རྗེས་དྲན་ཡིད་ཀྱི་རང་མདངས།

ཤེར་གྲོལ།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-01-19

 ____ དགེ་བཤེས་ཤེས་རབ་རྒྱ་མཚོའི་ཐུགས་སྲས་ལྷ་རམས་པ་སྐལ་བཟང་རྒྱ་མཚོ་མཆོག་གི་དགོངས་རྫོགས་དུས་དྲན་དུ་བྲིས།
༄༅།།ཁུ་ཚ་གྲོགས་དང་མཛའ་གཅུགས་བཤེས་གཉེན་སོགས།། ཐ་སྙད་བདེན་པའི་གནས་ལུགས་ལ་བརྟེན་ནས།། མི་ཚོར་འཁོར་བའི་ལྕགས་ཀྱི་བཙོན་འདི་ལས།། ངེད་ཅག་འདྲེན་པའི་བཤེས་ཁྱོད་བླ་ན་རྒྱལ།།

 དུག་གསུམ་འདོད་ཡོན་ཆུ་ཤིང་ཟློས་གར་ལ།། མ་ཆགས་སྐྱབས་གཅིག་བླ་མ་ཤེས་རབ་ཞབས།།
 གུས་པའི་བསྟུ་སྟངས་ལྷུར་ལེན་ལ་མཁས་པ།། སྙིགས་དུས་རྟག་ངུའི་ཞབས་ལ་གུས་པས་འདུད།།

 ལམ་སྟོན་བཤེས་ལ་བརྟེན་པའི་སྡིག་པའི་འབྲས།།
 རྒྱུན་ཆགས་མ་ཟད་དུས་གཟར་ཉམས་ཚོད་ཁྲོད།།
 ཉིན་སྐར་ཟླ་ལ་འགྲན་པའི་བཀའ་གདམས་བཤེས།། 
ལྷུན་ཆགས་གངས་ཀྱི་རི་བོའི་བླ་མ་བརྗིད།།

 འོག་མིན་ཞིང་དང་གསེར་གྱི་མཁར་ལ་སོགས།།
 རྩྭ་བཞིན་དོར་ཏེ་རི་ལུང་འགོལ་བོ་འདིའི།།
 སེར་སྐྱ་ཀུན་ལ་བརྩེ་བའི་བདག་ཉིད་ཅན།།
 བདེ་གཤེགས་བླ་མའི་སྐུ་གསུང་ཐུགས་ལ་འདུད།།

 འཆད་རྩོད་རྩོམ་གྱི་མཛོད་འཛིན་གྲགས་པའི་དཔལ།།
 རབ་མངའ་ངོ་མཚར་བཤེས་གཉེན་ཁ་ཅིག་གིས།།
 སྤྱི་བོའི་མཆོག་གིས་ཁྱོད་ཞབས་གུས་མཆོད་པའི།། 
ལུང་རྟོགས་ཆོས་ཀྱི་རི་དབང་བླ་མ་དྲན།། 

འཇམ་མགོན་བླ་མའི་གདུང་འཚོབ་ངོ་མཚར་མཆོག།
 འཇམ་དཔལ་དགྱེས་བློའི་སྲས་ཀྱི་ཐུ་བོ་ཆེ།།
 བདེ་གཤེགས་ལྷ་རམས་སྐལ་བཟང་རྒྱ་མཚོའི་ཞབས།།
 དགོངས་རྫོགས་དུས་ཚེས་མི་བརྗེད་སྙིང་ནས་དྲན།།

 བདག་སོགས་ཁྱེད་ལ་དད་པའི་མགོན་མེད་རྣམས།། 
སྐྱབས་མཆོག་ཁྱོད་ལས་གང་ཡང་མ་མཆིས་པས།།
 བྱིན་རླབས་ཐུགས་རྗེ་དུས་ལས་མི་ཡོལ་བར།།
 ད་དུང་བུ་བཞིན་སྐྱོངས་ཤིག་དྲིན་ཅན་རྗེ།།

 བླ་མ་ཁྱོད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས།། 
རྒྱལ་བའི་བསྟན་དང་རང་ཅག་བདེ་སྐྱིད་ལ།། 
འཚེ་བ་བཅངས་པའི་བསྟན་དགྲ་འཇོམས་པ་དང་།།
 དུས་ངན་མཚང་ལ་རྒོལ་བའི་དཔའ་ཐོབ་ཤོག།

 ཆོས་སྡེ་འདི་ཡི་རྣམ་དཀར་ལས་ཀུན་ལ།། 
ལྷག་བསམས་དག་པས་གཅིག་ཏུ་བརྩོན་པའི་ཚེ།།
 ཚིག་ཙམ་བརྗོད་པའི་ལས་སྣེ་ཐམས་ཅད་ཀྱིས།།
 གང་བཤད་ཁྱོད་ཀྱི་གསུང་བཞིན་བརྩི་བར་ཤོག།

 ཉོན་མོངས་སྤྲིན་གྱིས་གཏིབས་པའི་ང་ཚོའི་ཁམས།།
 རྐྱེན་ངན་བདུད་ཀྱིས་དབྱེན་སྦྱོར་རླུང་འཚུབ་ཀྱིས།། 
ཀུན་ནས་དཀྲུགས་ཏེ་དགྲ་གྲོགས་དབྱེ་བའི་ཚེ།།
 བཏང་སྙོམས་སེམས་ཀྱི་འོད་གསལ་བསྟན་དུ་གསོལ།།

 དེ་བཞིན་བླ་མ་མཆོད་པའི་ཆོས་མཐུན་གྲོགས།།
 ཆོས་བཞིན་སྒྲུབ་པའི་མཐུན་རྐྱེན་འོ་མའི་ཆབ།།
 དབྱར་གྱི་རྒྱ་མཚོ་བཞིན་དུ་བརྡོལ་གྱུར་ཏེ།།
 ལོག་འཚོ་སྒྲུབ་པའི་གོ་སྐབས་རིང་བྲལ་ཤོག།

 སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།
 འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།
 ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།
 རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།
ཅེས་དགའ་ལྡན་འཕེལ་རྒྱས་གླིང་གི་གཞུང་དོན་འཁུར་འཁྱེར་གྱི་ཤ་ཞེན་ཅན་དགེ་འདུན་སྐལ་བཟང་ཚོགས་གཉིས་མཆོག་གི་གསུང་སྐུལ་ལྟར་ཤེར་གྲོལ་བཏགས་པའི་ཐ་སྙད་པས་གནས་རྒྱ་ནག་པེ་ཅིན་གྱི་རང་ཤག་ཏུ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་སྦྱར།

       (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྗེས་དྲན་ཡིད་ཀྱི་རང་མདངས།

2014-01-19 ཤེར་གྲོལ།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།