ཡིད་ཀྱི་གདུང་བ་ཚིག་གིས་སྤུད་པ།༼ ཞར་བཀོད་གསུམ་ཡོད ༽

མགར་དམག༼ མཛོད་དགེ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-03-25


དྲན་པས་གདུང་ནས་ཤ་ཡང་རིད་པའི་དུས།།
མཁྲིག་མའི་ཆུ་ཚོད་དཔུང་བའི་བར་དུ་ཤུད།།
བྲང་གི་ཚིག་ནག་རྣག་གིས་ལྗིབས་པ་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

མིག་གི་མདངས་ཀྱང་ཉམས་ཏེ་མོག་པའི་དུས།།
ཚོན་གྱི་ཁ་དོག་སེམས་ཀྱིས་མི་ཟིན་ལ།།
ཟས་ཀྱི་བྲོ་བ་ལྕེ་ཡིས་མི་ཚོར་བ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

ཉལ་བའི་རྨི་ལམ་འཁྲུག་ཅིང་འཐབ་པའི་དུས།།
མངོན་སུམ་སྣང་བ་སྟོང་བའི་ལེའུ་ལ།།
རྒྱུ་འབྲས་འཆོར་བའི་ལས་ཀྱི་བཀོད་པ་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

མཚན་མོའི་ཟླ་བ་མཚོ་ལ་ལྷུང་བའི་དུས།།
ཡིད་ཀྱི་སྐར་མ་མཁའ་ནས་འཐོར་བ་ལ།།
ཙག་གི་དཀྲུམ་མདའ་རུས་ལ་ཟུག་པ་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

རུས་པའི་ལྷུ་ཆུང་འཐོར་ཏེ་ཆད་པའི་དུས།།
རྩ་གནད་གྲིམ་པོའི་རྐྱ་ཁ་ཞིག་པ་ལ།།
ཚེ་ཡི་རྨུ་ཐག་ལས་ཀྱིས་བཅད་པ་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

རྣམ་ཤེས་རྩྭ་སྐྱ་རླུང་གིས་ཟ་བའི་དུས།།
དྲན་པའི་ཞེན་ཆགས་དུར་དུ་འཁོར་བ་ལ།།
བྱ་རྒོད་མིག་ཆུ་ཐིགས་པའི་མྱ་ངན་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

གནམ་དང་ས་གཞི་བར་གྱིས་ཆོད་པའི་དུས།།
ཆགས་དང་ཞེན་པའི་སྟོབས་ཀྱིས་སྦྲེལ་བ་ལ།།
རིགས་དྲུག་མྱ་ངན་མཚོན་གྱིས་རྨས་པ་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

                                          ཆང་མ་ཟླ་བ་སྒྲོན།

དགུན་འདིའི་རླུང་བུ་བཙན་ནམ་ཅི།།
ཟླ་བའི་སྙིང་གཏམ་བསིལ་ལམ་ཅི།།
ལུས་ཀྱི་བ་སྤུ་གཡོ་བ་ལ།།
སེམས་པའི་རྟ་ཕོ་འདྲོགས་པ་ལ།།

ཆང་གི་བདུད་རྩི་ཞིམ་པ་ལ།།
བདུད་རྩིའི་བཅུད་འདི་སྣུམ་པ་ལ།།
འཐུང་རོགས་ཟླ་བ་བསིལ་བ་ལ།།
སྤྱན་གྱི་བཟི་ཁ་དེ་བས་བསིལ།།

ཕར་ལྟས་འཛུམ་ཆུང་གྲོལ་བ་ལ།།
ཆང་ཁའི་རོལ་དབྱངས་སྙན་པ་ལ།།
དབྱངས་རྟ་འཁྱུག་པ་གྱ་གྱུ་ལ།།
ཟླ་བའི་འོད་ཀྱིས་ཞུགས་པ་ལ།།

