ལྷག་བསམ་རློན་པའི་འོ་ཞོ།

གོང་མ་ལྷ་ནས་དངོས་གྲུབ་བདུད་རྩི་ཡི་ཆར་འཇོ། །
བར་མ་མི་ནས་དབང་ཐང་ཀླུང་རྟ་ཡི་དར་འཕྱར། །
འོག་མ་ཀླུ་ནས་དགོས་འདོད་ནོར་བུ་ཡི་རླབས་འཕྱུར། །
འབུམ་ཐུབ་སྒོར་མོའི་ཞབས་ལ་འབུམ་ཕྱག་ཅིག་འཚལ་ལོ། །

རྒྱབ་ན་སྲུང་མ་མེད་པས་རླུང་འཚུབ་ཀྱི་དྲག་རྡུང༌། །
མདུན་ནས་འགོག་པ་མེད་པས་ཁ་ཆར་གྱི་འགྲམ་ལྕག །
གང་དུ་ངོ་སོ་མེད་པས་སྡང་མིག་གི་ཐོག་མདའ། །
མ་དག་འཁོར་བའི་བཙོན་ན་ཐར་ལམ་ཞིག་མི་འདུག །

སྟོན་པའི་ལྷ་ཆོས་བསམ་ན་འདོད་སྲེད་ཀྱི་དཔུང་མཐུག །
འཇིག་རྟེན་མི་ཆོས་འདོད་ན་ལོངས་སྤྱོད་ཀྱི་བམ་སྲབ། །
གང་ཡང་མཐའ་འཁྱོལ་དཀའ་བའི་མི་ཚེ་འདི་བསམ་ན་ །
མ་བཅོས་སྐྱོ་བའི་རྦ་རླབས་མཁའ་ནས་མཁའ་འཕྱོ་ཡོང༌། །

གཞན་པའི་ལྟ་བ་རང་གིས་རྡོག་མལ་དུ་བརྫི་ཞིང༌། །
རང་གི་ལྟ་བ་གཞན་པས་འཆིལ་ཞགས་ཀྱིས་རྫོངས་པའི། །
རང་རློམ་ཨུ་ཚུགས་རྒོད་པའི་བོད་པ་ཚོའི་ལས་ལ། །
ངེས་དོན་དཔང་གི་ཉི་མས་བདེན་ཁ་ཞིག་སྩོལ་རོགས། །

སྤྱིར་ན་མདོ་དབུས་ཁམས་གསུམ་ཕྱོགས་རིས་ཀྱི་མེ་ཆེ། །
སྒོས་སུ་ཁམས་པ་འབྲོག་པར་ཁོང་ཁྲོ་ཡི་ཆུ་ཆེ། །
ལྷག་པར་མཐའ་འཁོབ་གྲྭ་བར་ངན་ལངས་ཀྱི་རླུང་ཆེ་ །
ང་ཅག་བོད་པར་རིག་གནས་མ་སྦྱངས་པའི་སྐྱོན་ཆེ། །

གཤིས་ཀྱིས་གོམས་པའི་རོང་མོས་འབྲོག་པ་ནས་མར་སློང༌། །
ཐབས་ཀྱིས་བསླུ་བའི་བཙུན་པས་སྲང་ལམ་ནས་སྒོར་སློང༌། །
ནོར་གྱིས་དབུལ་བའི་སྤྲང་བོས་གང་ས་ནས་ཟས་སློང༌། །
སློང་བ་གསུམ་གྱི་ཆུ་ནི་བོད་ཡུལ་ན་བརྡོལ་ཡོད། །

ལུང་མེད་ཆོས་པ་ལ་ལས་ཆོས་འཚོང་གིས་སྒོར་ལེན། །
གློ་མེད་སྐྱ་སེར་ལ་ལས་མི་འཚོང་གིས་སྒོར་ལེན། །
མདོ་མེད་འཕྱོན་མ་ལ་ལས་འདོམས་འཚོང་གིས་སྒོར་ལེན། །
འཚོང་བ་གསུམ་གྱི་སྒོ་མོ་བོད་ཡུལ་ན་ཕྱེས་ཡོད། །

སྐྱེས་ཆེན་དམ་པ་བྱོན་ན་ལྐོག་གཡོའི་དུག་བཞེས་འགྲོ། །
རླབས་ཆེན་མཁས་པ་བྱོན་ན་ཕྲག་དོག་མེས་གཞོམ་འགྲོ། །
ནམ་ཡང་ནང་འཁྲུག་ཆུ་བོས་རི་ལུང་ཁྱོན་འགེངས་འགྲོ། །
སྙིགས་མའི་བོད་པའི་བྱ་འདི་ཁྱི་ཕག་གིས་ཟོས་འགྲོ། །

