དྲན་སྣང་རབ་རིབ།

དཀར་ཁུང་།༼ ཉི་ཧོང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-02-27


མདང་ནུབ་མཁའ་ལ་བལྟས་པས།།
སྐར་མའི་མིག་ཟུང་རིག་རིག།
གམ་གྱི་གྲོང་ལ་བལྟས་པས།།
སྒྲོན་མེའི་མིག་ཟུང་རིག་རིག།
རིག་རིག་ནན་གྱིས་བལྟས་ཀྱང་།།
ཁྱོད་ཀྱི་ཞལ་རས་མ་རིག། 

རིག་རིག་ཅེར་བས་མ་རིག།
མིག་གཉིས་ཟུམ་པས་རིག་སོང་།།
མ་རིག་ཡུན་རིང་འགོར་བའི།།
གདོང་གི་མེ་ཏོག་རིག་བྱུང་།།

ཕྱི་ལ་རྣ་བ་བླགས་པས།།
ཆར་གྱི་རོལ་མོ་ཤག་ཤག།
ནང་ལ་རྣ་བ་གཏད་པས།།
ཆར་གྱི་རོལ་མོ་ཤག་ཤག།
ཤག་ཤག་གདོང་ལ་ཟགས་པ།།
ཆར་གྱི་ཐིགས་པ་ཨེ་རེད།།

ང་དང་ཁྱོད་ཀྱི་འཛོམས་ཆང་།།
རྟིང་མའི་ལོ་ལ་བསྙལ་ཡོད།།
ལོ་ལ་བསྙལ་བའི་ལོ་ཆང་།།
ལོ་ཆང་བདུད་རྩི་ཁམ་པ།།
དེ་ལ་སྲེད་པའི་སྐོམ་གདུང་།།
རྒྱ་ཆང་འདི་ཡིས་མི་སོད།།

              ༨ ༢༥ ཐོ་རེངས་ལ་བྲིས།


                                               རྩོམ་སྒྲིག་འགན་ཁུར་བ། སྐྱ་བོ། 


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 




རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་སྣང་རབ་རིབ།

2016-02-27 དཀར་ཁུང་།༼ ཉི་ཧོང ༽ ཀློག་གྲངས། མཆན ཡོད།


མདང་ནུབ་མཁའ་ལ་བལྟས་པས།།
སྐར་མའི་མིག་ཟུང་རིག་རིག།
གམ་གྱི་གྲོང་ལ་བལྟས་པས།།
སྒྲོན་མེའི་མིག་ཟུང་རིག་རིག།
རིག་རིག་ནན་གྱིས་བལྟས་ཀྱང་།།
ཁྱོད་ཀྱི་ཞལ་རས་མ་རིག། 

རིག་རིག་ཅེར་བས་མ་རིག།
མིག་གཉིས་ཟུམ་པས་རིག་སོང་།།
མ་རིག་ཡུན་རིང་འགོར་བའི།།
གདོང་གི་མེ་ཏོག་རིག་བྱུང་།།

ཕྱི་ལ་རྣ་བ་བླགས་པས།།
ཆར་གྱི་རོལ་མོ་ཤག་ཤག།
ནང་ལ་རྣ་བ་གཏད་པས།།
ཆར་གྱི་རོལ་མོ་ཤག་ཤག།
ཤག་ཤག་གདོང་ལ་ཟགས་པ།།
ཆར་གྱི་ཐིགས་པ་ཨེ་རེད།།

ང་དང་ཁྱོད་ཀྱི་འཛོམས་ཆང་།།
རྟིང་མའི་ལོ་ལ་བསྙལ་ཡོད།།
ལོ་ལ་བསྙལ་བའི་ལོ་ཆང་།།
ལོ་ཆང་བདུད་རྩི་ཁམ་པ།།
དེ་ལ་སྲེད་པའི་སྐོམ་གདུང་།།
རྒྱ་ཆང་འདི་ཡིས་མི་སོད།།

              ༨ ༢༥ ཐོ་རེངས་ལ་བྲིས།


                                               རྩོམ་སྒྲིག་འགན་ཁུར་བ། སྐྱ་བོ། 


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 




རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།