ཚུར་ལྟས་མིག་ལས་མཐོང་པ་ལ།།
ཆང་ཕོར་སྙིང་གཏམ་ལྟེམས་པ་ལ།།
སྙིང་གི་ཕྱེད་ཀ་འཕྱུར་བ་ལ།།
ལྦུ་བའི་འོ་མ་དཀར་བ་ལ།།
འཐུང་རོགས་བཞེས་རོགས་ཟླ་བ་ལགས།།

ཆང་ཁང་གློག་འོད་ཁྲ་ཁྲ་ལ།།
སེམས་པ་ཁྲ་ཁྲ་མ་མདུད་ལགས།།
ཁྲ་ཁྲའི་ནང་གི་ཆང་ཕོར་ལ།།
གློ་བ་ཁྲ་ཁྲ་མི་འདུག་ལགས།།

ཆང་ལ་ཧུབ་ཀྱིས་མཆོད་པ་ལ།།
བརྩེ་བ་དལ་གྱིས་བཞེས་པ་ལ།།
སུ་དང་གང་ལ་མ་བཅོལ་ལ།།
སྲ་མོ་བྲག་ལ་བཅོལ་ཡོད་ལ།།

སེམས་པའི་ལྡེབས་སུ་བྲིས་པ་ལ།།
ཁྲག་གི་བཅུད་དུ་བཏུམས་པ་ལ།།
ལས་ཀྱི་ཟླ་བ་གཅིག་པུ་ལ།།
མཚན་མའི་དབྱངས་སུ་འཚེར་བ་ལ།།
སྒོ་དང་སྒེའུ་ཁུང་གསལ་བ་ལ།།
ནང་གི་མེ་ཏོག་གྲོལ་བ་ལ།།
སྟེང་གི་ཕྱེ་ལེབ་སྤྲོ་བ་ལ།།

ཟླ་བ་ཟླ་བ་ཆང་མ་ལ།།
ཆང་མ་ཟླ་བ་སྒྲོལ་མ་ལ།།
ཆང་ཕོར་མཐོར་རུ་བཏེགས་པ།།
བརྩེ་བའི་དགུ་ཚིགས་གྲུབ་པ་ལ།།
ཉི་ཟླ་བར་དུ་ཚེས་པ་ལ།།
ཟླ་བ་ཟླ་བ་ཆང་མ་ལ།།
ཆང་མ་ཟླ་བ་སྒྲོལ་མ་ལ།།

             ཤིན་ཏུ་ར་བཟི་བའི་མཚན་མོ་ཞིག་ལ་ཆང་མ་ཟླ་སྒྲོལ་འབོད་པའི་ གནས་མོ་དེ་ལ། 2014.11.21ཉིན་ལྷ་ས་ནས་བྲིས། 2015.9.16ཉིན་བཅོས།

                                          སེམས་ངོ་འཕྲོད་པ་མ་བྱུང་།

དེང་མ་ལམ་ནས་ཐུག་པས།། 
ཚུར་ལ་འཛུམ་ཆུང་བསྟན་སོང་།།
འགྲོ་ཞོར་ཕྱིར་མིག་འཕངས་པ།། 
ལམ་ཐུག་ལས་ཀྱིས་མདུད་བྱུང་།།

ཁ་པར་སྣེ་ནས་ཕྲད་པ།།
དེ་འདྲའི་འདྲེས་རྒྱུ་མ་བྱུང་།།
འགྲོ་ཞོར་སྒོ་ནས་ཕྲད་པས།།
མཁུར་རྩ་དམར་པོ་ཆགས་སོང་།།

ཚོར་བ་མི་འདུག་མ་གསུང་།། 
མིག་གི་ནང་ན་གསལ་ཡོད།།
ལག་པ་ཚུར་སྲིངས་ཞུས་པས།།
ལུས་པོ་འདར་ཙམ་བྱས་སོང་།།

ཕ་ཡུལ་ག་ནས་དྲིས་པས།།
མཆུ་ཤ་འགུལ་ཙམ་བྱས་སོང་།།
མཆུ་ལ་དམར་ཤ་ཆགས་པས།།
ཡིད་ལ་ན་བ་བྱུང་སོང་།།

