འབྲོག་ཐང་གི་འཚོ་བ།


ཉི་འོད་སེར་བོ་ཞིག་ལྷོད་ཀྱིས་ཤར་དུས།།
ཕྱི་ནང་ཁོར་ཡུག་ལ་དྲོད་ཀྱིས་ཁྱབ་འདུག།
བསིལ་རླུང་འཇམ་པོ་ཞིག་དལ་བར་ལྡང་བ།།
ད་ནི་དབྱར་གཞུང་གི་མཛེས་པ་སླེབས་བྱུང་།།

ལམ་ཐག་ཀྱ་ཀྱུ་དེ་འཕྲེད་ཀྱིས་བཅད་ཅིང་།།
ཁང་བརྩེགས་མཐོན་པོ་དག་རྒྱབ་ཀྱིས་ཕྱོགས་ནས།།
ཡངས་པའི་རྩྭ་ཐང་ལ་མགྲོན་དུ་ཕེབས་དུས།།
ཞི་བདེ་བག་ཕེབས་ཀྱི་ཚོར་བས་ཕྱུག་སོང་།།

མཐིང་སྨུག་སྦྲ་ནག་དེ་ཕྱོགས་བཞིར་བརྐྱངས་ཞིང་།།
དུད་སྤྲིན་ལང་ལོང་ཞིག་དགུང་དུ་འཕྱུར་བ།།
མར་ཆུར་རྩམ་གསུམ་གྱི་སྣུམ་ཞག་འཐུལ་བ།།
ཕ་ཡུལ་འབྲོག་ཐང་གི་འཚོ་བ་ཡིན་སོང་།།

རྩི་ཤིང་མེ་ཏོག་གི་མགོ་ལྕོག་ལྡེམ་ཞིང་།།
ཁུ་བྱུག་སྔོན་མོ་ཡི་སྐད་སྙན་སྒྲོག་པ།།
དྭངས་གཙང་ཆུ་ཕྲན་ཞིག་དལ་བར་བཞུར་བ།།
རང་བྱུང་ཁོར་ཡུག་གི་དགའ་ཚལ་ཡིན་སོང་།།

རྫ་རི་མཐོན་པོ་ཞིག་ནམ་མཁར་སྙེག་ཅིང་།།
གཡང་དཀར་ལུག་ཁྱུ་དེ་སྤྲིན་ལ་འདྲེས་བྱུང་།།
གླུ་སྐད་སང་སིང་ཞིག་རྣ་བར་འཁོར་བས།།
ལ་ཁའི་ཕྱུགས་རྫི་དེའི་འཚོ་གནས་དྲན་བྱུང་།།

གདོང་ལ་དགའ་སྤྲོ་དང་འཛུམ་མདངས་རྒྱས་ཤིང་།།
སེམས་ལ་བྱམས་བརྩེ་ཡི་ཆོས་ཀྱིས་ཕྱུག་པ།།
དུས་ཀུན་ཡིག་དྲུག་གི་དབྱངས་རྟ་གྱེར་བ།།
ཆོས་ལྡན་བོད་པ་ཡི་རིགས་རྒྱུད་ཡིན་སོང་།།

སྐྲ་ལོ་དཀར་དཀར་གྱི་བགྲེས་པོ་དེ་ཡིས།།
ཕྱག་ཏུ་མ་ཎི་ཡི་འཁོར་ལོ་སྐོར་བཞིན།།
གནའ་མིའི་གཏམ་རྒྱུད་ལ་བསམ་གྱིན་བསམ་གྱིན།།
གདོད་མིའི་ལོ་རྒྱུས་ལ་ཕྱིར་དྲན་བགྱིས་སོང་།།

མགོ་དཀྲི་དམར་བོ་ཞིག་མགོ་བོར་དཀྲིས་ནས།།
ཞལ་རས་གོར་གོར་ལ་སྐགས་རྩི་བྱུགས་པ།།
ལུས་ལ་གོས་གསར་གྱི་བོད་ལྭ་གྱོན་པ།།
ཨ་ཅེ་འབྲོག་མོ་ཡི་ཁྱད་ཆོས་ཡིན་སོང་།།