མིན་ན་རྩྭ་དང་ཆུ་ཡིས་ཕུ་ནུའི་མདངས་རྙོག་འགྲོ། །
མིན་ན་རྐུན་དང་ཇག་པས་མཐུན་སྒྲིལ་དཔུང་གཏོར་འགྲོ། །
མིན་ན་ཤོ་དང་ཆང་གིས་དྲོན་པོའི་ཁྱིམ་བརླགས་འགྲོ། །
གང་ལྟར་བོད་པ་སྐྱོབ་པའི་ཆོད་སེམས་ཤིག་མེད་འགྲོ། །

གསེར་སྐུ་ལི་མ་གསེར་ཁྲིའི་རྒྱབ་ཡོལ་ལ་ཡིབ་ཀྱང༌། །
དམར་རྐང་བྱུ་རུ་སྟོན་པའི་ཐུགས་ཀ་ལ་འཐིམ་ཡང༌། །
ནོར་གྱིས་སྲེད་པའི་རང་རིགས་ཇག་ཚོགས་ཀྱིས་ཁྱེར་འགྲོ། །
ད་ནི་ལྷ་སའི་ཇོ་བོར་གཟབ་གཟབ་ཅིག་གྱིས་ཤིག །

དང་བོ་ཀ་ཁ་སློབ་ཁྲིམས་ཁྲལ་གྱི་དོན་རེད། །
བར་དུ་གཞུང་ལུགས་སྦྱོང་བ་མི་རིགས་ཀྱི་ཆེད་རེད། །
མཐའ་མར་བོད་པ་བརྗེད་པ་རྒྱུ་དབང་གི་ཤུགས་རེད། །
གང་ལྟར་འདི་ཡང་རང་གི་འཚོ་གཞེས་ཀྱི་ཐབས་ཀྱི་རེད། །

རྒྱང་བསྐྱོད་བསམ་བློའི་རྟ་མཆོག་ལྕག་སྒྲོག་གིས་བཅིངས་ཤིང༌། །
རྒྱང་མཐོང་མིག་མདའ་བདེ་བའི་ཁ་ཕོར་ལ་ཟུག་པའི། །
རང་མགོ་རང་གིས་གཡོགས་པའི་རི་ལུང་གི་ཐང་ན། །
བང་མེད་བོང་ལུ་བཅིབས་པའི་སྐུ་དྲག་ཚོ་སྐྱིད་ཨང༌། །

དེང་མ་ཁ་ཕོ་མཐོ་བ་རྣམ་དག་གི་སེམས་ཡིན། །
གློ་བུར་བློ་ཁ་འགྱུར་བ་སྤྱི་ཚོགས་ཀྱི་གཡོ་ཡིན། །
དེང་སང་ཕམ་ཁ་ཉོས་པ་རང་ཚུགས་ཀྱི་གཤིས་ཡིན། །
སུས་ཀྱང་རྟོགས་ཐབས་བྲལ་བ་ཆབ་སྲིད་ཀྱི་འཕྲུལ་ཡིན། །

བཙན་གྱིས་དགོན་པ་འདེད་པ་རོང་འབྲོག་གི་ཆོས་ཡིན། །
རིམ་གྱིས་གྲོང་མཐའ་ཉུལ་བ་ཆགས་ཞེན་གྱི་ཤེད་ཡིན། །
མཐའ་མ་ཅི་ཡང་ཤོར་བ་བག་གཡེང་གི་བློ་ཡིན། །
འདི་ཡང་བོད་པའི་ན་ཆུང་ཆུད་ཟོས་ཀྱི་དཔེ་ཡིན། །

གཞན་སྐད་བརྡལ་རྡོལ་ཤེས་ན་སྤྲོ་སྣང་གིས་མཆོངས་ལ། །
ཡུམ་སྐད་དག་མ་འཁྱོངས་ན་འགྱོད་གདུང་གིས་ནུད་ཅིང༌། །
ཨུ་ཚུགས་གཤིས་ཀ་གྱོང་བོ་གཞན་རྗེས་སུ་འབྲངས་པ། །
འདི་ཡང་རྨ་ཆུའི་རྒན་རབས་ལས་བྱེད་ཚོའི་ལུགས་རེད། །