མིག་གིས་ཕར་ལ་ལྟས་པས།།
མགོ་བོ་བྲང་ལ་སྨད་སོང་།།
མགོ་བོ་དགྱེ་རོགས་ཞུས་པས།།
ཚུར་ལ་ལྟ་ཙམ་གནང་སོང་།།

མིག་ལ་ཆ་ག་ཆགས་པས།།
སྤང་གི་ཤྭ་བ་དྲན་གི།
ཤྭ་བའི་སྤུ་མདངས་མཛེས་པ།།
མིག་གི་སྐད་ཆར་འཐིམ་ཡོད།།

མིན་ན་འགྲོ་ཞེས་ཞུས་པས།།
དབུ་ལྕོག་ལྡེམ་ལྡེམ་བྱས་བྱུང་།།
གྲོང་མཐའི་ཟམ་པ་བརྒལ་པས།།
སེམས་པ་ལྷོད་ཙམ་བྱུང་སོང་།།

ཟམ་པ་ཨ་ལོང་དགུ་སྦྲེལ།།
ཟམ་རྡོ་གཡའ་མ་བཀྲ་ཤིས།།
ཟམ་སྟེང་ཕོ་མོ་ཆ་འགྲིག།
ཨ་འགྲིག་བསོད་ནམས་རང་འགྲིག།

གོམ་པ་མཉམ་དུ་བཤུབ་པས།།  
ཆུ་ནང་ཉ་མོ་སྤྲོ་སོང་།། 
ལག་པས་ལག་པ་བཟུང་པས།། 
མེ་ཏོག་འདབ་མ་གྲོལ་སོང་།།   

སྤྲིན་པ་ལྷོ་བཞུད་ཅིག་ལ།།
བརྩེ་བའི་དམ་ཚིགས་བསྐུར་ཡོད།།
བུ་མོ་ཞེ་མཐུན་དེ་ལ།།
སེམས་ཀྱི་ལམ་ཡིག་བསྟན་ཡོད།།

དེའུ་འབུར་ཆུང་ཆུང་སྒང་ལ།།
གོམ་འགྲོས་མཉམ་པོར་བཞག་ཡོད།།
སྒང་གི་བསིལ་རླུང་འཇམ་པོར།།
བརྩེ་བའི་འོ་ཆུང་བྱས་ཡོད།།

འོ་ལ་འོ་དྲི་བྲོ་བ།།
འབྲོག་མོའི་ལུས་དྲི་ལོས་ཡིན།།
ལུས་པོ་ལུས་པོར་གླན་པ།།
རང་རང་སེམས་སུ་སྦས་ཡོད།

སེམས་སུ་ཆར་བ་བབས་པས།།
ལྗང་མྱུག་གསར་དུ་འབུས་ཡོད།།
ལྗང་མྱུག་འབུས་པའི་སྒང་ལ།།
སད་དང་སེར་བ་བབས་མེད།།

ཉི་ཞག་ཁ་ཤས་ཤིག་ལ།།
ཁ་པར་འཕྲོད་པ་མ་བྱུང་།།
ས་ཆ་གང་ཡིན་མ་གོ།
ག་ཤེད་གནས་པ་མ་ཚོར།།

ངོ་ཤེས་བློ་གཏད་རེ་ལ།།
སྐད་ཆ་ཚིག་གསུམ་བསྐུར་བ།།
མོ་ལ་ཤོད་ཅེས་ཞུས་ཡོད།།
ལན་ཞིག་གསུང་རོགས་ཞུས་ཡོད།།

མི་འགྲིག་སྐད་ཅིག་དགོས་རེད།།
མི་བཟང་ལན་ཞིག་དགོས་རེད།།
མི་བཟང་མི་འགྲིག་མེད་ན།།
མི་འགྲིག་བསམ་པ་ངར་མེད།།

ནམ་ཟླ་ཇེ་འཁྱག་སོང་བས།།
སེམས་ཀྱང་ཇེ་གྲང་རེད་ཐ།།
སྙིང་གྲོགས་དྲན་དང་མ་དྲན།།
ལུས་ཀྱི་ཤ་ལ་ལྟོས་དང་།།

