རོང་བོ་བདེ་ཆེན་ཆོས་འཁོར་གླིང་།(ཞར་བཀོད་གཉིས་ཡོད)

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-12-15

གླང་ཆེན་ས་ལ་ཉལ་འདྲའི་གངས་ཀྱི་རི་བོའི་ཚོགས་རྣམས་རྣམ་པར་དགེ་བའི་དཔལ་དུ་འགྱིང་བའི་ཡུལ་གྱི་བརྟན་པ་འཕྲོག་པའི་ལྗོངས།།
གང་ལ་རྗེས་སུ་ཆགས་པའི་འཕགས་པ་མིག་མི་འཛུམ་གྱིས་ཡང་དང་ཡང་དུ་གཡར་དམ་མཛད་དེ་སྙིང་རྗེ་མཐུ་ལས་ཉེར་འཁྲུངས་ཤིང་།།
གཉུག་མའི་དུས་སུ་ཤིང་ལོའི་མཛེས་པ་གོས་སུ་བཀླུབས་ཤིང་རྨ་རྨོས་འབྲུ་ཡི་རྩི་བཅུད་ལ་རོལ་ཆོས་ཀྱིས་རྣ་བ་དུད་པ་ཅན།།
འཛམ་གླིང་འཛིན་མའི་ལྟེ་བར་མངོན་འཕགས་སྙིགས་མའི་དྲི་མ་བསལ་བའི་ས་གཞི་ཤེལ་གྱི་མཎྚལ་ཕྱིས་པར་མཚུངས་པའི་གནས་འདི་བརྗིད།།
དེ་ཡི་མདོ་ཁམས་སྨད་ཀྱི་ཆ།།
གསེར་ལྗོངས་ས་ཡི་ཟླ་བ་ཡི།།
འོད་ཀྱི་རྩེ་མོ་ལ་རེག་པའི།།
ཆོས་ཀྱི་སྡེ་ནི་འཛམ་གླིང་རྒྱན།།
གྲུབ་པའི་ས་ཆེན་ཞབས་ཀྱི་པདྨོར་གཏུགས་པའི་མི་ཡི་གར་མཛད་སྡེ་འདིའི་བྱེད་པོ་བསམ་གཏན་རིན་ཆེན་ཐུགས་ཀྱི་བཅུད་རྣམས་ལེགས་ཕྱུངས་པའི།།
ས་ལ་མུ་ཏིག་འཛུམ་མདངས་རྒོད་པའི་གཙུག་ལག་ཁང་དང་གྲྭ་ཤག་ཚོགས་ཀུན་མེས་པོའི་བློ་ལས་བཏོན་པ་བཞིན་དུ་དགེ་བའི་ཞིང་དམ་པར།།
ལེགས་པར་དྲངས་པའི་ཐུགས་བསྐྱེད་རོལ་བའི་མཚོ་ལས་འཁྲུངས་པའི་བཀའ་གདམས་སྡེ་ཆེན་ཆོས་ཀྱི་འཁོར་ལོའི་གླིང་ཞེས་གྲགས་པའི་བསྟན་པ་འཛིན་པའི་གནས།།
ལུས་ཅན་འགྲོ་བའི་ཚོགས་གཉིས་སྨིན་པའི་མཐུ་ལས་འཁྲུངས་པའི་ཐོག་མཐའ་བར་དུ་བཀྲ་ཤིས་མཚན་མས་ངུར་སྨྲིག་རྒྱལ་མཚན་དང་པོ་འཕྱར་བའི་གཞི།།
ཕྱོགས་ཀྱི་རི་བོ་མ་ལུས་པས།།
གདུགས་དང་རྒྱལ་མཚན་མཆོད་པའི་རྫས།།
ལག་ཏུ་ཐོགས་ནས་བསུ་བ་བཞིན།།
ཁོར་ཡུག་དགེ་བའི་ལང་མཚོ་ངོམ།།
བཀའ་གདམས་བསྟན་པའི་རལ་བ་མཛེས་པའི་འབྲོམ་སྟོན་ཆོས་ཀྱི་རྒྱལ་བོ་མཆོག།
ཞི་བའི་ཏིང་འཛིན་ངང་ལས་གཡོ་མེད་སྤྲུལ་བའི་བཀོད་པ་བརྒྱ་ཕྲག་གིས།།
འགྲོ་རྣམས་ཆོས་ཀྱི་ས་ལ་བཀོད་པའི་ཐུགས་བསྐྱེད་འགྲམ་ཆང་ལ་འཐུང་བའི།།
ལྗོངས་འདིའི་བསོད་ནམས་རྒྱ་མཚོ་བསྲུབས་ལས་སྐལ་ལྡན་རྒྱ་མཚོའི་ཟླ་བ་ཤར།།
བསྟན་ལ་སྟོན་པའི་ཚུལ་མཛད་དེ།།
ཆོས་ཀྱི་རྔ་ཆེན་འབུམ་ཕྲག་གིས།།
ཀླ་ཀློའི་མུན་པ་མཐར་སྤྲོད་པའི།།
བཤད་སྒྲུབ་དར་གྱི་ཀ་ཆེན་བསྒྲེངས།།
མཁས་པའི་ཚོགས་དང་གྲུབ་པའི་ཁྱུ།།
ས་ལ་ཏིལ་གྱི་གང་བུ་བཞིན།།
ཡོངས་སུ་སྨིན་པའི་ཕྱག་རྗེས་ལས།།
གནས་འདི་དབུས་གཙང་གཉིས་པ་བཞིན།།
དུས་ཀྱི་མུན་པ་ལ་ཟ་བའི།།
སྡེའི་འདིའི་མཛད་འཕྲིན་ནམ་མཐའི་མཐར།།
སྤེལ་ལ་ལྷ་ཆེན་གུར་གྱི་མགོན།།
གཡོ་བ་མེད་པའི་རི་བོ་བཞིན།།
ཨེ་མ་ངག་གི་མེ་ལོང་ལ།།
ཅུང་ཟད་འཆར་བའི་རི་མོ་འདིར།།
འཆར་སྣང་ཟུར་ཙམ་འཕྲུལ་བའི་དགེ།
རྣམ་པར་རྟོག་པའི་ཚུལ་དུ་སྤྲོས།།

