གནམ་ངོ་འཐིབ་སྒང་དེར།༼ ཞར་བཀོད་གསུམ་ཡོད ༽


ལག་ན་སྤྲིན་ནག་ཡུག་གཅིག་བཟུང་སྟེ།།
ཞལ་གྱི་ཁྲོ་གཉེར་བསྡུ་བཞིན་འདུག་པ།།
གྲིབ་མ་མང་བོས་ལག་རྡང་སྦྲེལ་ཏེ།།
ཡིད་ངོར་བྱ་ར་བྱེད་དོན་ཅི་ཡོད།།
ང་ནི་ནགས་བྱེའུ་ཆུང་ཆུང་ཞིག་ཡིན།།
ཤིང་སྡོང་ཡལ་གར་མཚམས་ལ་བསྡད་པ།།
འཇིག་རྟེན་ཟུར་གསུམ་ཞིག་ལ་སྐྲག་གོ།
འཚོ་བ་སྐྱ་རིབ་ཅིག་ལ་སྔངས་ངོ་།།
བྱེ་ཐང་རླུང་བུས་ཟ་བཞིན་འདུག་པ།།
དེ་ལ་སྨྲེང་བའི་ཚུགས་ཀ་ཨེ་འདུག།
རྨི་ལམ་གསལ་མ་གསལ་ཞིག་རྨིས་པ།།
དེ་ལ་མཚར་སྡུག་ཟེར་བ་ཨེ་གདའ།།
ང་ལ་ནམ་མཁའ་སྔོན་པོ་མེད་ཀྱང་།།
གཡུ་ཡི་ལྗོན་པ་འདི་ཡིས་ཆོག་འདུག།
དེ་ཡི་ཡལ་ག་རེ་རེའི་བར་ན།།
ཆུ་ཡི་ཐིགས་པ་སྟོང་ཡང་འཛུམ་ཡོད།།
སྣང་བ་ཆུ་ལ་བསྐུར་བའི་ཟོལ་དེ།།
ཡི་གེའི་ཚོགས་ཀྱིས་ནམ་ཞར་བཟློ་འོ།།

               ཐོན་མི།

ཡུལ་ནི་བས་མཐའ་ཀུན་ཏུ་བསྐོར་ཏེ།།
སྟག་གཟིག་ང་རོ་དེ་གས་གཙེས་ཀྱང་།།
ངལ་བའི་ཚ་གྲང་བཟོད་འདི་ཅི་ཞིག།
ཀཱ་ལི་གཤོག་པ་ཅན་དག་འཕུར་ཏེ།།
ཉི་མའི་དཀྱིལ་འཁོར་མང་བོ་བྲིས་བཞག།
དབྱངས་ཀྱི་ཟླ་འོད་རྒུམ་པའི་ཐུ་བྷོད།།
ཚེ་ཡི་དར་སྐུད་བོད་ལ་དཀྲིས་ན།།
བཙན་གྱི་རལ་གྲི་བོད་ལ་བཏགས་ན།།
གླེགས་བམ་སེར་པོ་བྱང་ལ་དྲངས་ན།།
འོད་ཀྱི་གོང་བུ་ཕྱག་གིས་གཏོར་ན།།
དེ་ལ་གློ་བ་མི་དགའ་ཅི་དགའ།།
བོད་དང་བོན་གྱིས་དྲིན་འདི་གོ་ཤོག།
བོད་དང་བོན་གྱིས་དྲིན་འདི་གསོས་ཤོག།

 

 

 