སེམས་པ་ཕར་ཕྱོགས་ཤིག་ལ།།
སེམས་གཏམ་ཚུར་ཡོང་མེད་ན།།
དེང་མ་མ་འགྲིག་ཆོག་ག།
སེམས་པ་སྐྱོ་དོན་མེད་ག།

པ་ཏྲའི་རི་མོ་ཟེར་བ།།
བརྩེ་བའི་ལམ་ཐིག་ཡིན་ཟེར།།
ལམ་ལ་གྱ་གྱུ་མང་པ།།
རི་མོ་དེ་དང་འདྲ་བྱུང་།།

དཀར་ཡོལ་འབྲུག་རིས་ཤིག་ལ།།
འོ་ཇའི་ཕུད་ཅིག་བཏང་ཡོད།།
འཐུང་རོགས་སོ་ཞོ་དཀར་པོ།།
ག་ཤེད་སྐྱིད་ནས་ཡོད་དམ།།

ཇ་འདི་གསོལ་རོགས་ཞུས་པས།།
ཇ་སྙིགས་མང་སོང་མ་ཞུ།།
ཇ་ཤིང་མེ་ཏོག་སྟེང་ལ།།
འདས་པའི་ལོ་ཟླ་བརྐོས་ཡོད།།

ལོ་ལ་ལོ་ཆང་བསྙལ་ཡོད།།
ཆང་ལ་བདུད་རྩི་ཕབས་ཡོད།།
བདུད་རྩི་སོར་གྱིས་བཏེགས་ཡོད།།
གནམ་སའི་བར་ལ་བཏེགས་ཡོད།།

                                         སྤང་ནས་མེ་ཏོག་འཐུ་རོགས་གཡང་དཀར་ལུག

ལ་མོ་རི་དེ་བརྒལ་བའི་ངལ་དུབ་ཚེ།།
ལུས་པོ་སྤང་ལ་བཞག་ཏེ་མེ་ཏོག་བཏུས།།
ལུག་ཆུང་མཆོང་ལ་ལྡིང་བས་སུག་པ་ཡིས།།
མེ་ཏོག་སྐེད་པ་བཅད་དེ་ང་ལ་བལྟ།།

གློ་བུར་ལམ་གྱི་རླུང་བུ་ལས་ལ་འཁྱུད།
མེ་ཏོག་དྲི་ངད་སེམས་ཀྱི་ཕུགས་སུ་འཛུལ།།
ཀྱེ་མ་ཕ་གིའི་གླུ་ཡང་རྣ་ལ་འཐིམ།།
ལུས་སེམས་རབ་ཏུ་སྨྱོས་ཏེ་སྒང་ལ་བུད།
རི་སྐེད་གླུ་བ་དེ་ལ་གླུ་ལེན་ཕུལ།།
ལུག་ཁྱུ་སྐྱེངས་པའི་ཚུལ་གྱིས་ཞོགས་ནས་ཐལ།།

གོམ་གསུམ་རྡོག་པ་བླངས་ཚེ་རླུང་གི་ཡང་།།
འུར་ཆ་ཀླད་ལ་སྐོར་བའི་བར་གླགས་དེར།།
གནམ་གྱི་སྐར་མ་འཐོར་ཏེ་རུམ་ལ་ལྷུང་།།
ལུག་ཁྱུ་རི་ལས་བབས་ཏེ་རང་ཁྱིམ་སྙེགས།།

ཀྱེ་མ་ལང་ཚོ་འུར་ཆའི་སྣེ་ནས་བསྐོར།།
འཁོར་བའི་ཐབ་རྡོ་གསུམ་གྱི་འབེན་ལ་ཕོག།

ཞོགས་ཉི་གདོང་གི་དམར་ལ་ཕོག་ཙ་ན།
ལུས་པོ་སྒུར་སྒུར་བཞོ་དབྱངས་འཐེན་ནས་ཡོད།
དབྱངས་ཀྱི་སྤྲིས་མ་འོ་མའི་ཁ་ལ་ལྟེམས།།
ལུས་སེམས་གཉིས་ཀ་གཡང་གི་གཞིས་ལ་འཁོར།།

