གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པར་རིས་ལ་སྦྱར་བའི་སྙན་ངག་ཚན་པ་བཞི།

2014-03-05 19:00:00 འཇིགས་མེད་ནུབ་པ། ཀློག་གྲངས། མཆན ཡོད།

 
རྩག་སྐྱའི་ནང་གི་འབྲོག་ལྡང་།།
མི་གཤིས་གདོད་མ་ཅན་པོ།།
པར་ཆས་མཆུ་ཏོ་ཅན་པོར།།
མིག་ཟུང་དོགས་པ་ཨེ་རེད།།
 
སྔར་གྱི་ཐང་གཞོངས་ཡངས་མོར།།
གྲོང་དང་གྲོང་ཁྱེར་བརྡལ་འདུག།
སེམས་ཀྱི་རྟ་ནོར་ལུག་གསུམ།།
སུ་ཡིས་གང་དུ་དེད་སོང་།།
 
བྲག་རི་གནམ་ལ་ཟུག་པ།།
སྨུག་ཞགས་ཐང་ལ་བརྡལ་བ།།
ནོར་ནག་ལྡང་ལ་སྦྲེལ་བ།།
བདག་པོ་བུ་ཆུང་ཨེ་རེད།།
 
རྒྱང་གི་རི་རྒྱུད་ལྷུན་པོ།།
སྤྲིན་དང་སྨུག་པར་འདྲེས་འདུག།
མདུན་གྱི་དར་ལྕོག་ནར་མོ།།
སེམས་ཀྱི་རྟེན་ས་མིན་འགྲོ།

     (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།