འཇམ་མགོན་བླ་མ་ཙོང་ཁ་བ་རྗེས་སུ་དྲན་པའི་སྙན་ཚིག་ངག་གི་རོལ་མོ།

རྒྱལ་བ་མཆོག་གི་ཐུགས་བརྩེའི་བཞེད་དགོངས་ལས།།
རྒྱལ་བའི་བསྟན་པའི་སྙིང་བོ་ལེགས་གསུང་བཅུད།།
རྒྱལ་བསྟན་འཛིན་པའི་གཞི་འདིར་ཚིམ་མཛད་པས།།
རྒྱལ་གཟུགས་འཛིན་པ་བདག་གིས་དུས་མཆོད་ལ།།
རྒྱལ་བའི་ཆོས་ཀྱི་གདངས་དབྱངས་དགོང་དུ་འདེགས།།
 
རང་ཤག་ཆུང་ངུའི་མཆོད་པའི་སྟེགས་བུ་རུ།།
ཡབ་རྗེ་བླ་མའི་གསུང་གི་ལེགས་བཤད་དག།
འོད་སྣང་འབུམ་གྱི་གཟི་བྱིན་རྒྱས་ཀྱི་ཡང་།།
དེ་རིང་དུས་ཀྱི་གདུང་བའི་མཚན་ངོགས་སུ།།
མཆོད་མེ་མཚན་ཐུབ་ཅིག་གི་དྲན་པ་གསོས།།
 
རྒྱལ་བ་མཆོག་གི་སྐུ་ཡི་མདུན་ངོས་སུ།།
དད་སེམས་སྨོན་པའི་ཡིད་ཀྱིས་ཉེར་དྲངས་པའི།།
གསང་རྣམ་མགྲིན་གྱི་གླིང་བུར་སྡེབ་བའི་སྙན།།
དགོན་པའི་གཡེར་དྲིས་གདངས་དང་ལྷན་ཅིག་ཏུ།།
དེ་རིང་དུས་མཆོད་འདི་རུ་ལྷང་ངེར་བཏབ།།
 
ལས་ཉོན་སྤྲིན་ནག་གཡོ་བའི་རྟེན་བཅས་འདི།།
རྒྱལ་བའི་གོས་ཀྱིས་རྒྱན་པར་སྤྲོས་ནའང་།།
ནང་གི་དེ་ཉིད་དཔྱོད་པའི་ཤེས་རབ་ཀྱིས།།
རྣམ་རྟོག་བདུད་ལས་འཚང་བར་རྒོལ་དཀའ་བས།།
ཚུལ་འདི་བསམ་ན་རང་ཉིད་ཡིད་རེ་སྐྱོ།།
 
བརྩོན་པའི་མཁའ་ལྡིང་དར་མའི་ལང་ཚོ་ལ།།
ཐོས་བསམ་སྒོམ་གྱི་གཤོག་ཤུགས་རབ་ཡངས་པས།།
བཀའ་དང་བསྟན་བཅོས་མཐའ་རུ་བརྒལ་གྱུར་བའི།།
ཡབ་རྗེ་བླ་མའི་རྣམ་པར་ཐར་བ་ཡི།།
སྐད་ཅིག་ཙམ་གྱིས་སྨོན་པའི་ཡིད་རབ་བསྐྱོད།།
 
རྒྱལ་བའི་ལེགས་གསུང་སྙིང་བོ་མར་ཁུ་ཡི།།
བདག་བློ་གཞོང་བའི་ཕྱི་ནང་སུམ་གྱུར་ཀྱང་།།
སུམ་སྒྲེལ་ལྟ་གྲུབ་ཡལ་བའི་ཅོལ་ཆུང་བས།།
ཡབ་རྗེ་བླ་མའི་གདམས་པ་བསམ་ཀྱིན་དུ།།
གདུང་མདུན་དུ་ན་དཔྱོད་ཤེས་བསྩོལ་བར་སྨོན།།
 
དེ་རིང་དུས་མཆོད་འདི་ཡི་མཆོད་ངོགས་སུ།།
བདག་གི་ཤེས་པའི་སྣང་ངོར་ཟབ་ས་རུ།།
རྟོག་བཏགས་ཙམ་གྱིས་བླ་མའི་སྐུར་བཞེངས་ནས།།
གསོལ་འདེབས་ངག་གི་འཁོར་ལོ་བསྐོར་བ་འདིས།།
བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བར་ཤོག།
 
ང་ཡི་བླ་མ་བློ་བཟང་གྲགས་པ་ཡི།།
དགའ་ལྡན་གནས་ནས་འགྲོ་ལ་རྟག་གཟིགས་བཞིན།།
སྐྱེས་ནས་སྐྱེས་རབས་ཐམས་ཅད་རྗེས་བཟུང་ནས།།
མི་གནས་མྱང་འདས་ས་ལ་འགོད་པ་ཡི།།
སྨོན་ལམ་འདེབས་སོ་བླ་མ་དམ་པས་མཁྱེན།།
 
