སྐད་འཕྲིན་ནང་གི་བོད་པ།


བོད་མི་རེ་ལ་ཁ་པར་རེ་དང་ཁ་པར་ནང་ན་སྐད་འཕྲིན་རེ།།
སྐད་འཕྲིན་དེ་ལ་མིང་ཡག་རེ་དང་དེ་དང་མཐུན་པའི་པར་ཡག་རེ།།
ད་དུང་ཁ་ན་ཚིག་ཡག་རེ་དང་ཚིག་ཡག་དེ་ལ་དབྱངས་ཡག་རེ།
ཡག་ཡག་འགྲིག་འགྲིག་རྒྱན་རྒྱན་ལེགས་ལེགས་ཚང་མ་གླེང་ན་ངལ་བའི་རྒྱུ།།

འཕྲིན་སྟེགས་སྒང་ནས་ངག་འཕྲིན་སྐུར་དུས་བཤད་སྟངས་ཉན་སྟངས་ཆ་མེད་ཅིག །
ཚིག་རེའི་མགོ་ན་བཀྲ་ཤིས་ཡོད་ལ་མཇུག་ན་བདེ་ལེགས་གྲངས་མེད་ཅིག །
སྐར་མ་རེ་རེར་འཚམས་འདྲི་ཡོད་ལ་དེ་བཞིན་དགའ་བསུ་མང་པོ་ཡོད།།
སྐད་ཐུང་ཚིག་ཐུང་ཅི་མང་ཡོད་ལ་དེ་རྗེས་དགོངས་དག་ལན་མང་ཞུ།།

ཕོ་རྐྱང་སྒེར་ན་མོ་རྐྱང་མང་ལ་མོ་རྐྱང་སྒེར་ན་གྲྭ་རྐྱང་མང་།།
དེ་དག་རེ་རེས་ཚོགས་པ་བཙུགས་ཤིང་ཚོགས་གཙོར་བསྡད་དེ་འཇིགས་འཇིགས་བྱེད།
ཚོགས་མི་ཕལ་ཆེར་གྲྭ་བཙུན་ཡིན་ལ་བཙུན་མ་བླ་མ་ཡོད་ཀྱང་སྲིད།།
ཉིན་ཞིག་ཇོ་མོ་ཆུང་མ་ལེན་ཞིང་བླ་མའི་གསང་ཡུམ་ཉན་ལེ་ཆེ།།

དེ་ལས་ལྷག་ཅིང་དེ་ལས་མཚར་བའི་ངུ་དགོད་ལྟད་མོ་རྗེས་ན་ཡོད།།
མག་པས་ཨ་ནེར་འདོད་གཏམ་བཤད་ལ་ཨ་ནེས་མག་པར་ལ་གཞས་ལེན།།
ནུ་མོས་ཕུ་བོར་འདོད་བརྙན་སྐུར་ལ་ཚ་བོས་ཨ་ཅེར་གཡབ་འདོད་སྐྱེས།།
ནུ་བོས་སྲུ་མོར་དུས་ཆད་བྱེད་ལ་སྲུ་མོས་སྒྱུག་པོར་ཆགས་སྲེད་སློང་།།

མདོར་ཚིག་སྨྲས་ན་སྐད་འཕྲིན་ནང་གི་བོད་པ་དག་ལ་ངོ་ཚ་དབེན།།
སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་ཉིན་དང་མཚན་ལ་ཆགས་བརྗོད་བྱེད།།
ནང་མི་ཉེ་འབྲེལ་ཕན་ཚུན་མི་ཤེས་དགའ་རོགས་བསྒྲིགས་ཏེ་དགའ་བ་གླེང་།།
འདི་ལྟར་སོང་ན་དེང་གི་བོད་པ་ཀུན་གྱིས་འཕྱ་ཞིང་ཀུན་གྱིས་སྨོད།།

                             དུང་དཀར་གཞིས་ཀ་ནས་གྲུབ།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་འཕྲིན་ནང་གི་བོད་པ།

