ལྟ་བའི་སྐོར་གྱི་ལབ་གླེང་ལ་ཉན་རྗེས།

ཆབ་བྲག་ཀླུ་འབུམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-19

ལྟ་བ་གླེང་ན་མི་རེའི་སེམས་ན་མི་མཐུན་ཚད་ཀྱི་ལྟ་སྟངས་རེ།།
ལྟ་བ་གླེང་ན་ཚོགས་པ་རེ་ལ་མི་གཅིག་སོ་སོར་ལབ་ཕྱོགས་རེ།།
ལྟ་བ་གླེང་ན་ལུང་བ་རེ་ལ་མི་འདྲའི་ཚུལ་གྱི་ལག་ལེན་རེ།།
ལྟ་བ་གླེང་ན་མི་རིགས་རེ་ལ་བཅོས་སུ་མེད་པའི་ལམ་ལུགས་རེ།།
ལྟ་བ་ཞེས་བ་ཕྱི་ཡི་ཤེས་བྱར་སོ་སོའི་མིག་གི་ལྟ་ཕྱོགས་ཡིན།།
ལྟ་བ་ཞེས་བ་ནང་གི་ཤེས་བྱར་སོ་སོའི་བློ་ཡི་དཔྱོད་སྟངས་ཡིན།།
ལྟ་བ་ཞེས་བ་ཕྱི་ནང་ཤེས་བྱར་སོ་སོའི་བསམ་པའི་འཛིན་སྟངས་ཡིན།།
ལྟ་བ་ཞེས་བ་ཡོད་ཚད་ཀུན་ལ་རང་གི་གོ་བ་ལེན་སྟངས་ཡིན།།
དེ་རིང་གླེང་བའི་ལྟ་བ་འདི་ནི་ཆོས་ལུགས་ལམ་གྱི་ལྟ་བ་སྟེ།།
མཁས་བླུན་བར་མའི་བློ་ཡི་ཚོད་ཀྱི་མི་མཐུན་གོ་ལུགས་མང་ན་ཡང་།།
ཕུགས་སུ་དེད་ན་དད་པའི་རྩ་བ་རང་རང་སེམས་ལ་རག་པ་ལ།།
མཐའ་རུ་གཏུགས་ན་རློམ་དང་མི་རློམ་ཡིད་ཆེས་ཁོ་ནར་བརྟེན་པ་ཡིན།།
ང་ཚོའི་སེམས་ན་སྤྱི་ལ་མཐུན་པའི་ལྟ་བ་ཧ་ཅང་ཉུང་ན་ཡང་།།
གནས་ལུགས་མཐོང་སྟེ་སྒེར་ལ་ཐོབ་པའི་ལྟ་བ་ཟབ་མོ་དེ་ལས་ཉུང་།།
འོན་ཏེ་མང་མང་དད་པའི་ལུགས་ལས་ལོག་པའི་དཔྱད་པ་གཏོང་བ་ལ།།
སུ་ཞིག་ཡིན་རུང་སོམ་ཉིའི་རྒྱ་ལས་བརྒལ་དུ་མེད་པ་ངོ་མ་ཡིན།།
ཁྲིམས་སུ་བཅོས་བའི་ལམ་ལུགས་མ་ཡིན་བཙན་གྱིས་བཀལ་བའི་ཁུར་པོ་མིན།།
གཡོ་ཡིས་བསླུས་བའི་ཟོལ་བརྫུ་མ་ཡིན་རྒྱུ་ཡིས་དྲངས་བའི་ཧམ་པ་མིན།།
བཟོད་དུ་མེད་པའི་ན་ཟུག་མེད་ལ་བཤོལ་དུ་མེད་པའི་བརྩེ་བ་མེད།།
ཅི་དང་གང་གི་གཞན་དབང་མ་ཡིན་རང་གིས་འདེམས་པའི་རང་འདོད་ཡིན།།
སུ་ལ་མི་བསླུའི་ངེས་བ་རྙེད་པའི་བསྒྱུར་དུ་མེད་པའི་གདེངས་ཤིག་ཡོད།།
སུ་ལ་གཏིང་གི་རོ་ལ་མྱང་བའི་བྲོ་བ་མངར་མོའི་ཚོར་བ་ཡོད།།
སུ་ལ་སྤྱི་ལ་བགོས་ན་ཆོག་པའི་སྦྱངས་བ་མོད་པའི་རྒྱགས་ཕྱེ་ཡོད།།
