ཚོན་མདོག

སྒོ་ཡོན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-05-14

           —“Y”ལགས་སྐྱེལ་མ་ཞུས་རྗེས།

གྲོང་ཁྱེར་གྱི་མཇུག་མ་བརྐྱངས་པའི་མཐའ་མཚམས།།
ཤག་ཆུང་གིས་ཉི་ཐིག་འཚོལ་བའི་འཁྲབ་ཚན།།
དགོད་པ་དང་སྡིག་པའི་དབྱངས་ཀྱིས་བུས་པའི།།
ཚེ་རབས་དང་འཚོ་བ་བྲིས་པ་ཡོད་དེ།།
འཛུམ་ཆུང་གི་ངང་མོའི་གཟུགས་རིས་ལྷག་པས།།
ཉེ་འཁྲིས་ཀྱི་དྲི་མ་འདི་དག་ཅི་བྱ།།
 
སྐར་ཚོགས་ཀྱི་སྐེ་རྒྱན་བཏགས་པའི་མཚན་གཞུང་།།
མེ་ཏོག་ལ་རྔུལ་ཆུ་བབས་པའི་འཇིག་རྟེན།།
ཤ་ཁྲག་དང་ཆོ་ངེའི་ཡི་གེ་འཐོར་བའི།།
ཆར་རླུང་དང་དབུགས་རྒྱུན་འཐབ་པ་མང་སྟེ།།
གཅེས་དགའ་དང་པྲ་ཆལ་ཡིད་ལ་སིམ་པས།།
བཀླགས་འཕྲོ་ཡི་དེབ་ཐེར་ཆུང་ཆུང་སུ་ཡིན།།
 
ལོ་ཟླ་ཡིས་བདུད་རྩི་བཏུང་བའི་བཟི་ཡོམ།།
གཡས་གཡོན་ལ་རྣམ་ཤེས་བཞུར་བའི་རླབས་སྒྲ།།
རྙེད་པ་དང་ཤོར་བའི་འཐབ་རྩོད་ཐོགས་པའི།།
ལམ་བུ་དང་རྐང་རྗེས་རང་ལ་འཁོར་ཏེ།།
མཐའ་མཇུག་གི་རྒོད་པོ་ཚང་ལ་འཕུར་ན།།
གངས་རི་དང་གཙང་བོའི་ཞལ་རས་ཨེ་ཡོད།།
 
               ༢༠༡༣.༡༡.༣༠ཉིན་གུང“རྒྱལ་ཁབ་ཀྱི་དཔེ་མཛོད་ཁང”དུ་བྲིས།

     
  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོན་མདོག

2014-05-14 སྒོ་ཡོན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

           —“Y”ལགས་སྐྱེལ་མ་ཞུས་རྗེས།

གྲོང་ཁྱེར་གྱི་མཇུག་མ་བརྐྱངས་པའི་མཐའ་མཚམས།།
ཤག་ཆུང་གིས་ཉི་ཐིག་འཚོལ་བའི་འཁྲབ་ཚན།།
དགོད་པ་དང་སྡིག་པའི་དབྱངས་ཀྱིས་བུས་པའི།།
ཚེ་རབས་དང་འཚོ་བ་བྲིས་པ་ཡོད་དེ།།
འཛུམ་ཆུང་གི་ངང་མོའི་གཟུགས་རིས་ལྷག་པས།།
ཉེ་འཁྲིས་ཀྱི་དྲི་མ་འདི་དག་ཅི་བྱ།།
 
སྐར་ཚོགས་ཀྱི་སྐེ་རྒྱན་བཏགས་པའི་མཚན་གཞུང་།།
མེ་ཏོག་ལ་རྔུལ་ཆུ་བབས་པའི་འཇིག་རྟེན།།
ཤ་ཁྲག་དང་ཆོ་ངེའི་ཡི་གེ་འཐོར་བའི།།
ཆར་རླུང་དང་དབུགས་རྒྱུན་འཐབ་པ་མང་སྟེ།།
གཅེས་དགའ་དང་པྲ་ཆལ་ཡིད་ལ་སིམ་པས།།
བཀླགས་འཕྲོ་ཡི་དེབ་ཐེར་ཆུང་ཆུང་སུ་ཡིན།།
 
ལོ་ཟླ་ཡིས་བདུད་རྩི་བཏུང་བའི་བཟི་ཡོམ།།
གཡས་གཡོན་ལ་རྣམ་ཤེས་བཞུར་བའི་རླབས་སྒྲ།།
རྙེད་པ་དང་ཤོར་བའི་འཐབ་རྩོད་ཐོགས་པའི།།
ལམ་བུ་དང་རྐང་རྗེས་རང་ལ་འཁོར་ཏེ།།
མཐའ་མཇུག་གི་རྒོད་པོ་ཚང་ལ་འཕུར་ན།།
གངས་རི་དང་གཙང་བོའི་ཞལ་རས་ཨེ་ཡོད།།
 
               ༢༠༡༣.༡༡.༣༠ཉིན་གུང“རྒྱལ་ཁབ་ཀྱི་དཔེ་མཛོད་ཁང”དུ་བྲིས།

     
  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།