འཁོར་བའི་ལོངས་སྤྱོད་རང་ལ་ཉེ་ཚུལ་དང་།།
སེམས་ཀྱི་ལག་པ་ཉི་མར་བསྲིངས་པ་དེ།།
ལས་ཀྱི་མེ་ལོང་གདོང་ལ་འཆར་ཚུལ་གཉིས།།
ལུག་དང་མེ་ཏོག་སྤང་ལ་འཐིམ་ཚུལ་ལོ།།།
ཆུ་དང་ཆར་བ་གཅིག་དུ་འདྲེས་ཚུལ་ལོ།།།

                   2015-7-4ཉིན།

                                                                       རྩོམ་སྒྲིག་པ། ལྷ་སྐྱིད།

                                                                                 
                                                                                                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིད་ཀྱི་གདུང་བ་ཚིག་གིས་སྤུད་པ།༼ ཞར་བཀོད་གསུམ་ཡོད ༽

2016-03-25 མགར་དམག༼ མཛོད་དགེ ༽ ཀློག་གྲངས། མཆན ཡོད།


དྲན་པས་གདུང་ནས་ཤ་ཡང་རིད་པའི་དུས།།
མཁྲིག་མའི་ཆུ་ཚོད་དཔུང་བའི་བར་དུ་ཤུད།།
བྲང་གི་ཚིག་ནག་རྣག་གིས་ལྗིབས་པ་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

མིག་གི་མདངས་ཀྱང་ཉམས་ཏེ་མོག་པའི་དུས།།
ཚོན་གྱི་ཁ་དོག་སེམས་ཀྱིས་མི་ཟིན་ལ།།
ཟས་ཀྱི་བྲོ་བ་ལྕེ་ཡིས་མི་ཚོར་བ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

ཉལ་བའི་རྨི་ལམ་འཁྲུག་ཅིང་འཐབ་པའི་དུས།།
མངོན་སུམ་སྣང་བ་སྟོང་བའི་ལེའུ་ལ།།
རྒྱུ་འབྲས་འཆོར་བའི་ལས་ཀྱི་བཀོད་པ་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

མཚན་མོའི་ཟླ་བ་མཚོ་ལ་ལྷུང་བའི་དུས།།
ཡིད་ཀྱི་སྐར་མ་མཁའ་ནས་འཐོར་བ་ལ།།
ཙག་གི་དཀྲུམ་མདའ་རུས་ལ་ཟུག་པ་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

རུས་པའི་ལྷུ་ཆུང་འཐོར་ཏེ་ཆད་པའི་དུས།།
རྩ་གནད་གྲིམ་པོའི་རྐྱ་ཁ་ཞིག་པ་ལ།།
ཚེ་ཡི་རྨུ་ཐག་ལས་ཀྱིས་བཅད་པ་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

རྣམ་ཤེས་རྩྭ་སྐྱ་རླུང་གིས་ཟ་བའི་དུས།།
དྲན་པའི་ཞེན་ཆགས་དུར་དུ་འཁོར་བ་ལ།།
བྱ་རྒོད་མིག་ཆུ་ཐིགས་པའི་མྱ་ངན་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

གནམ་དང་ས་གཞི་བར་གྱིས་ཆོད་པའི་དུས།།
ཆགས་དང་ཞེན་པའི་སྟོབས་ཀྱིས་སྦྲེལ་བ་ལ།།
རིགས་དྲུག་མྱ་ངན་མཚོན་གྱིས་རྨས་པ་དེ།།
ཁྱེད་དང་འབྲེལ་བ་ཁྱེད་ཀྱིས་ཤེས་སམ་ཀྱེ།།

