ཆུ་བུར་མིག ཟིལ་བའི་གཟུགས།

བསྟན་འཛིན་ཤེས་རབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-12-27

རྟོག་པའི་ལོ་མ་རླུང་འཁུར་ཞིག །
སྣང་བ་ཕྲ་མོའི་ཁུག་མ་ཞིག །
ཞེན་པ་ལྕགས་ཀྱི་ཕ་བོང་ཞིག །
གཉའ་བ་ལད་པོར་ཁྲིགས་ཀྱི་ལེ། །

སྡུག་གི་འཁོར་བའི་གཏིང་རུམ་ལ། །
མེ་ཏོག་འདབ་མའི་འཆོར་རྒྱན་སྤྲས། །
རོ་མངར་བདུད་རྩིའི་བྱིན་རླབས་བསྐྱིལ། །
གཞལ་ཡས་གུར་གྱི་བླ་རེ་བྲེས། །

དྲེགས་ལྡན་དབྱངས་ཀྱི་ཨ་ལོང་གིས། །
བྱིས་བློའི་རྐང་བ་བྲེལ་བར་བྱས། །
གདོང་ལ་མུན་པའི་སྐེག་ཚོས་ཀྱིས། །
བྱུགས་པའི་རང་ཉིད་བོར་བར་གྱུར། །

གཟུགས་ལ་གཟུགས་ཀྱི་གཏམ་རྒྱུད་འབྲི། །
ཆུ་རྡུལ་ཉི་མའི་ཟེར་ལ་བཏབ། །
ཕྱོགས་དང་ཕྱོགས་ཀྱི་ཟ་ཟུར་ནས། །
འདྲེན་བྱེད་རྒྱལ་མོ་ཐང་ལ་ལྷུང་། །

ལྕང་ལོའི་འདབ་མ་སིལ་སིལ་བསྐྱོད། །
དྲི་ཡི་ཟིལ་བ་འཐུལ་ལིར་གཏོར། །
ཡུད་ཙམ་སྣང་བའི་བཞིན་གྱི་མདངས། །
བསལ་གསེས་བགྱིད་པའི་ཡིད་སེམས་དུབ། །

རྗེན་གཟུགས་ལྕུག་མའི་འཁྱུག་འགྲོས་ཀྱིས། །
སེམས་ཀྱི་སྣང་སྲིད་དམ་ལ་བཏགས། །
གོམ་པ་རླུང་གི་ཤུགས་འགྲོས་ལ། །
སྣ་གཅུས་བཅུན་པའི་སྣང་བ་ཞིག །

མཇའ་ཚོན་ཡལ་བའི་རྗེས་ཤུལ་དེར། །
གདུང་བའི་རི་མོ་གཞན་ཞིག་འབྲི། །
ལེ་ལན་འདེད་པའི་ཁག་འཁུར་ནི། །
རྐྱེན་གསུམ་ལས་ཀྱང་ཞིབ་པ་ཞིག །

ཟླ་བའི་ཞལ་གྱིས་སྙེམས་པ་ཞིག །
སྨྱོས་བྱེད་ཞལ་དུ་སོང་འདྲ་ཞིག །
ཚིགས་དྲུག་རླུང་གིས་གཡོས་པ་ཞིག །
སྲིན་བལ་གསར་དུ་སྨིན་པ་ཞིག །

དུས་ལ་བཏབ་པའི་སྙོམས་འཇུག་དེ། །
དར་དིར་བུང་བའི་མགྲིན་པས་སྒུལ། །
ཞག་གི་ཚིགས་མལ་རེ་རེར་ཡང་། །
བདུད་ཀྱི་ཞགས་པའི་ཁ་མདུད་ཐེབས། །

རྒྱབ་ཀྱིས་ཕྱོགས་པའི་གྲིབ་གཟུགས་ཀྱིས། །
བླ་སྲོག་ཐེད་པོར་རི་མོ་འབྲི། །
སྒྱུ་མའི་འཁྲུལ་གྱི་གཤེགས་ཤུལ་ན། །
དྲན་པའི་རི་མོར་མེ་ལྕེ་མཆེད། །

འཕྱོར་མོ་གཡར་མའི་མེ་ལོང་ལས། །
གདོང་བ་སྐྱ་བོའི་སེར་ག་མཐོང་། །
སྣང་བ་དེ་ཡི་ཕ་རོལ་ཀྱི། །
གསང་བའི་སྒོ་མོར་རྡོག་ཐོས་གཞུ། །

