སྐྱེལ་མ།

ཐོ་ཡོར།༼ དཀར་མཛེས ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-10-10


འཆར་སྣང་གཙང་བོ་བྲུག་པའི་བར་གླགས་དེ་ལ།།
མགོ་དཀྲིས་དམར་པོ་བརྒྱབས་པའི་དབྱངས་ཀྱི་ཨ་ཅག།
རྒྱབ་གཟུགས་རི་ལ་བཞག་ནས་མཚོ་ཁར་ཕེབས་སོང་།།
ཆུ་ལ་བཏང་བའི་གཞས་དེ་སྐར་འོད་ལམ་ལམ།།
ལྗོན་པའི་རྩེ་ན་འདར་བའི་སྐར་མའི་ཕྲེང་བ།།
ཟླ་འོད་ཁུད་དུ་རུམ་པའི་ཟིལ་བའི་མེ་ཏོག།
སྨུག་པ་རི་ལ་གཏོང་བའི་སྐྱེམས་ཆང་ཁམ་གང་།།
སྣང་བའི་རི་སུལ་དེ་ནས་གཙང་བཞེས་གནང་རོགས།།
ཕྱེ་ལེབ་ཁྲ་བོ་དེ་ཡི་གཤོག་པའི་སྟེང་ལ།།
སྤྲིན་པ་གཡོ་བའི་སྣང་བ་སུམ་མདུད་དགུ་མདུད།།
བ་སྤུའི་རྩེ་མོར་འོད་ཀྱི་སྤྱན་ཆབ་བསིལ་ན།།
ང་ཡི་སྙན་ངག་བླ་མཚོའི་ཁ་ཡི་སྤྲིས་མ།།

                2015.5.5

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱེལ་མ།

2015-10-10 ཐོ་ཡོར།༼ དཀར་མཛེས ༽ ཀློག་གྲངས། མཆན ཡོད།


འཆར་སྣང་གཙང་བོ་བྲུག་པའི་བར་གླགས་དེ་ལ།།
མགོ་དཀྲིས་དམར་པོ་བརྒྱབས་པའི་དབྱངས་ཀྱི་ཨ་ཅག།
རྒྱབ་གཟུགས་རི་ལ་བཞག་ནས་མཚོ་ཁར་ཕེབས་སོང་།།
ཆུ་ལ་བཏང་བའི་གཞས་དེ་སྐར་འོད་ལམ་ལམ།།
ལྗོན་པའི་རྩེ་ན་འདར་བའི་སྐར་མའི་ཕྲེང་བ།།
ཟླ་འོད་ཁུད་དུ་རུམ་པའི་ཟིལ་བའི་མེ་ཏོག།
སྨུག་པ་རི་ལ་གཏོང་བའི་སྐྱེམས་ཆང་ཁམ་གང་།།
སྣང་བའི་རི་སུལ་དེ་ནས་གཙང་བཞེས་གནང་རོགས།།
ཕྱེ་ལེབ་ཁྲ་བོ་དེ་ཡི་གཤོག་པའི་སྟེང་ལ།།
སྤྲིན་པ་གཡོ་བའི་སྣང་བ་སུམ་མདུད་དགུ་མདུད།།
བ་སྤུའི་རྩེ་མོར་འོད་ཀྱི་སྤྱན་ཆབ་བསིལ་ན།།
ང་ཡི་སྙན་ངག་བླ་མཚོའི་ཁ་ཡི་སྤྲིས་མ།།

                2015.5.5

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།