སྦྲ་ནག་གྲུ་བཞི་དེའི་འདབས་རོལ་ཞིག་ན།།
བརྩེ་ལྡན་ཕ་མ་གཉིས་ཙོག་པུར་བསྡད་དེ།།
བུ་ཆུང་ལོག་ཕེབས་ལ་སྒུག་ཡོད་བསམ་ན།།
བདག་ནི་གློ་བུར་དུ་འཛུམ་དགོས་བྱུང་སོང་།།

འབྲོག་སྐད་གཤའ་མ་ཡི་ཁ་མཚར་བཤད་ཅིང་།།
ཚིག་ལ་མནའ་ཆེན་གྱི་རམ་འདེགས་མང་བ།།
འདོ་རིག་རྟ་བོ་ཡི་བང་རྩལ་ངོམ་དུས།
སྟག་ཤར་གཞོན་ནུ་ཚོའི་དཔའ་རྩལ་རྒྱས་སོང་།།

མཐུན་སྒྲིལ་ལས་དོན་གྱི་ཐག་པ་གསུམ་བསྒྲིལ།།
ཆོས་སྲིད་ལུགས་གཉིས་ཀྱི་བརྗོད་དོན་དངོས་མ།།
སུ་དང་གང་ཡིན་གྱི་སྲོང་བའི་ལམ་བུ།།
ལམ་འདི་བསྙེགས་པ་དེ་ཕུགས་བསམ་ཡིན་སོང་།།

ལས་ཀྱི་ལམ་ཡིག་དེ་བསྒྱུར་ཐབས་མི་མངའ།།
ཁྱོད་ཀྱི་མཛད་རྗེས་ལ་གློ་བ་དགའ་བྱུང་།།
བདག་གི་སེམས་ཁོང་གི་མེ་ལོང་ངོས་སུ།།
ཁྱོད་ཀྱི་མཛེས་སྡུག་ལ་རེ་བས་ཅེར་ཡོད།།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་ཐང་གི་འཚོ་བ།

2014-12-12 བདེན་སྨྱུག ཀློག་གྲངས། མཆན ཡོད།


ཉི་འོད་སེར་བོ་ཞིག་ལྷོད་ཀྱིས་ཤར་དུས།།
ཕྱི་ནང་ཁོར་ཡུག་ལ་དྲོད་ཀྱིས་ཁྱབ་འདུག།
བསིལ་རླུང་འཇམ་པོ་ཞིག་དལ་བར་ལྡང་བ།།
ད་ནི་དབྱར་གཞུང་གི་མཛེས་པ་སླེབས་བྱུང་།།

ལམ་ཐག་ཀྱ་ཀྱུ་དེ་འཕྲེད་ཀྱིས་བཅད་ཅིང་།།
ཁང་བརྩེགས་མཐོན་པོ་དག་རྒྱབ་ཀྱིས་ཕྱོགས་ནས།།
ཡངས་པའི་རྩྭ་ཐང་ལ་མགྲོན་དུ་ཕེབས་དུས།།
ཞི་བདེ་བག་ཕེབས་ཀྱི་ཚོར་བས་ཕྱུག་སོང་།།

མཐིང་སྨུག་སྦྲ་ནག་དེ་ཕྱོགས་བཞིར་བརྐྱངས་ཞིང་།།
དུད་སྤྲིན་ལང་ལོང་ཞིག་དགུང་དུ་འཕྱུར་བ།།
མར་ཆུར་རྩམ་གསུམ་གྱི་སྣུམ་ཞག་འཐུལ་བ།།
ཕ་ཡུལ་འབྲོག་ཐང་གི་འཚོ་བ་ཡིན་སོང་།།

རྩི་ཤིང་མེ་ཏོག་གི་མགོ་ལྕོག་ལྡེམ་ཞིང་།།
ཁུ་བྱུག་སྔོན་མོ་ཡི་སྐད་སྙན་སྒྲོག་པ།།
དྭངས་གཙང་ཆུ་ཕྲན་ཞིག་དལ་བར་བཞུར་བ།།
རང་བྱུང་ཁོར་ཡུག་གི་དགའ་ཚལ་ཡིན་སོང་།།