             རང་གི་བླ་མ་དམ་པར་ཕུལ་བ།

བློ་བཟང་བཟང་བོའི་འཕྲིན་ལས་གདུགས་དཀར་གྱེན་དུ་འདེགས་ལ་སྔོན་མེད་རིག་སྔགས་མཁན་ཁྱོད་བཟང་པོའི་ལས་ཀྱིས་ཡོངས་མ་བཏང་།།
བཀའ་ཡི་གསང་གསུམ་སྙན་ནས་སྙན་དུ་བརྒྱུད་པའི་ཚུལ་དེ་བསྟན་དང་འགྲོ་བའི་རྣ་ཆ་དཀར་བོར་ཀུན་ཀྱིས་མཆོད་པ་འདི།།
འཕགས་པ་མིག་མི་འཛུམ་གྱི་གར་བསྒྱུར་གང་དུ་བཞུགས་པ་དེ་ཡི་ས་མཁན་མཁན་དུ་གྱུར་བའི་གྲགས་པའི་མཐུར་གྲུབ་པ།།
བདག་ཅག་རེ་བའི་རི་མོ་མ་ལུས་སྔོན་བསགས་སྐལ་བཟང་པིར་གྱི་འདུ་བྱེད་ལས་ནི་ཉེ་བར་འཁྲུངས་པའི་ནོར་བུ་འོ།།

             འདོད་གསོལ།

བསོད་ནམས་ཁུར་གྱིས་ཡོངས་སུ་དུད་པའི་ཨུཏྤལ་མདོག་ཅན་སྔོ་བསང་མདངས་ཀྱི་ལང་ཚོ་ལ།།
ཡོན་པོའི་སྤྱན་ལ་བྲིས་པའི་བརྩེ་བ་ནམ་མཁའི་མཐའ་ཡི་རྗེས་སོང་སྙིང་རྗེ་འཛུམ་བག་གྲོལ།།
ཁྱོད་ཐུགས་ཐུགས་ཀྱིས་གཡར་དམ་ཅི་མཛད་འགྲོ་བའི་དོན་དུ་གཡོ་བ་མེད་པར་བརྐྱངས་པ་ན།།
སྐྱེ་རྒ་ན་འཆིའི་འཆིང་བ་ཀུན་ལྡན་བདག་སོགས་འགྲོ་རྣམས་འཁོར་བའི་གནས་ལས་དབུགས་དབྱུང་ཀྱེ།།
རིང་ནས་ཁྱོད་དྲན་དྲན་པའི་ཚེ་ལ་ལག་ཟུང་ཚངས་པའི་གནས་སུ་བཀོད།།
བཀོད་པའི་ཚེ་ལ་ལ་མོར་གསོལ་འདོད་སེམས་ཀྱི་ཡུས་དག་ཉེར་ཞུ་ན།།
ན་ཚོད་གཞོན་ལུས་ལུས་ཅན་རྣམས་ཀྱི་སྲིད་ཞིའི་སྐྱབས་ཀྱི་དམ་པ་གང་།།
གང་ཞིག་མཆོད་དུས་དུས་ལས་མ་གཡེལ་སྒོ་གསུམ་ལེགས་པའི་ལམ་དུ་སྒྱུརད།།
ཐར་བ་འདོད་རྣམས་ཁྱོད་ཀྱི་དྲུང་ན་པདྨའི་ཚལ་ལ་བུང་བ་བཞིན།།
ཡོངས་སུ་འདུ་བའི་ཆོ་གའི་རི་མོ་འཇིག་རྟེན་བྱེད་པོས་བྲིས་པ་བཞིན།།
ཚད་མའི་སྟོན་པ་ཨརྱ་ཏཱ་རེ་ནམ་མཁའི་མདངས་ཅན་ལྷའི་བུ་མོ།།
ཇི་སྲིད་ཁྱོད་ལས་སྐྱབས་ཡུལ་མ་མཆིས་བདག་ནི་ཉེས་པའི་འདམ་ལས་སྐྱོབས།།
གཡོ་བ་སེམས་ཀྱི་རྩེ་མོ་ལ།།
ལྷ་སྐུ་སྟོང་ཕྲག་འབྲི་བ་ལས།།
ཁྱོད་སྐུ་ཆ་ཙམ་དྲན་པས་ཀྱང་།།
བདག་ལ་འཇིགས་པ་ཡོངས་མ་མཆིས།།
དེའི་ཕྱིར་ཚེ་རབས་ཀུན་ཀྱི་མ།།
བཅོམ་ལྡན་འདས་མ་ཁྱོད་ལགས་ན།།
བདག་གིས་བགྱི་བ་ཅི་བསགས་པ།།
ལྷ་མོ་ཁྱོད་ཀྱི་མདུན་སར་འཆག། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོང་བོ་བདེ་ཆེན་ཆོས་འཁོར་གླིང་།(ཞར་བཀོད་གཉིས་ཡོད)

2014-12-15 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།