        ༼མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇམ་མགོན་བླ་མ་ཙོང་ཁ་བ་རྗེས་སུ་དྲན་པའི་སྙན་ཚིག་ངག་གི་རོལ་མོ།

2014-03-09 གླིང་སྙན་གྲགས། ཀློག་གྲངས། མཆན ཡོད།

རྒྱལ་བ་མཆོག་གི་ཐུགས་བརྩེའི་བཞེད་དགོངས་ལས།།
རྒྱལ་བའི་བསྟན་པའི་སྙིང་བོ་ལེགས་གསུང་བཅུད།།
རྒྱལ་བསྟན་འཛིན་པའི་གཞི་འདིར་ཚིམ་མཛད་པས།།
རྒྱལ་གཟུགས་འཛིན་པ་བདག་གིས་དུས་མཆོད་ལ།།
རྒྱལ་བའི་ཆོས་ཀྱི་གདངས་དབྱངས་དགོང་དུ་འདེགས།།
 
རང་ཤག་ཆུང་ངུའི་མཆོད་པའི་སྟེགས་བུ་རུ།།
ཡབ་རྗེ་བླ་མའི་གསུང་གི་ལེགས་བཤད་དག།
འོད་སྣང་འབུམ་གྱི་གཟི་བྱིན་རྒྱས་ཀྱི་ཡང་།།
དེ་རིང་དུས་ཀྱི་གདུང་བའི་མཚན་ངོགས་སུ།།
མཆོད་མེ་མཚན་ཐུབ་ཅིག་གི་དྲན་པ་གསོས།།
 
རྒྱལ་བ་མཆོག་གི་སྐུ་ཡི་མདུན་ངོས་སུ།།
དད་སེམས་སྨོན་པའི་ཡིད་ཀྱིས་ཉེར་དྲངས་པའི།།
གསང་རྣམ་མགྲིན་གྱི་གླིང་བུར་སྡེབ་བའི་སྙན།།
དགོན་པའི་གཡེར་དྲིས་གདངས་དང་ལྷན་ཅིག་ཏུ།།
དེ་རིང་དུས་མཆོད་འདི་རུ་ལྷང་ངེར་བཏབ།།
 
ལས་ཉོན་སྤྲིན་ནག་གཡོ་བའི་རྟེན་བཅས་འདི།།
རྒྱལ་བའི་གོས་ཀྱིས་རྒྱན་པར་སྤྲོས་ནའང་།།
ནང་གི་དེ་ཉིད་དཔྱོད་པའི་ཤེས་རབ་ཀྱིས།།
རྣམ་རྟོག་བདུད་ལས་འཚང་བར་རྒོལ་དཀའ་བས།།
ཚུལ་འདི་བསམ་ན་རང་ཉིད་ཡིད་རེ་སྐྱོ།།
 
བརྩོན་པའི་མཁའ་ལྡིང་དར་མའི་ལང་ཚོ་ལ།།
ཐོས་བསམ་སྒོམ་གྱི་གཤོག་ཤུགས་རབ་ཡངས་པས།།
བཀའ་དང་བསྟན་བཅོས་མཐའ་རུ་བརྒལ་གྱུར་བའི།།
ཡབ་རྗེ་བླ་མའི་རྣམ་པར་ཐར་བ་ཡི།།
སྐད་ཅིག་ཙམ་གྱིས་སྨོན་པའི་ཡིད་རབ་བསྐྱོད།།
 
རྒྱལ་བའི་ལེགས་གསུང་སྙིང་བོ་མར་ཁུ་ཡི།།
བདག་བློ་གཞོང་བའི་ཕྱི་ནང་སུམ་གྱུར་ཀྱང་།།
སུམ་སྒྲེལ་ལྟ་གྲུབ་ཡལ་བའི་ཅོལ་ཆུང་བས།།
ཡབ་རྗེ་བླ་མའི་གདམས་པ་བསམ་ཀྱིན་དུ།།
གདུང་མདུན་དུ་ན་དཔྱོད་ཤེས་བསྩོལ་བར་སྨོན།།
 
དེ་རིང་དུས་མཆོད་འདི་ཡི་མཆོད་ངོགས་སུ།།
བདག་གི་ཤེས་པའི་སྣང་ངོར་ཟབ་ས་རུ།།
རྟོག་བཏགས་ཙམ་གྱིས་བླ་མའི་སྐུར་བཞེངས་ནས།།
གསོལ་འདེབས་ངག་གི་འཁོར་ལོ་བསྐོར་བ་འདིས།།
བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བར་ཤོག།
 
ང་ཡི་བླ་མ་བློ་བཟང་གྲགས་པ་ཡི།།
དགའ་ལྡན་གནས་ནས་འགྲོ་ལ་རྟག་གཟིགས་བཞིན།།
སྐྱེས་ནས་སྐྱེས་རབས་ཐམས་ཅད་རྗེས་བཟུང་ནས།།
མི་གནས་མྱང་འདས་ས་ལ་འགོད་པ་ཡི།།
སྨོན་ལམ་འདེབས་སོ་བླ་མ་དམ་པས་མཁྱེན།།
 
        ༼མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།