སུ་དང་སུ་ལ་རང་རྐྱ་ཕེར་བའི་གནས་ལུགས་ངོ་མའི་རྫོང་ཞིག་ཡོད།།
ཡོད་ངེས་ཡིན་གྱི་འདི་དང་ཕྱི་མའི་བར་ལ་སུ་ཞིག་བསྐོར་རྒྱུགས་བྱེད།།
སྨིན་ངེས་ཡིན་གྱི་དགེ་དང་སྡིག་པ་སུ་ཡི་ལུས་ན་མངོན་པར་རྫོགས།།
རྟག་པའི་མཐའ་ན་སུ་ཡི་མིག་གིས་མི་རྟག་འཇིགས་པ་དངོས་སུ་མཐོང་།།
ཆད་པའི་མཇུག་ན་སུ་ཡི་སེམས་ཀྱིས་ཤེས་བའི་འགུལ་བསྐྱོད་དངོས་སུ་ཚོར།།
སྒྲིབ་གཉིས་སྟུག་པའི་ང་ཚོའི་མིག་ལ་མངོན་ལྐོག་འགལ་བ་ངོ་མ་ཡིན།།
ཚོགས་གཉིས་མ་རྫོགས་ང་ཚོའི་ཡིད་ན་ཡོད་མེད་འགལ་བ་ངོ་མ་ཡིན།།
ངོ་མའི་གནས་ལ་བསྙོན་དུ་བཙུགས་ཏེ་ཁས་སུ་ལེན་པ་ལྟ་བ་ཡིན།།
ལྟ་བ་འདི་ལ་བརྟེན་དུ་བྱས་ཏེ་ཐར་ལམ་འཚོལ་བ་ཡིད་ཆེས་ཡིན།།
རང་ལ་འདི་ནི་འདིའོ་སྙམ་པའི་རྟོགས་པའི་ཤེས་རབ་མ་ལྡན་ན།།
གཞན་ལ་དེ་ནི་དེའོ་ཟེར་བའི་འགྱུར་མེད་སྤོབས་ཤིག་གང་ནས་རྙེད།།
ལོང་བས་ལོང་བ་གཡང་ལ་འཁྲིད་པའི་འུ་ཐུག་ལས་ལ་སུ་ཞིག་སྤྲོ།།
ཞ་བོས་ཞ་བོ་རྦབ་ལ་སྒྲིལ་བའི་ཉེན་ཁའི་ལས་ལ་སུ་ཞིག་འཇུག།
ཁྱོད་ལ་ཐོབ་པའི་མྱོང་བ་ངོ་མ་ང་ལ་བགོ་བྱར་མི་རུང་ལ།།
ང་ལ་ཡོད་པའི་ཚོར་བ་ཏན་ཏན་ཁྱོད་ལ་སྤྲོད་དུ་མི་འདུག་ན།།
ང་དང་ཁྱོད་ཀྱི་ཟད་མེད་མྱོང་ཚོར་སྤྱི་ལ་ཡོད་པ་མ་ཡིན་པས།།
སྤྱི་ལ་མངའ་བའི་ལྟ་བ་ཞིག་ལ་འགྲེལ་དུ་བྱེད་པ་ག་ལ་ཡོད།།
ས་སྐུའི་དབུ་ལ་དངོས་སུ་མཐོང་བའི་གནག་སྣུམ་སྐྲ་ལོ་དད་པས་བཙུགས།།
ས་སྐུའི་ཞལ་ནས་དངོས་སུ་བརྗོད་པའི་གསུང་ཚིག་དེ་ཡང་དད་པས་བསྒྲགས།།
ས་སྐུའི་ལུས་ནས་དངོས་སུ་འབབ་པའི་བདུད་བརྩི་དེ་ཡང་དད་པས་བཞུར།།
འདི་དག་ཐམས་ཅད་ལྟ་བ་ཞིག་གི་གཞི་རྐང་འཛུགས་སའི་བརྟེན་མ་ཡིན།།
སྐུ་ལུས་གཅིག་ལ་ཕྱག་སྟོང་སྤྱན་སྟོང་ཡོངས་སུ་རྫོགས་པ་དད་པ་ཡིན།།
མི་ཡི་ལུས་ལ་རྟ་དང་སེང་སོགས་མི་འདྲའི་མགོ་འདི་དད་པ་ཡིན།།
ཁྱི་དང་ཕག་སོགས་ཐ་མལ་གཟུགས་ཀྱིས་འགྲོ་དོན་བྱེད་པ་དད་པ་ཡིན།།

