སྙན་ངག་གི་ས་དང་པོ་དང་དེའི་འགྲེལ་བ་སྙན་མིན་འཇོམས་པའི་འོད་ཞགས།

ཁངས་འོག་བྱི་བ་འགུལ་བ་དང་།།
ཁངས་ཐོག་སྤྱང་མོ་འདུར་བ་དང་།།
མུན་ཁྲོད་ཕ་ཝང་འཕུར་བ་དང་།།
རྒན་མོ་ཉི་མར་ལྡེ་བར་བ་དང་།།
བན་ཆུང་སྒར་ལ་འགྲོ་བ་དང་།།
བུ་མོ་གནས་ནས་ངུ་བ་དང་།།
གཞོན་ནུ་ཕར་ཚུར་བཤོས་པ་དང་།།
བཟའ་བ་ཁྱིམ་ནས་འཁོན་པ་དང་།།
བྱིས་པ་མངལ་ལ་འཁོར་བ་དང་།།
གླུ་དང་ཤགས་ཀྱི་འགྱེད་པ་སོགས།།
སྒྱུ་རྩལ་མཆོད་རྟེན་རང་བྱོན་ཡིན།།
སྙན་ངག་པ་ཡི་དམིགས་ཟས་ཡིན།།
སྙན་ངག་དམ་པའི་འབྱུང་ཁུངས་ཡིན།།
དེ་ལ་འགྲིག་དང་ཁྱིགས་བཞག་ནས།།
ཤུར་མོ་གཅིག་ཏུ་བཟོ་བ་འམ།།
ལེབ་མོ་འགའ་ལ་རྡུང་བ་ནི།།
བཙན་འཛུལ་པ་ཡི་རང་གཤིས་ཡིན།།
སྙན་མེད་པ་ཡི་རང་རློམ་ཡིན།།
སྙན་ངག་མཐར་ཐུག་སངས་རྒྱས་མིན།།
དེ་ན་ས་ལམ་དགོས་དོན་མེད།།
འདི་ཡང་མི་རྟོགས་མགོ་འདར་བ།།
སྙན་ལ་རྨོངས་བ་འབའ་ཞིག་ཟད།།
སྙན་ངག་དོན་ལ་འདི་དག་འབེབས།།
རྗོད་བྱེད་སྙན་ངག་ཚད་དཀའ་ཡང་།།
སྐོམ་པ་ཅན་ལ་ཆུ་བོའི་སྒྲ།།
འདོད་པ་ཅན་ལ་ཆགས་པའི་གཏམ།།
ཐར་སྙེགས་མཁན་ལ་ལྷ་ཡི་དབྱངས།།
འཐབ་མོ་བ་ལ་རྒྱལ་ཁའི་བརྡ།།
རྨ་བྱའི་རྣ་ལ་འབྲུག་སྐད་དང་།།
སྐྱེ་རྒུ་ཀུན་ལ་ཁུ་བྱུག་སྟེ།།
ཉན་པོའི་རྣ་ལ་གང་འདོད་སྒྲ།།
འགྱུར་དང་ལྡན་ན་སྙན་ཆ་ཡིན།།
འདི་དང་བརྗོད་བྱ་ལྷན་གཅིག་བྱེད།།
ཐུ་གུ་བཞིན་དུ་སྐྱ་རྒྱབ་ནས།།
ཡར་འཁེལ་མར་འཁེལ་གྲིམ་ལྷོད་རན།།
ཚིག་གི་གྲིམ་ལྷོད་གང་ཞེ་ན།།
མིང་དང་ཐ་སྙད་འདེམས་སྟངས་ཡིན།།
ཕྲད་དང་རྣམ་དབྱེ་སྦྱོར་སྟངས་ཡིན།།
ཆ་ཡ་དག་གི་འཁེལ་སྟངས་ཡིན།།
དཔེ་དང་ཆགས་ཀྱི་འཇོག་སྟངས་ཡིན།།
རྒྱན་དང་ཉམས་ཀྱི་བཏོད་སྟངས་ཡིན།།
སྡེབ་དང་སྦྱོར་བ་སྤེལ་སྟངས་ཡིན།།
ངལ་གསོའི་བསྟི་གནས་སྟེར་སྟངས་ཡིན།།
བར་བར་མཚམས་ནས་གཅོད་སྟངས་ཡིན།།
ཚིག་ལ་ལྷོད་ཤ་འབྱིན་སྟངས་ཡིན།།
འདི་དག་རྣམས་དང་ལྡོག་པ་ན།།
མཁས་ཡང་མཁས་ཚུལ་མི་གཅིག་ཅིང་།།
དོན་གྱི་སྟོན་ཚུལ་མི་འདྲ་ལ།།
གོ་ཡང་གོ་སྟངས་ཁ་ཁ་ཡིན།།
འདི་ཡི་ཆ་ཤས་མི་ལྡན་ན།།
ལྷའི་ཐུགས་མྱོས་པ་མི་སྲིད་ལ།།
མི་སེམས་སྒུལ་བར་མི་ནུས་སྟེ།།
ཚོགས་པ་དག་ཏུ་ཁྲེལ་བར་འགྱུར།།
བྱིས་པ་རྣམས་ཀྱང་དོར་བར་བྱེད།།
དེ་ཕྱིར་ལས་ཀྱི་དང་པོ་རྣམས།།འདི་ལ་སློབ་པ་མ་ཆད་ཅིག །
    