སྔར་ལམ་མཇལ་བའི་སེང་ལྕམ་ལ། །
ལ་རྩེ་ཡོལ་བའི་བཀའ་ཆད་ཕོག །
ཆོས་ཉིད་རྒྱལ་མོའི་འུར་ལྕགས་འདིས། །
ང་ཡི་གོམ་ཁར་བྲེལ་ཤ་བསླངས། །

བྲང་ལ་ཕོག་པའི་སྡེར་ཤུལ་དུ། །
ལན་ཚྭའི་ཆུ་ཡི་གཤེར་ན་ཡང་། །
མཚན་ལ་རོལ་བའི་རྨི་ལམ་དེར། །
པད་མའི་འདབ་མས་བྱིལ་བ་བྱེད། །

ཡུལ་སྡེའི་མིག་ཞགས་དགུང་ནས་འཁྱུག །
མ་ལོའི་མཆི་མ་སྙིང་ལ་བསིལ། །
ཉི་ཟླའི་བང་གི་རྒྱུ་ལམ་ན། །
གདོང་བ་རྫོབ་པོར་རུལ་དྲི་འཐུལ། །

ཞེན་པའི་སྣ་ཞགས་རིང་མོ་ཡིས། །
མཁོ་དགུ་གཞིབ་པའི་འཁྲུལ་བག་གི །
བྱིས་པའི་སྣང་བ་ལང་ཤོར་གྱིས། །
འཇིག་རྟེན་ཁ་ལོ་བསྒྱུར་རམ་ཅི། །

དོན་དམ་ནམ་མཁའི་ལྡེབ་མའི་ངོར། །
གློག་གི་སྒྱུ་མ་འཁྱུག་འགྲོས་ཀྱིས། །
བྲིས་པའི་རི་མོ་ཀྱ་ཀྱུ་དེ། །
ཚེ་ལ་བསྡུས་པའི་ལྟད་མོ་འདྲ། །

          ༢༠༡༥/༧/༢༦
 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་བུར་མིག ཟིལ་བའི་གཟུགས།

2015-12-27 བསྟན་འཛིན་ཤེས་རབ། ཀློག་གྲངས། མཆན ཡོད།

རྟོག་པའི་ལོ་མ་རླུང་འཁུར་ཞིག །
སྣང་བ་ཕྲ་མོའི་ཁུག་མ་ཞིག །
ཞེན་པ་ལྕགས་ཀྱི་ཕ་བོང་ཞིག །
གཉའ་བ་ལད་པོར་ཁྲིགས་ཀྱི་ལེ། །

སྡུག་གི་འཁོར་བའི་གཏིང་རུམ་ལ། །
མེ་ཏོག་འདབ་མའི་འཆོར་རྒྱན་སྤྲས། །
རོ་མངར་བདུད་རྩིའི་བྱིན་རླབས་བསྐྱིལ། །
གཞལ་ཡས་གུར་གྱི་བླ་རེ་བྲེས། །

དྲེགས་ལྡན་དབྱངས་ཀྱི་ཨ་ལོང་གིས། །
བྱིས་བློའི་རྐང་བ་བྲེལ་བར་བྱས། །
གདོང་ལ་མུན་པའི་སྐེག་ཚོས་ཀྱིས། །
བྱུགས་པའི་རང་ཉིད་བོར་བར་གྱུར། །

གཟུགས་ལ་གཟུགས་ཀྱི་གཏམ་རྒྱུད་འབྲི། །
ཆུ་རྡུལ་ཉི་མའི་ཟེར་ལ་བཏབ། །
ཕྱོགས་དང་ཕྱོགས་ཀྱི་ཟ་ཟུར་ནས། །
འདྲེན་བྱེད་རྒྱལ་མོ་ཐང་ལ་ལྷུང་། །

ལྕང་ལོའི་འདབ་མ་སིལ་སིལ་བསྐྱོད། །
དྲི་ཡི་ཟིལ་བ་འཐུལ་ལིར་གཏོར། །
ཡུད་ཙམ་སྣང་བའི་བཞིན་གྱི་མདངས། །
བསལ་གསེས་བགྱིད་པའི་ཡིད་སེམས་དུབ། །