                                          ཆང་མ་ཟླ་བ་སྒྲོན།

དགུན་འདིའི་རླུང་བུ་བཙན་ནམ་ཅི།།
ཟླ་བའི་སྙིང་གཏམ་བསིལ་ལམ་ཅི།།
ལུས་ཀྱི་བ་སྤུ་གཡོ་བ་ལ།།
སེམས་པའི་རྟ་ཕོ་འདྲོགས་པ་ལ།།

ཆང་གི་བདུད་རྩི་ཞིམ་པ་ལ།།
བདུད་རྩིའི་བཅུད་འདི་སྣུམ་པ་ལ།།
འཐུང་རོགས་ཟླ་བ་བསིལ་བ་ལ།།
སྤྱན་གྱི་བཟི་ཁ་དེ་བས་བསིལ།།

ཕར་ལྟས་འཛུམ་ཆུང་གྲོལ་བ་ལ།།
ཆང་ཁའི་རོལ་དབྱངས་སྙན་པ་ལ།།
དབྱངས་རྟ་འཁྱུག་པ་གྱ་གྱུ་ལ།།
ཟླ་བའི་འོད་ཀྱིས་ཞུགས་པ་ལ།།

ཚུར་ལྟས་མིག་ལས་མཐོང་པ་ལ།།
ཆང་ཕོར་སྙིང་གཏམ་ལྟེམས་པ་ལ།།
སྙིང་གི་ཕྱེད་ཀ་འཕྱུར་བ་ལ།།
ལྦུ་བའི་འོ་མ་དཀར་བ་ལ།།
འཐུང་རོགས་བཞེས་རོགས་ཟླ་བ་ལགས།།

ཆང་ཁང་གློག་འོད་ཁྲ་ཁྲ་ལ།།
སེམས་པ་ཁྲ་ཁྲ་མ་མདུད་ལགས།།
ཁྲ་ཁྲའི་ནང་གི་ཆང་ཕོར་ལ།།
གློ་བ་ཁྲ་ཁྲ་མི་འདུག་ལགས།།

ཆང་ལ་ཧུབ་ཀྱིས་མཆོད་པ་ལ།།
བརྩེ་བ་དལ་གྱིས་བཞེས་པ་ལ།།
སུ་དང་གང་ལ་མ་བཅོལ་ལ།།
སྲ་མོ་བྲག་ལ་བཅོལ་ཡོད་ལ།།

སེམས་པའི་ལྡེབས་སུ་བྲིས་པ་ལ།།
ཁྲག་གི་བཅུད་དུ་བཏུམས་པ་ལ།།
ལས་ཀྱི་ཟླ་བ་གཅིག་པུ་ལ།།
མཚན་མའི་དབྱངས་སུ་འཚེར་བ་ལ།།
སྒོ་དང་སྒེའུ་ཁུང་གསལ་བ་ལ།།
ནང་གི་མེ་ཏོག་གྲོལ་བ་ལ།།
སྟེང་གི་ཕྱེ་ལེབ་སྤྲོ་བ་ལ།།

ཟླ་བ་ཟླ་བ་ཆང་མ་ལ།།
ཆང་མ་ཟླ་བ་སྒྲོལ་མ་ལ།།
ཆང་ཕོར་མཐོར་རུ་བཏེགས་པ།།
བརྩེ་བའི་དགུ་ཚིགས་གྲུབ་པ་ལ།།
ཉི་ཟླ་བར་དུ་ཚེས་པ་ལ།།
ཟླ་བ་ཟླ་བ་ཆང་མ་ལ།།
ཆང་མ་ཟླ་བ་སྒྲོལ་མ་ལ།།

             ཤིན་ཏུ་ར་བཟི་བའི་མཚན་མོ་ཞིག་ལ་ཆང་མ་ཟླ་སྒྲོལ་འབོད་པའི་ གནས་མོ་དེ་ལ། 2014.11.21ཉིན་ལྷ་ས་ནས་བྲིས། 2015.9.16ཉིན་བཅོས།

