རེ་ཡིས།།
ལྡོག་མེད་ཆག་སྒོ་བསུ་ངེས།།

གར་སོང་སྒྲིག་གིས་གཅུན་ལ།།
གར་བསྡད་ཐོ་འགོད་དགོས་པས།།
མི་དང་ཐོབ་ཐང་ལག་འཁྱེར།།
ལུས་དང་གྲིབ་མའི་དཔེ་རེད།།

སྤང་ལེབ་གཡུ་འདྲར་སྔོ་ཡང་།།
ཐུག་རེག་ཙམ་གྱི་ཡུལ་ཡིན།།
མེ་ཏོག་ཁྲ་ཚོམ་བཀྲ་ཡང་།།
མིག་གི་ལོངས་སྤྱོད་ཙམ་ཡིན།།

ནམ་མཁའ་གཡུ་ལྟར་སྔོ་ལ།།
སྤྲིན་དཀར་ལུག་ཁྱུ་རྒྱུ་བའི།།
ཕ་ཡུལ་སྐྱིད་པའི་ལུང་བ།།
ལྷག་ཏུ་སྐྱིད་སྣང་ཤར་ཡོང་།།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།