རྨི་ལམ་དཀྲོག་པའི་ཀི་སྒྲ།


ཀུ་ཤུའི་ཁ་པར་གློག་ཀླད་དང་།།ཀུ་ཤུའི་རིགས་ཀྱིས་ཤན་ཞུགས་པ།།
མཐོང་ཐོས་མྱོང་གསུམ་གཅིག་བསྡུས་ཏེ།།ཅུང་ཟད་ཞིབ་ཏུ་བརྗོད་པར་བྱ།།

རྒྱ་ནག་རྒྱལ་ས་པེ་ཅིན་དང་།།མིང་དུ་གྲགས་པའི་ཧྲང་ཧེ་སོགས།།
གྲོང་ཁྱེར་ཆེན་པོ་འདི་དག་ན།།མིག་གི་རྒྱལ་མོ་གཏོད་ས་ཉིད།།

ཀུ་ཤུ་སྤྱོད་པའི་བློ་རིགས་དང་།།སྐུད་མེད་དྲ་བའི་མཐུན་རྐྱེན་ཞིག།
ཁ་བའི་ལྗོངས་སུ་འཛོམས་སྲིད་ན།།དུས་ཚོད་ཕལ་ཆེར་འདི་ཡིས་འཇོམས།།

རྒྱུ་ཆེན་མི་ཡི་ཤོག་སྒོར་དང་།།རྒྱུ་མེད་བུ་ཡི་དོན་སྣོད་སོགས།།
འདི་ཡིས་རིམ་གྱིས་གཞོམ་སྲིད་པས།།ཁོ་ནི་གཟུགས་མེད་ཆོམ་རྐུན་ཞིག།

འདི་ཡི་པོད་འཕྲིན་སྐད་འཕྲིན་དང་།།ཁྱེའུ་འཕྲིན་ལ་སོགས་བརྒྱུད་ལམ་ནས།།
གཞན་གྱི་ཁྱོ་ག་ཆུང་མ་ཡི།།སེམས་བསྒྱུར་མཐུན་པའི་བཟའ་ཚང་གཏོར།།

སློབ་གྲྭ་ཆུང་འབྲིང་ཆེ་གསུམ་དང་།།དེ་ཡི་དགེན་རབ་ཐ་གསུམ་གྱིས།།
ཕལ་ཆེར་ཉིན་མཚན་འདི་ལ་ཅེར།།འཆད་ཉན་དུས་སུ་གཉིད་མ་སད།།

ཚུལ་ཁྲིམས་ཡང་དག་ལྡན་པ་ཡི།།གཞི་ལམ་འབྲས་སོགས་ཐར་ལམ་གྱི།།
རྨང་རྡོ་བརྟན་པོ་འཇིག་བྱེད་པ།།འདི་ལས་མཐུ་ཅན་ངས་མ་མཐོང་།།

རིང་ནས་འགྲོགས་པའི་ཉོན་མོངས་ལ།།མཐུན་རྐྱེན་ངན་པ་ཀུ་ཤུ་འདིས།།
ཁོ་ལོ་བསྒྱུར་པས་ཆོས་སྲིད་པའི།།སེམས་པ་འདི་ཡིས་ཞོ་ལྟར་དཀྲུགས།།

བསྙོན་དོར་རབ་བཏགས་རྒྱན་མིན་པས།།འདི་ལ་ཉན་རྒྱུ་རྡུལ་ཙམ་མཆིས།།
འཚོ་བ་དངོས་ཀྱི་རི་མོ་འགའ།།དྲང་བོའི་ངག་གི་ལམ་ནས་བྲིས།།
                                 ༢༠༡༣/༩/༡༧ཉིན།

    
   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་དཀྲོག་པའི་ཀི་སྒྲ།

2014-04-30 གཅན་རྨི་ལམ། ཀློག་གྲངས། མཆན ཡོད།


ཀུ་ཤུའི་ཁ་པར་གློག་ཀླད་དང་།།ཀུ་ཤུའི་རིགས་ཀྱིས་ཤན་ཞུགས་པ།།
མཐོང་ཐོས་མྱོང་གསུམ་གཅིག་བསྡུས་ཏེ།།ཅུང་ཟད་ཞིབ་ཏུ་བརྗོད་པར་བྱ།།

རྒྱ་ནག་རྒྱལ་ས་པེ་ཅིན་དང་།།མིང་དུ་གྲགས་པའི་ཧྲང་ཧེ་སོགས།།
གྲོང་ཁྱེར་ཆེན་པོ་འདི་དག་ན།།མིག་གི་རྒྱལ་མོ་གཏོད་ས་ཉིད།།

ཀུ་ཤུ་སྤྱོད་པའི་བློ་རིགས་དང་།།སྐུད་མེད་དྲ་བའི་མཐུན་རྐྱེན་ཞིག།
ཁ་བའི་ལྗོངས་སུ་འཛོམས་སྲིད་ན།།དུས་ཚོད་ཕལ་ཆེར་འདི་ཡིས་འཇོམས།།

རྒྱུ་ཆེན་མི་ཡི་ཤོག་སྒོར་དང་།།རྒྱུ་མེད་བུ་ཡི་དོན་སྣོད་སོགས།།
འདི་ཡིས་རིམ་གྱིས་གཞོམ་སྲིད་པས།།ཁོ་ནི་གཟུགས་མེད་ཆོམ་རྐུན་ཞིག།

འདི་ཡི་པོད་འཕྲིན་སྐད་འཕྲིན་དང་།།ཁྱེའུ་འཕྲིན་ལ་སོགས་བརྒྱུད་ལམ་ནས།།
གཞན་གྱི་ཁྱོ་ག་ཆུང་མ་ཡི།།སེམས་བསྒྱུར་མཐུན་པའི་བཟའ་ཚང་གཏོར།།

སློབ་གྲྭ་ཆུང་འབྲིང་ཆེ་གསུམ་དང་།།དེ་ཡི་དགེན་རབ་ཐ་གསུམ་གྱིས།།
ཕལ་ཆེར་ཉིན་མཚན་འདི་ལ་ཅེར།།འཆད་ཉན་དུས་སུ་གཉིད་མ་སད།།

ཚུལ་ཁྲིམས་ཡང་དག་ལྡན་པ་ཡི།།གཞི་ལམ་འབྲས་སོགས་ཐར་ལམ་གྱི།།
རྨང་རྡོ་བརྟན་པོ་འཇིག་བྱེད་པ།།འདི་ལས་མཐུ་ཅན་ངས་མ་མཐོང་།།

རིང་ནས་འགྲོགས་པའི་ཉོན་མོངས་ལ།།མཐུན་རྐྱེན་ངན་པ་ཀུ་ཤུ་འདིས།།
ཁོ་ལོ་བསྒྱུར་པས་ཆོས་སྲིད་པའི།།སེམས་པ་འདི་ཡིས་ཞོ་ལྟར་དཀྲུགས།།

བསྙོན་དོར་རབ་བཏགས་རྒྱན་མིན་པས།།འདི་ལ་ཉན་རྒྱུ་རྡུལ་ཙམ་མཆིས།།
འཚོ་བ་དངོས་ཀྱི་རི་མོ་འགའ།།དྲང་བོའི་ངག་གི་ལམ་ནས་བྲིས།།
                                 ༢༠༡༣/༩/༡༧ཉིན།

    
   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།