ཡིད་ཀྱི་ཆུ་བོ་དབྱངས་ཀྱིས་སྐྱོམས།

               ----གཞས་མ་གཡང་ཕྱུག་མཚོ་ལ་ཕུལ་བ།

དཀར་ནག་ལས་འབྲས་གོ་ལྡོག་བྱེད་པའི་འཇིག་རྟེན་ཞེས་པའི་ཁམས་འདི་ནས།།
ང་ཡི་ཟག་བཅས་ཕུང་བོ་འདི་ལ་སྡུག་བསྔལ་ཅི་འདྲའི་ལྕི་ན་ཡང་།།
ཡིད་འོང་སྐབས་གསུམ་ས་ལ་འཕོས་འདྲའི་འབའ་ཡུལ་གཡང་གི་ར་བ་ནས།།
བདག་གིས་ཚངས་སྲས་ལྷ་མོ་ཁྱེད་རང་སྙན་པའི་ངག་གི་ཡང་ཡང་བསྟོད།།

ཆོལ་གསུམ་བོད་པའི་རྒྱན་དུ་གྱུར་བའི་དབུས་གཙང་དག་པའི་ཞིང་ཁམས་དང་།།
ཆུ་བཞིའི་གར་སྟབས་ཅི་དགར་རྩེན་པའི་མདོ་སྨད་ཕྱུགས་མོའི་ལྗོངས་ལ་སོགས།།
ཕྱི་ནང་གཞིས་བྱེས་ཕུ་ནུའི་སེམས་ཀྱི་ངལ་བ་མཐའ་དག་སེལ་བའི་ཕྱིར།།
ཉིད་ཀྱི་དྲུག་འགྱུར་དབྱངས་རྟ་སྙན་མོ་ང་ཚོའི་རྣ་བའི་དཔྱིད་དུ་སྨིན།།

ཨེ་མ་ཉོན་དང་ཅོ་ཀའི་གདངས་ལ་འགྲན་པའི་གཞས་སྐད་དྭངས་མོ་འདི།།
ཁ་བ་བོད་པའི་སྒྱུ་རྩལ་ཞིང་དུ་ལན་གཅིག་ཞལ་ཁ་ཕྱེས་ནས་ནི།།
དྲི་ཟའི་ཡུལ་གྱི་ལྷ་དང་ལྷ་མོར་སྔོན་མེད་སྐྱེངས་བ་སྟེར་མཛད་ཀྱང་།།
ཁྱོད་དང་ང་ཡི་སྙན་དབང་གསོ་བའི་བདུད་རྩི་མཆོག་ཏུ་བདག་གིས་འདོད།།

ཨེ་མ་ལྟོས་ཤིག་ཉམས་དང་འགྱུར་བག་སྟོང་གིས་ཕྱུག་པའི་མཛངས་མ་འདིས།།
འགྱུར་ཁུག་སྟོང་ལྡན་ངག་རྟར་གྱེར་བཞིན་ཁ་བའི་ལྗོངས་ནས་ལམ་ལ་ཆས།།
མུ་མཐའ་བྲལ་བའི་ལམ་གྱི་སྣེ་མོར་གོམ་པའི་འདེགས་འཇོག་དལ་གྱིས་བསྒྱུར།།
ཕྱི་དང་ནང་གི་རིགས་མཐུན་སེམས་ལ་ཕ་གཞས་གཙང་མའི་མཚར་སྡུག་བསྒྲོན།།

ཀྱེ་མ་ཁྱེད་ཀྱིས་གདངས་དབྱངས་སྙན་མོ་གསེང་མཐོར་ལན་གསུམ་གྱེར་བས་ན།།
ཨ་སྔོན་དབྱིངས་འདིའི་ནག་ནོག་སེལ་ཤིང་གཤོག་ལྡན་རྣམ ས་ཀྱིས་འཕུར་ལྡིང་རྩེན།།
ལྗང་མདོག་སྤང་ཐང་ཆེ་རུ་བསྐྱེད་ཅིང་སྣ་བརྒྱའི་མེ་ཏོག་འདབ་བརྒྱ་གྲོལ།།
ལྷུང་ལྷུང་འབབ་པའི་གཙང་ཆབ་སྔོན་མོས་ཁྱེེད་ཀྱི་འདུན་མ་རྒྱང་དུ་བསྲིངས།།

སྙན་དགུར་གྱེར་བའི་ཁྱེད་ཀྱི་གླུ་སྒྲ་ནམ་མཁའི་སྤྲིན་དང་རྒྱ་མཚོའི་རླབས།།
རི་ལུང་ནགས་ཚལ་རྩྭ་ཐང་དང་ནི་སྦྲ་ཁྱིམ་སོགས་སུ་ཁྱབ་པའི་ཚེ།།
བདག་གི་སེམས་ཀྱི་ཁྱེའུ་དཀར་པོ་དབང་མེད་ཁྱེད་ཀྱི་ཕྱོགས་སུ་བརྒྱུག།
ཀ་ལ་པིང་ཀའི་གསུང་དབྱངས་འདི་ལ་དབྱངས་ཅན་ལྷ་མོ་ཧད་དེ་ཅེར།།

དབྱངས་ལྡན་རོལ་ཆའི་འགྱུར་ཁུག་ཁྲོད་ན་བརྩེ་ཞེན་རྦ་རླབས་དགུང་དུ་འཕྱོ།།
དབྱངས་གསལ་སོ་བཞིའི་སྡེབ་སྦྱོར་བར་ན་ཕ་སྐད་དག་མ་འོད་དུ་འཚེར།།
དབྱངས་སྙན་ཁོ་མོའི་ངག་གི་རྒྱུན་འདི་ཇི་སྲིད་ཉམས་པ་མེད་པའི་སླད།།
བདག་གིས་སོར་བཅུ་ཐལ་མོ་སྦྱར་ནས་དབྱངས་ཀྱི་རྒྱལ་མོར་ཡང་ཡང་འདུད།།
                    དུང་དཀར་གཞིས་ཀ་ནས་གྲུབ་བོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིད་ཀྱི་ཆུ་བོ་དབྱངས་ཀྱིས་སྐྱོམས།

2015-07-26 དུང་སྒྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།