རྫ་རི་མཐོན་པོ་ཞིག་ནམ་མཁར་སྙེག་ཅིང་།།
གཡང་དཀར་ལུག་ཁྱུ་དེ་སྤྲིན་ལ་འདྲེས་བྱུང་།།
གླུ་སྐད་སང་སིང་ཞིག་རྣ་བར་འཁོར་བས།།
ལ་ཁའི་ཕྱུགས་རྫི་དེའི་འཚོ་གནས་དྲན་བྱུང་།།

གདོང་ལ་དགའ་སྤྲོ་དང་འཛུམ་མདངས་རྒྱས་ཤིང་།།
སེམས་ལ་བྱམས་བརྩེ་ཡི་ཆོས་ཀྱིས་ཕྱུག་པ།།
དུས་ཀུན་ཡིག་དྲུག་གི་དབྱངས་རྟ་གྱེར་བ།།
ཆོས་ལྡན་བོད་པ་ཡི་རིགས་རྒྱུད་ཡིན་སོང་།།

སྐྲ་ལོ་དཀར་དཀར་གྱི་བགྲེས་པོ་དེ་ཡིས།།
ཕྱག་ཏུ་མ་ཎི་ཡི་འཁོར་ལོ་སྐོར་བཞིན།།
གནའ་མིའི་གཏམ་རྒྱུད་ལ་བསམ་གྱིན་བསམ་གྱིན།།
གདོད་མིའི་ལོ་རྒྱུས་ལ་ཕྱིར་དྲན་བགྱིས་སོང་།།

མགོ་དཀྲི་དམར་བོ་ཞིག་མགོ་བོར་དཀྲིས་ནས།།
ཞལ་རས་གོར་གོར་ལ་སྐགས་རྩི་བྱུགས་པ།།
ལུས་ལ་གོས་གསར་གྱི་བོད་ལྭ་གྱོན་པ།།
ཨ་ཅེ་འབྲོག་མོ་ཡི་ཁྱད་ཆོས་ཡིན་སོང་།།

སྦྲ་ནག་གྲུ་བཞི་དེའི་འདབས་རོལ་ཞིག་ན།།
བརྩེ་ལྡན་ཕ་མ་གཉིས་ཙོག་པུར་བསྡད་དེ།།
བུ་ཆུང་ལོག་ཕེབས་ལ་སྒུག་ཡོད་བསམ་ན།།
བདག་ནི་གློ་བུར་དུ་འཛུམ་དགོས་བྱུང་སོང་།།

འབྲོག་སྐད་གཤའ་མ་ཡི་ཁ་མཚར་བཤད་ཅིང་།།
ཚིག་ལ་མནའ་ཆེན་གྱི་རམ་འདེགས་མང་བ།།
འདོ་རིག་རྟ་བོ་ཡི་བང་རྩལ་ངོམ་དུས།
སྟག་ཤར་གཞོན་ནུ་ཚོའི་དཔའ་རྩལ་རྒྱས་སོང་།།

མཐུན་སྒྲིལ་ལས་དོན་གྱི་ཐག་པ་གསུམ་བསྒྲིལ།།
ཆོས་སྲིད་ལུགས་གཉིས་ཀྱི་བརྗོད་དོན་དངོས་མ།།
སུ་དང་གང་ཡིན་གྱི་སྲོང་བའི་ལམ་བུ།།
ལམ་འདི་བསྙེགས་པ་དེ་ཕུགས་བསམ་ཡིན་སོང་།།

ལས་ཀྱི་ལམ་ཡིག་དེ་བསྒྱུར་ཐབས་མི་མངའ།།
ཁྱོད་ཀྱི་མཛད་རྗེས་ལ་གློ་བ་དགའ་བྱུང་།།
བདག་གི་སེམས་ཁོང་གི་མེ་ལོང་ངོས་སུ།།
ཁྱོད་ཀྱི་མཛེས་སྡུག་ལ་རེ་བས་ཅེར་ཡོད།།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།