ཟས་མཆོག་རྩམ་པ་མེ་རུ་བསྲེག་སྟེ་གསུར་དུ་བྱེད་པ་དད་པ་ཡིན།།
ཇ་མར་འབྲུ་དྲུག་མཐའ་རུ་དོར་ཏེ་གདོན་བགེགས་བསྐྲོད་པ་དད་པ་ཡིན།།
ཡར་ལ་མཆོད་དང་མར་ལ་སྦྱིན་པའི་ལྷག་བསམ་ལས་འདི་དད་པ་ཡིན།།

ཤི་བའི་རྣམ་ཤེས་གསོན་པོའི་ལུས་ལ་བཙན་གྱིས་འཛུལ་བ་དད་པ་ཡིན།།
མི་ཡི་ལུས་ལ་གཉན་གྱི་མཁྱེན་པ་ཐབས་ཀྱིས་བསུ་བ་དད་པ་ཡིན།།
་ ལྷ་འདྲེའི་གཟུགས་ཀྱིས་མི་ཡི་འཚོ་བར་བར་དུ་གཅོད་པ་དད་པ་ཡིན།།

རང་བྱོན་སྐུ་དང་ཡི་གེ་ལ་སོགས་མཐོང་རྒྱུ་ཡོད་པ་དད་པ་ཡིན།།
སྟོང་བའི་ངང་ནས་དམ་པའི་གསུང་དག་ཐོས་རྒྱུ་ཡོད་པ་དད་པ་ཡིན།།
དམ་པ་མང་པོ་ཞི་བར་གཤེགས་ཚུལ་དྲན་རྒྱུ་ཡོད་པ་དད་པ་ཡིན།།
འདི་དག་ཐམས་ཅད་ལྟ་བ་ཞིག་གི་གཞི་རྐང་འཛུགས་སའི་བརྟེན་མཡིན།།
འདམ་གྱི་སྐུ་ལ་གསེར་དངུལ་གཡུ་བྱུར་ཕྲ་རུ་བཏབ་པ་དད་པ་ཡིན།།
ཤོག་བུའི་ངོས་ལ་གསེར་དངུལ་ཆུ་ཡིས་དམ་ཆོས་འབྲི་བ་དད་པ་ཡིན།།
ཤིང་གི་ཁང་བར་གསེར་དངུལ་རིན་ཆེན་ཏོག་དུ་བྱེད་པ་དད་པ་ཡིན།།

འཇག་མའི་རྩེ་ནས་བདེ་མོར་བཞུགས་པའི་མཛད་པ་དེ་ཡང་དད་པ་ཡིན།།
རི་བོའི་གསེང་ལ་ཐོགས་མེད་འཛུལ་བའི་བརྫུ་འཕྲུལ་དེ་ཡང་དད་པ་ཡིན།།
བར་སྣང་ཁམས་ལ་སྡུག་མེད་འཕུར་བའི་གཤོག་པ་དེ་ཡང་དད་པ་ཡིན།།