2014ལོའི་ཉིན་ཞིག་གློ་བུར་དུ་གྲོགས་པོ་སྙན་ངག་གི་ཐད་ནས་ཤགས་ཅུང་ཟདའབྱེད་པར་དུས་ཧ་ཅང་ཐུང་བ་ཞིག་སྤྱད་ནས་བཞེངས་སོ།།
 
      
                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་ས་དང་པོ་དང་དེའི་འགྲེལ་བ་སྙན་མིན་འཇོམས་པའི་འོད་ཞགས།

2014-06-13 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

ཁངས་འོག་བྱི་བ་འགུལ་བ་དང་།།
ཁངས་ཐོག་སྤྱང་མོ་འདུར་བ་དང་།།
མུན་ཁྲོད་ཕ་ཝང་འཕུར་བ་དང་།།
རྒན་མོ་ཉི་མར་ལྡེ་བར་བ་དང་།།
བན་ཆུང་སྒར་ལ་འགྲོ་བ་དང་།།
བུ་མོ་གནས་ནས་ངུ་བ་དང་།།
གཞོན་ནུ་ཕར་ཚུར་བཤོས་པ་དང་།།
བཟའ་བ་ཁྱིམ་ནས་འཁོན་པ་དང་།།
བྱིས་པ་མངལ་ལ་འཁོར་བ་དང་།།
གླུ་དང་ཤགས་ཀྱི་འགྱེད་པ་སོགས།།
སྒྱུ་རྩལ་མཆོད་རྟེན་རང་བྱོན་ཡིན།།
སྙན་ངག་པ་ཡི་དམིགས་ཟས་ཡིན།།
སྙན་ངག་དམ་པའི་འབྱུང་ཁུངས་ཡིན།།
དེ་ལ་འགྲིག་དང་ཁྱིགས་བཞག་ནས།།
ཤུར་མོ་གཅིག་ཏུ་བཟོ་བ་འམ།།
ལེབ་མོ་འགའ་ལ་རྡུང་བ་ནི།།
བཙན་འཛུལ་པ་ཡི་རང་གཤིས་ཡིན།།
སྙན་མེད་པ་ཡི་རང་རློམ་ཡིན།།
སྙན་ངག་མཐར་ཐུག་སངས་རྒྱས་མིན།།
དེ་ན་ས་ལམ་དགོས་དོན་མེད།།
འདི་ཡང་མི་རྟོགས་མགོ་འདར་བ།།
སྙན་ལ་རྨོངས་བ་འབའ་ཞིག་ཟད།།
སྙན་ངག་དོན་ལ་འདི་དག་འབེབས།།
རྗོད་བྱེད་སྙན་ངག་ཚད་དཀའ་ཡང་།།
སྐོམ་པ་ཅན་ལ་ཆུ་བོའི་སྒྲ།།
འདོད་པ་ཅན་ལ་ཆགས་པའི་གཏམ།།
ཐར་སྙེགས་མཁན་ལ་ལྷ་ཡི་དབྱངས།།