             ཆུ་སྐྱེས་ཤིག་གི་ཁ་ཕྱེ་ཉིན།

ཁྱེད་ཀྱི་ཚེ་དང་བླ་ཡི་དབྱངས།།
ས་གནམ་བར་དུ་བྲིས་ཙམ་གྱིས།།
ཆོ་ལོ་ཞིག་གིས་ངོས་འཛིན་བྱེད།།
གཅེས་མིང་ཞིག་གིས་ནམ་ཞར་འབོད།།
ཕ་དང་མ་དང་གཉེན་ཚན་གྱིས།།
ངོ་གདོང་རེ་ནས་ཟེར་མ་འཕྲོས།།
ཐོར་རུ་སྔོག་བཅད་གོང་བཞུགས་ཏེ།།
གསར་རུའི་སྣང་བ་རླུང་ལ་བསྐུར།།
སྤྲིན་དང་ཉི་འོད་རྐྱ་འཐབ་སྟེ།།
དྲོད་དང་བསིལ་བའི་རུམ་ཁ་རྙེད།།
ཡིན་ཙང་དོན་ཀུན་གྲུབ་པ་བཞིན།།
འཁོར་བའི་འཁྲིས་སུ་ངེས་འབྱུང་སྐྱེས།།
དགོན་པའི་གསེར་ཏོག་འཁྱུག་མཐོང་བས།།
མིག་གི་མདངས་ལས་མཆི་མ་འཛུམ།།
དེ་ཚེ་རས་གཟན་ནར་མོ་ཡིས།།
ཁྱེད་ཉིད་སྐྱོ་བའི་སྐྱོ་རོགས་གནང་།།

            གཉིད་མི་ཡོང་བའི་མཚན་ཞག

མུན་པའི་རལ་བ་ནག་པོ་གསིག་པ་ན།།
ཞེན་པའི་སྣང་བ་དལ་གྱིས་འགག་ལ་ཁད།།
རང་གི་ལག་པས་སྒོའུ་ཡོལ་ཕྱེས་པ་ན།།
ཁང་ཁྱིམ་འོད་དང་ཟེར་མས་བཏུམ་སོང་སྐད།།
རླུང་གིས་སྤྲིན་ནག་དེ་ག་གཏོར་བྱུང་ངོ་།།
ཆུ་ཡིས་སེམས་ཀྱི་དྲི་མ་བཀྲུས་སོང་ངོ་།།
ཟླ་འོད་མཚོ་ངོགས་བརྒྱབ་པའི་དེ་ཙ་ན།།
ང་ཡང་ངུ་མ་དགོད་ཀྱིས་ཆུ་ཁར་ཤར།། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནམ་ངོ་འཐིབ་སྒང་དེར།༼ ཞར་བཀོད་གསུམ་ཡོད ༽

2015-11-18 གཏེར་སྣང་བྱེད། ཀློག་གྲངས། མཆན ཡོད།


ལག་ན་སྤྲིན་ནག་ཡུག་གཅིག་བཟུང་སྟེ།།
ཞལ་གྱི་ཁྲོ་གཉེར་བསྡུ་བཞིན་འདུག་པ།།
གྲིབ་མ་མང་བོས་ལག་རྡང་སྦྲེལ་ཏེ།།
ཡིད་ངོར་བྱ་ར་བྱེད་དོན་ཅི་ཡོད།།
ང་ནི་ནགས་བྱེའུ་ཆུང་ཆུང་ཞིག་ཡིན།།
ཤིང་སྡོང་ཡལ་གར་མཚམས་ལ་བསྡད་པ།།
འཇིག་རྟེན་ཟུར་གསུམ་ཞིག་ལ་སྐྲག་གོ།
འཚོ་བ་སྐྱ་རིབ་ཅིག་ལ་སྔངས་ངོ་།།
བྱེ་ཐང་རླུང་བུས་ཟ་བཞིན་འདུག་པ།།
དེ་ལ་སྨྲེང་བའི་ཚུགས་ཀ་ཨེ་འདུག།
རྨི་ལམ་གསལ་མ་གསལ་ཞིག་རྨིས་པ།།
དེ་ལ་མཚར་སྡུག་ཟེར་བ་ཨེ་གདའ།།
ང་ལ་ནམ་མཁའ་སྔོན་པོ་མེད་ཀྱང་།།
གཡུ་ཡི་ལྗོན་པ་འདི་ཡིས་ཆོག་འདུག།
དེ་ཡི་ཡལ་ག་རེ་རེའི་བར་ན།།
ཆུ་ཡི་ཐིགས་པ་སྟོང་ཡང་འཛུམ་ཡོད།།
སྣང་བ་ཆུ་ལ་བསྐུར་བའི་ཟོལ་དེ།།
ཡི་གེའི་ཚོགས་ཀྱིས་ནམ་ཞར་བཟློ་འོ།།