བུད་མེད་སྐུ་ལ་ཕོ་ཡིས་མཇལ་བའི་འགྲོ་ལུགས་དེ་ཡང་དད་པ་ཡིན།།
ལོ་ལྔའི་བྱིས་པར་བརྒྱད་ཅུའི་རྒན་པོས་ཐོད་པས་གཏུག་པ་དད་པ་ཡིན།།
འདྲ་འདྲའི་ལུས་ལ་མི་འདྲ་བ་ཡི་བྱིན་རླབས་འཇུག་པ་དད་པ་ཡིན།།

ཕྱོགས་མེད་རྒྱལ་ཁམས་ཕྱོགས་གཅིག་བསྡུ་བའི་འབྲེལ་ཐག་དེ་ཡང་དད་པ་ཡིན།།
རིས་མེད་སྟོང་གསུམ་རི་མོར་ཕབ་པའི་སྤོབས་པ་དེ་ཡང་དད་པ་ཡིན།།
གྲངས་མེད་བསྐལ་བ་བློ་ཡིས་གཞལ་བའི་རིག་པ་དེ་ཡང་དད་པ་ཡིན།།

གྲུབ་པ་བརྙེས་བའི་བསམ་མི་ཁྱབ་པའི་མཛད་པ་དེ་ཡང་དད་པ་ཡིན།།
ལྷག་མ་མེད་པར་སྟོང་བར་བསྟིམ་པའི་ཞི་བར་གཤེགས་ཚུལ་དད་པ་ཡིན།།
སྣ་ལྔའི་མཇའ་ཚོན་གུར་དུ་འཁྱིལ་བའི་མཁྲུངས་ལུགས་དེ་ཡང་དད་པ་ཡིན།།

སྲོག་གཅོད་ལ་སོགས་སྡིག་ལ་ལྟོས་ཏེ་འཇིགས་པའི་བློ་དེ་དད་པ་ཡིན།།
མཆོད་སྦྱིན་ལ་སོགས་དགེ་ལ་བསམ་སྟེ་དགའ་བའི་སེམས་དེ་དད་པ་ཡིན།།
དགེ་སྡིག་སྤང་བླང་ཚུལ་བཞིན་བྱེད་པའི་འདུལ་བའི་སྡོམ་དེ་དད་པ་ཡིན།།

འགྲོ་དྲུག་སེམས་ཅན་མ་རུ་སྒོམ་པའི་སེམས་བསྐྱེད་དེ་ཡང་དད་པ་ཡིན།།
འཁོར་བའི་གནས་འདི་སྡུག་བསྔལ་མེ་ཡི་འོབས་ཏུ་མཐོང་བ་དད་པ་ཡིན།།
ལམ་འདི་ཁོ་ན་ཐར་བར་བགྲོད་པའི་གཟིངས་ཏུ་འཁྱེར་བ་དད་པ་ཡིན།།

བཟོད་མེད་ཚ་གྲང་དམྱལ་བའི་སྡུག་བསྔལ་དངོས་སུ་ཡོད་ཚུལ་དད་པ་ཡིན།།
འཛད་མེད་ཟས་གོས་ལྷུན་དུ་གྲུབ་པའི་ཞིང་ལ་རེ་ཚུལ་དད་པ་ཡིན།།
བདེ་སྡུག་འདམ་ག་ད་ལྟའི་རང་གི་ལས་ལ་རག་ཚུལ་དད་པ་ཡིན།།

ཤི་བའི་སྐྱེས་བུ་སླར་ཡང་མཁྲུངས་སྟེ་འགྲོ་དོན་བྱེད་ཚུལ་དད་པ་ཡིན།།
གསོན་པའི་མི་བུ་གདུལ་བྱར་བཟུང་སྟེ་འདུལ་བའི་ཚུལ་ཡང་དད་པ་ཡིན།།
མདོར་ན་བདེ་སྡུག་བཟང་ངན་ཡོད་ཚད་ལས་སུ་འདོད་པ་དད་པ་ཡིན།།