འཐབ་མོ་བ་ལ་རྒྱལ་ཁའི་བརྡ།།
རྨ་བྱའི་རྣ་ལ་འབྲུག་སྐད་དང་།།
སྐྱེ་རྒུ་ཀུན་ལ་ཁུ་བྱུག་སྟེ།།
ཉན་པོའི་རྣ་ལ་གང་འདོད་སྒྲ།།
འགྱུར་དང་ལྡན་ན་སྙན་ཆ་ཡིན།།
འདི་དང་བརྗོད་བྱ་ལྷན་གཅིག་བྱེད།།
ཐུ་གུ་བཞིན་དུ་སྐྱ་རྒྱབ་ནས།།
ཡར་འཁེལ་མར་འཁེལ་གྲིམ་ལྷོད་རན།།
ཚིག་གི་གྲིམ་ལྷོད་གང་ཞེ་ན།།
མིང་དང་ཐ་སྙད་འདེམས་སྟངས་ཡིན།།
ཕྲད་དང་རྣམ་དབྱེ་སྦྱོར་སྟངས་ཡིན།།
ཆ་ཡ་དག་གི་འཁེལ་སྟངས་ཡིན།།
དཔེ་དང་ཆགས་ཀྱི་འཇོག་སྟངས་ཡིན།།
རྒྱན་དང་ཉམས་ཀྱི་བཏོད་སྟངས་ཡིན།།
སྡེབ་དང་སྦྱོར་བ་སྤེལ་སྟངས་ཡིན།།
ངལ་གསོའི་བསྟི་གནས་སྟེར་སྟངས་ཡིན།།
བར་བར་མཚམས་ནས་གཅོད་སྟངས་ཡིན།།
ཚིག་ལ་ལྷོད་ཤ་འབྱིན་སྟངས་ཡིན།།
འདི་དག་རྣམས་དང་ལྡོག་པ་ན།།
མཁས་ཡང་མཁས་ཚུལ་མི་གཅིག་ཅིང་།།
དོན་གྱི་སྟོན་ཚུལ་མི་འདྲ་ལ།།
གོ་ཡང་གོ་སྟངས་ཁ་ཁ་ཡིན།།
འདི་ཡི་ཆ་ཤས་མི་ལྡན་ན།།
ལྷའི་ཐུགས་མྱོས་པ་མི་སྲིད་ལ།།
མི་སེམས་སྒུལ་བར་མི་ནུས་སྟེ།།
ཚོགས་པ་དག་ཏུ་ཁྲེལ་བར་འགྱུར།།
བྱིས་པ་རྣམས་ཀྱང་དོར་བར་བྱེད།།
དེ་ཕྱིར་ལས་ཀྱི་དང་པོ་རྣམས།།འདི་ལ་སློབ་པ་མ་ཆད་ཅིག །
    
2014ལོའི་ཉིན་ཞིག་གློ་བུར་དུ་གྲོགས་པོ་སྙན་ངག་གི་ཐད་ནས་ཤགས་ཅུང་ཟདའབྱེད་པར་དུས་ཧ་ཅང་ཐུང་བ་ཞིག་སྤྱད་ནས་བཞེངས་སོ།།
 
      
                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།