ན་ནིང་རྒྱལ་ཁམས་འགྲིམ་དུས་ཐང་དཀར་རྒོད་འཕུར་འཕུར། །
དོ་ཚིགས་ལྟོགས་སྐོམ་མ་ཐེག་ཆད་པོ་བྱ་ལྷུང་ལྷུང༌། །
ད་ལྟ་སྨུག་ཆུང་སྐྲ་སྣེ་ལུག་གི་མཆུ་སྡོམ་སྡོམ་ །
འདི་ཀོ་ཕྱིར་ལོག་སྤུན་ཟླར་ཕྱི་འབྱོར་གྱི་རིག་གནས། །

ཆུ་མེད་ས་ནས་སྐོམ་གདུང་འོ་དོད་ལྕེས་གནམ་བལྡག །
རྩྭ་མེད་ས་ནས་ལྟོགས་སྡུག་སྨྲེ་ངག་མཆུས་ས་བརྐོ། །
གནས་སའི་ར་བར་ལྕགས་རང་རྩོད་གླེང་གི་སྒྲས་ཁྱབ། །
ལ་ལུང་སྟོར་བའི་འབྲོག་པའ་འཕེལ་རྒྱས་ལམ་གང་རེད། །

དགོན་ན་ཐོས་བསམ་གཉེར་བའི་གྲྭ་བའི་གྲངས་ཉུང་ལ། །
གྲོང་ན་རིག་གནས་སྦྱོང་བའི་སློབ་མའི་ཚད་དམའ་ཞིང༌། །
བར་ན་བར་ཆད་གཏོང་མཁན་ཁྱིམ་བདག་མང་ཆེ་བས། །
ད་ནི་མ་འོངས་རང་རིགས་ལ་རྒྱའི་དར་སུས་སྒྲེངས། །

འདོད་ཧམ་རལ་གྲིས་གཏེར་གྱི་རི་ལུང་ཁོག་གཤགས་སོང༌། །
རྔམ་སེམས་དམར་བོ་མེ་ལྕེས་ཚང་ཚིང་ནགས་བཅོམ་སོང༌། །
རང་བྱུང་གནོད་འཚེའི་དུག་མདས་རོང་འབྲོག་སེམས་རྨས་སོང༌། །
ཕྱི་རབས་བོད་པའི་འཚོ་གཞེས་འཚོ་སྡོད་གནས་གང་ཡིན། །

དམངས་ལ་ཁྲག་རྣག་བཙིར་བའི་འབག་གི་སྐུ་མང་ལ། །
འབངས་ཀྱི་ཁ་རྒྱབ་འཕྲོག་པའི་སྤྱང་ཁྱུའི་དཔུང་མཐུག་ཅིང༌། །
ཁྲལ་དང་འབུལ་བས་བཏང་བའི་ཁྭ་ཏ་བྱ་མོད་པས། །
ང་ཅག་རོང་འབྲོག་དཔལ་འབྱོར་གོང་འཕེལ་དུ་ནམ་འགྲོ། །

རང་ཡིག་སྙིང་གི་བུ་ཆུང་ཕུང་འདྲེ་གདོན་ཡིན་ན། །
རང་སྲོལ་གསེར་བྲིས་འཁྱུག་མ་བདུད་མོའི་འཐག་ཡིན་ན། །
མདོར་ན་ཡབ་མེས་མཛད་རྗེས་འགད་རྫས་དུག་ཡིན་ན། །
ད་ནི་ཕྱིས་འབྱུང་བོད་མིའི་ཚེ་སྲོག་རྒྱུན་སུས་སྲིངས་ །

འདི་ཡང་རང་རིགས་ཁྱུ་ལ་ཁ་ཁོག་པས་དགའ་ཞིང༌། །
རང་བྱུང་ཁོ་ར་ཡུག་མོར་ཞེ་ཐག་པས་དུངས་ཤིང༌། །
ཕྱིས་འབྱུང་བོད་པའི་ཆས་ལ་སེམས་བསམ་པ་འཁོར་བའི། །
ཕྱི་ནང་སྤུན་ཟླ་ཡོངས་ལ་ལོ་གསར་བའི་ལེགས་སྐྱེས། །

ཚིག་ལ་ནོར་བ་ཡོད་ན་དཀར་པོ་ལྷ་མ་ཁྲོ། །
དོན་ལ་འཁྲུལ་བ་ཡོད་ན་ནག་པོ་བདུད་མ་འཁྲིགས། །
ང་ནི་མི་འདུག་རང་གི་ཕ་ཡུལ་ལ་འགྲོ་རན། །
ཆས་པའི་ཕོ་མོ་ཉིན་པའི་རྒན་གཞོན་ཀུན་བདེ་མོ། །

རྩོམ་ཁུངས། དམངས་ཁྲོད་ལོ་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷག་བསམ་རློན་པའི་འོ་ཞོ།

2009-03-27 རྨ་འོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།