རྗེན་གཟུགས་ལྕུག་མའི་འཁྱུག་འགྲོས་ཀྱིས། །
སེམས་ཀྱི་སྣང་སྲིད་དམ་ལ་བཏགས། །
གོམ་པ་རླུང་གི་ཤུགས་འགྲོས་ལ། །
སྣ་གཅུས་བཅུན་པའི་སྣང་བ་ཞིག །

མཇའ་ཚོན་ཡལ་བའི་རྗེས་ཤུལ་དེར། །
གདུང་བའི་རི་མོ་གཞན་ཞིག་འབྲི། །
ལེ་ལན་འདེད་པའི་ཁག་འཁུར་ནི། །
རྐྱེན་གསུམ་ལས་ཀྱང་ཞིབ་པ་ཞིག །

ཟླ་བའི་ཞལ་གྱིས་སྙེམས་པ་ཞིག །
སྨྱོས་བྱེད་ཞལ་དུ་སོང་འདྲ་ཞིག །
ཚིགས་དྲུག་རླུང་གིས་གཡོས་པ་ཞིག །
སྲིན་བལ་གསར་དུ་སྨིན་པ་ཞིག །

དུས་ལ་བཏབ་པའི་སྙོམས་འཇུག་དེ། །
དར་དིར་བུང་བའི་མགྲིན་པས་སྒུལ། །
ཞག་གི་ཚིགས་མལ་རེ་རེར་ཡང་། །
བདུད་ཀྱི་ཞགས་པའི་ཁ་མདུད་ཐེབས། །

རྒྱབ་ཀྱིས་ཕྱོགས་པའི་གྲིབ་གཟུགས་ཀྱིས། །
བླ་སྲོག་ཐེད་པོར་རི་མོ་འབྲི། །
སྒྱུ་མའི་འཁྲུལ་གྱི་གཤེགས་ཤུལ་ན། །
དྲན་པའི་རི་མོར་མེ་ལྕེ་མཆེད། །

འཕྱོར་མོ་གཡར་མའི་མེ་ལོང་ལས། །
གདོང་བ་སྐྱ་བོའི་སེར་ག་མཐོང་། །
སྣང་བ་དེ་ཡི་ཕ་རོལ་ཀྱི། །
གསང་བའི་སྒོ་མོར་རྡོག་ཐོས་གཞུ། །

སྔར་ལམ་མཇལ་བའི་སེང་ལྕམ་ལ། །
ལ་རྩེ་ཡོལ་བའི་བཀའ་ཆད་ཕོག །
ཆོས་ཉིད་རྒྱལ་མོའི་འུར་ལྕགས་འདིས། །
ང་ཡི་གོམ་ཁར་བྲེལ་ཤ་བསླངས། །

བྲང་ལ་ཕོག་པའི་སྡེར་ཤུལ་དུ། །
ལན་ཚྭའི་ཆུ་ཡི་གཤེར་ན་ཡང་། །
མཚན་ལ་རོལ་བའི་རྨི་ལམ་དེར། །
པད་མའི་འདབ་མས་བྱིལ་བ་བྱེད། །

ཡུལ་སྡེའི་མིག་ཞགས་དགུང་ནས་འཁྱུག །
མ་ལོའི་མཆི་མ་སྙིང་ལ་བསིལ། །
ཉི་ཟླའི་བང་གི་རྒྱུ་ལམ་ན། །
གདོང་བ་རྫོབ་པོར་རུལ་དྲི་འཐུལ། །

ཞེན་པའི་སྣ་ཞགས་རིང་མོ་ཡིས། །
མཁོ་དགུ་གཞིབ་པའི་འཁྲུལ་བག་གི །
བྱིས་པའི་སྣང་བ་ལང་ཤོར་གྱིས། །
འཇིག་རྟེན་ཁ་ལོ་བསྒྱུར་རམ་ཅི། །

དོན་དམ་ནམ་མཁའི་ལྡེབ་མའི་ངོར། །
གློག་གི་སྒྱུ་མ་འཁྱུག་འགྲོས་ཀྱིས། །
བྲིས་པའི་རི་མོ་ཀྱ་ཀྱུ་དེ། །
ཚེ་ལ་བསྡུས་པའི་ལྟད་མོ་འདྲ། །

          ༢༠༡༥/༧/༢༦
 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།