2015-07-28 དུང་སྒྲ། ཀློག་གྲངས། མཆན ཡོད།


བོད་མི་རེ་ལ་ཁ་པར་རེ་དང་ཁ་པར་ནང་ན་སྐད་འཕྲིན་རེ།།
སྐད་འཕྲིན་དེ་ལ་མིང་ཡག་རེ་དང་དེ་དང་མཐུན་པའི་པར་ཡག་རེ།།
ད་དུང་ཁ་ན་ཚིག་ཡག་རེ་དང་ཚིག་ཡག་དེ་ལ་དབྱངས་ཡག་རེ།
ཡག་ཡག་འགྲིག་འགྲིག་རྒྱན་རྒྱན་ལེགས་ལེགས་ཚང་མ་གླེང་ན་ངལ་བའི་རྒྱུ།།

འཕྲིན་སྟེགས་སྒང་ནས་ངག་འཕྲིན་སྐུར་དུས་བཤད་སྟངས་ཉན་སྟངས་ཆ་མེད་ཅིག །
ཚིག་རེའི་མགོ་ན་བཀྲ་ཤིས་ཡོད་ལ་མཇུག་ན་བདེ་ལེགས་གྲངས་མེད་ཅིག །
སྐར་མ་རེ་རེར་འཚམས་འདྲི་ཡོད་ལ་དེ་བཞིན་དགའ་བསུ་མང་པོ་ཡོད།།
སྐད་ཐུང་ཚིག་ཐུང་ཅི་མང་ཡོད་ལ་དེ་རྗེས་དགོངས་དག་ལན་མང་ཞུ།།

ཕོ་རྐྱང་སྒེར་ན་མོ་རྐྱང་མང་ལ་མོ་རྐྱང་སྒེར་ན་གྲྭ་རྐྱང་མང་།།
དེ་དག་རེ་རེས་ཚོགས་པ་བཙུགས་ཤིང་ཚོགས་གཙོར་བསྡད་དེ་འཇིགས་འཇིགས་བྱེད།
ཚོགས་མི་ཕལ་ཆེར་གྲྭ་བཙུན་ཡིན་ལ་བཙུན་མ་བླ་མ་ཡོད་ཀྱང་སྲིད།།
ཉིན་ཞིག་ཇོ་མོ་ཆུང་མ་ལེན་ཞིང་བླ་མའི་གསང་ཡུམ་ཉན་ལེ་ཆེ།།

དེ་ལས་ལྷག་ཅིང་དེ་ལས་མཚར་བའི་ངུ་དགོད་ལྟད་མོ་རྗེས་ན་ཡོད།།
མག་པས་ཨ་ནེར་འདོད་གཏམ་བཤད་ལ་ཨ་ནེས་མག་པར་ལ་གཞས་ལེན།།
ནུ་མོས་ཕུ་བོར་འདོད་བརྙན་སྐུར་ལ་ཚ་བོས་ཨ་ཅེར་གཡབ་འདོད་སྐྱེས།།
ནུ་བོས་སྲུ་མོར་དུས་ཆད་བྱེད་ལ་སྲུ་མོས་སྒྱུག་པོར་ཆགས་སྲེད་སློང་།།

མདོར་ཚིག་སྨྲས་ན་སྐད་འཕྲིན་ནང་གི་བོད་པ་དག་ལ་ངོ་ཚ་དབེན།།
སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་ཉིན་དང་མཚན་ལ་ཆགས་བརྗོད་བྱེད།།
ནང་མི་ཉེ་འབྲེལ་ཕན་ཚུན་མི་ཤེས་དགའ་རོགས་བསྒྲིགས་ཏེ་དགའ་བ་གླེང་།།
འདི་ལྟར་སོང་ན་དེང་གི་བོད་པ་ཀུན་གྱིས་འཕྱ་ཞིང་ཀུན་གྱིས་སྨོད།།

                             དུང་དཀར་གཞིས་ཀ་ནས་གྲུབ།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།