སྐལ་ཆེན་གྲངས་མེད་ས་བཅུ་ལམ་ལྔ་སྟོང་གསུམ་ཞིང་འདི་དད་པ་ཡིན།།
གཞི་ལམ་འབྲས་བུ་དགེ་སྡུག་འདི་ཕྱི་ལས་དང་རྒྱུ་འབྲས་དད་པ་ཡིན།།
མདོར་ན་ཉན་ཐོས་རང་རྒྱལ་སངས་རྒྱས་བྱང་སེམས་དགྲ་བཅོམ་དད་པ་ཡིན།།

གང་ལྟར་ལྟ་བ་འདི་ལ་ལྟོས་ནས་རྟེན་འབྱུང་རྟོགས་པའི་དམ་པ་ཚོར།།
དད་དད་དུང་དུང་ངང་གིས་བྱེད་པའི་ལྟ་བ་འདི་ཡི་རྗེས་འཇུག་ཚོས།།
ལྟ་བའི་ཚུལ་ལ་བརྟག་པ་མེད་པར་དད་པ་ཁོ་ནར་བརྟེན་པ་འདི།།
ཡིད་ཆེས་རྩ་བ་རང་ལ་བཅོལ་བའི་གཡོ་མེད་ཨུ་ཚུགས་ག་ལཡིན།།
གང་ལྟར་དད་པ་འདི་ལ་བརྟེན་པའི་ལྟ་བ་འདི་ཡི་རྗེས་འཇུག་ཚོ།།
བླ་མ་ཕ་མའི་རིང་ནས་བརྒྱུད་པའི་གཞིག་ཏུ་མེད་པའི་བག་ཆགས་གིས།།
བརྟག་པའི་བློ་མིག་བཀབ་པ་མ་ཡིན་དཔྱོད་པའི་བསམ་བློ་དགག་པ་མིན།།
རང་རང་སེམས་ཀྱི་མོས་ལུགས་བཞིན་དུ་གནས་ལུགས་རེ་ལ་བརྟེན་པ་ཡིན།།
གང་ལྟར་ལྟ་བ་འདི་ལ་ལྟོས་བའི་གྲངས་སུ་མོད་པའི་རྗེས་འཇུག་ཚོས།།
དད་པ་ཙམ་དང་ཡིད་ཆེས་ཙམ་ཞིག་ཞེན་པས་འཛིན་པ་ག་ལ་ཡིན།།
གནས་ལུགས་བཙལ་སྟེ་ལྟ་བའི་གཏིང་ལ་འདྲིས་བར་བྱེད་པའི་ལུང་རིག་གིས།།
གཟུ་བོར་གནས་བའི་བློ་མིག་རྣོན་པོས་ཞི་ལམ་འཚོལ་བ་ཅི་ལ་མིན།།
ཧ་ཅང་ཧ་ཅང་ཞིབ་མོའི་བློ་ཡིས་ལྟ་བ་གླེང་རྒྱུ་མང་དྲགས་ན།།
ཧ་ལམ་ཧ་ལམ་གཡམ་རྒྱུགས་མཁན་ཚོའི་ཡང་མོའི་བློ་ཁ་འགྱུར་ཉེན་ཆེ།།
དེ་བས་དེ་རིང་མང་པོས་སྒྲོས་བའི་ལབ་གླེང་ཤིག་ལ་རྐྱེན་བྱས་ཏེ།།
གློ་བུར་བྱུང་བའི་དྲན་ཚུལ་ཙམ་ཞིག་རི་མོར་ཕབ་ལ་འགལ་བ་ཅི།།

                 ༢༠༡༤ལོའི་ཟླ་ ༡༡ ཚེས་༡༥ཉིན་ལ་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྟ་བའི་སྐོར་གྱི་ལབ་གླེང་ལ་ཉན་རྗེས།

2015-09-19 ཆབ་བྲག་ཀླུ་འབུམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།