               ཐོན་མི།

ཡུལ་ནི་བས་མཐའ་ཀུན་ཏུ་བསྐོར་ཏེ།།
སྟག་གཟིག་ང་རོ་དེ་གས་གཙེས་ཀྱང་།།
ངལ་བའི་ཚ་གྲང་བཟོད་འདི་ཅི་ཞིག།
ཀཱ་ལི་གཤོག་པ་ཅན་དག་འཕུར་ཏེ།།
ཉི་མའི་དཀྱིལ་འཁོར་མང་བོ་བྲིས་བཞག།
དབྱངས་ཀྱི་ཟླ་འོད་རྒུམ་པའི་ཐུ་བྷོད།།
ཚེ་ཡི་དར་སྐུད་བོད་ལ་དཀྲིས་ན།།
བཙན་གྱི་རལ་གྲི་བོད་ལ་བཏགས་ན།།
གླེགས་བམ་སེར་པོ་བྱང་ལ་དྲངས་ན།།
འོད་ཀྱི་གོང་བུ་ཕྱག་གིས་གཏོར་ན།།
དེ་ལ་གློ་བ་མི་དགའ་ཅི་དགའ།།
བོད་དང་བོན་གྱིས་དྲིན་འདི་གོ་ཤོག།
བོད་དང་བོན་གྱིས་དྲིན་འདི་གསོས་ཤོག།

 

 

 

             ཆུ་སྐྱེས་ཤིག་གི་ཁ་ཕྱེ་ཉིན།

ཁྱེད་ཀྱི་ཚེ་དང་བླ་ཡི་དབྱངས།།
ས་གནམ་བར་དུ་བྲིས་ཙམ་གྱིས།།
ཆོ་ལོ་ཞིག་གིས་ངོས་འཛིན་བྱེད།།
གཅེས་མིང་ཞིག་གིས་ནམ་ཞར་འབོད།།
ཕ་དང་མ་དང་གཉེན་ཚན་གྱིས།།
ངོ་གདོང་རེ་ནས་ཟེར་མ་འཕྲོས།།
ཐོར་རུ་སྔོག་བཅད་གོང་བཞུགས་ཏེ།།
གསར་རུའི་སྣང་བ་རླུང་ལ་བསྐུར།།
སྤྲིན་དང་ཉི་འོད་རྐྱ་འཐབ་སྟེ།།
དྲོད་དང་བསིལ་བའི་རུམ་ཁ་རྙེད།།
ཡིན་ཙང་དོན་ཀུན་གྲུབ་པ་བཞིན།།
འཁོར་བའི་འཁྲིས་སུ་ངེས་འབྱུང་སྐྱེས།།
དགོན་པའི་གསེར་ཏོག་འཁྱུག་མཐོང་བས།།
མིག་གི་མདངས་ལས་མཆི་མ་འཛུམ།།
དེ་ཚེ་རས་གཟན་ནར་མོ་ཡིས།།
ཁྱེད་ཉིད་སྐྱོ་བའི་སྐྱོ་རོགས་གནང་།།

            གཉིད་མི་ཡོང་བའི་མཚན་ཞག

མུན་པའི་རལ་བ་ནག་པོ་གསིག་པ་ན།།
ཞེན་པའི་སྣང་བ་དལ་གྱིས་འགག་ལ་ཁད།།
རང་གི་ལག་པས་སྒོའུ་ཡོལ་ཕྱེས་པ་ན།།
ཁང་ཁྱིམ་འོད་དང་ཟེར་མས་བཏུམ་སོང་སྐད།།
རླུང་གིས་སྤྲིན་ནག་དེ་ག་གཏོར་བྱུང་ངོ་།།
ཆུ་ཡིས་སེམས་ཀྱི་དྲི་མ་བཀྲུས་སོང་ངོ་།།
ཟླ་འོད་མཚོ་ངོགས་བརྒྱབ་པའི་དེ་ཙ་ན།།
ང་ཡང་ངུ་མ་དགོད་ཀྱིས་ཆུ་ཁར་ཤར།། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།