གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡོལ་བའི་རྒྱབ་ཀྱི་མི་དེར།

2016-02-16 20:36:05 ཐོ་ཡོར།༼ དཀར་མཛེས ༽ ཀློག་གྲངས། མཆན ཡོད།


སེམས་ལ་བསྐུངས་པའི་ཟིལ་བ་ཆུང་ངུ་དེ།།
རླུང་གིས་གཡོ་ཙམ་བྱས་ན་སྙིང་ཆུང་ལྡིང་།།
མིག་གི་ཕད་ཀ་དྲད་ནས་དེ་རུ་ལྷག།
བསིལ་བསིལ་ཟླ་བའི་ཕག་ནས་ལྟ་ཙམ་གནོངས།།

ཡོལ་བའི་རྒྱབ་ཀྱི་ཕྱེ་ལེབ་འཕུར་བའི་སྒྲས།།
རྩིག་པའི་ཕྱི་ནང་ཚིག་ནས་འཐོར་སྙམ་བྱེད།།
ཀྱེ་མ་འཁོར་བའི་སྐར་མ་མིག་ཅན་ལགས།།
ཉིན་ཞག་འཁྱག་པ་འདི་དག་སྦྲིད་སྦྲིད་མཛོད།།

ལན་བུའི་སྨུག་པའི་གསེབ་ཏུ་མི་ཞིག་འདར།།
སྙིང་གི་ཕད་ཀ་རལ་ཞིང་སྨྲ་བ་འགགས།།
མིག་ཆུའི་ཐག་སྒྲ་མེ་ལོང་ངོས་སུ་ཞི།།
མིག་གིས་ཟིན་སྙན་སྟོན་པའི་དབུ་སྐྲ་བསིལ།།

ཆང་དང་མཆུ་སྒྲོས་བརླན་སའི་གནས་དེ་ནས།།
ཆུ་ཡི་ནང་གི་སེམས་པར་ཁྲག་ཐིགས་འཁྱིལ།།
ཚུར་ལ་བྱོན་པའི་སྐར་མ་འགུལ་ཙམ་གྱིས།།
སྒྱུ་མའི་གཙང་བོར་སྐྱོ་གདུང་ལྗང་གུ་བབས།།

ག་ལེར་འཛུམ་ཞིང་ག་ལེར་དགོད་པ་དེས།།
སྤྲིན་པའི་རྒྱབ་ཀྱི་ཉི་འོད་བཟི་རུ་བཅུག།
བཟི་བོའི་སྒེའུ་ཁུང་ནང་གི་ན་བུན་དེ།།
ཡོལ་བའི་རྒྱབ་ཀྱི་ཆུ་ཡི་མེ་ཏོག་ཡིན།།

                       ༢༠༡༤-༡༠-༧


                                     རྩོམ་སྒྲིག་པ། སྐྱ་བོ།


                                                                                                        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།