                                          སེམས་ངོ་འཕྲོད་པ་མ་བྱུང་།

དེང་མ་ལམ་ནས་ཐུག་པས།། 
ཚུར་ལ་འཛུམ་ཆུང་བསྟན་སོང་།།
འགྲོ་ཞོར་ཕྱིར་མིག་འཕངས་པ།། 
ལམ་ཐུག་ལས་ཀྱིས་མདུད་བྱུང་།།

ཁ་པར་སྣེ་ནས་ཕྲད་པ།།
དེ་འདྲའི་འདྲེས་རྒྱུ་མ་བྱུང་།།
འགྲོ་ཞོར་སྒོ་ནས་ཕྲད་པས།།
མཁུར་རྩ་དམར་པོ་ཆགས་སོང་།།

ཚོར་བ་མི་འདུག་མ་གསུང་།། 
མིག་གི་ནང་ན་གསལ་ཡོད།།
ལག་པ་ཚུར་སྲིངས་ཞུས་པས།།
ལུས་པོ་འདར་ཙམ་བྱས་སོང་།།

ཕ་ཡུལ་ག་ནས་དྲིས་པས།།
མཆུ་ཤ་འགུལ་ཙམ་བྱས་སོང་།།
མཆུ་ལ་དམར་ཤ་ཆགས་པས།།
ཡིད་ལ་ན་བ་བྱུང་སོང་།།

མིག་གིས་ཕར་ལ་ལྟས་པས།།
མགོ་བོ་བྲང་ལ་སྨད་སོང་།།
མགོ་བོ་དགྱེ་རོགས་ཞུས་པས།།
ཚུར་ལ་ལྟ་ཙམ་གནང་སོང་།།

མིག་ལ་ཆ་ག་ཆགས་པས།།
སྤང་གི་ཤྭ་བ་དྲན་གི།
ཤྭ་བའི་སྤུ་མདངས་མཛེས་པ།།
མིག་གི་སྐད་ཆར་འཐིམ་ཡོད།།

མིན་ན་འགྲོ་ཞེས་ཞུས་པས།།
དབུ་ལྕོག་ལྡེམ་ལྡེམ་བྱས་བྱུང་།།
གྲོང་མཐའི་ཟམ་པ་བརྒལ་པས།།
སེམས་པ་ལྷོད་ཙམ་བྱུང་སོང་།།

ཟམ་པ་ཨ་ལོང་དགུ་སྦྲེལ།།
ཟམ་རྡོ་གཡའ་མ་བཀྲ་ཤིས།།
ཟམ་སྟེང་ཕོ་མོ་ཆ་འགྲིག།
ཨ་འགྲིག་བསོད་ནམས་རང་འགྲིག།

གོམ་པ་མཉམ་དུ་བཤུབ་པས།།  
ཆུ་ནང་ཉ་མོ་སྤྲོ་སོང་།། 
ལག་པས་ལག་པ་བཟུང་པས།། 
མེ་ཏོག་འདབ་མ་གྲོལ་སོང་།།   

སྤྲིན་པ་ལྷོ་བཞུད་ཅིག་ལ།།
བརྩེ་བའི་དམ་ཚིགས་བསྐུར་ཡོད།།
བུ་མོ་ཞེ་མཐུན་དེ་ལ།།
སེམས་ཀྱི་ལམ་ཡིག་བསྟན་ཡོད།།

དེའུ་འབུར་ཆུང་ཆུང་སྒང་ལ།།
གོམ་འགྲོས་མཉམ་པོར་བཞག་ཡོད།།
སྒང་གི་བསིལ་རླུང་འཇམ་པོར།།
བརྩེ་བའི་འོ་ཆུང་བྱས་ཡོད།།

འོ་ལ་འོ་དྲི་བྲོ་བ།།
འབྲོག་མོའི་ལུས་དྲི་ལོས་ཡིན།།
ལུས་པོ་ལུས་པོར་གླན་པ།།
རང་རང་སེམས་སུ་སྦས་ཡོད།

སེམས་སུ་ཆར་བ་བབས་པས།།
ལྗང་མྱུག་གསར་དུ་འབུས་ཡོད།།
ལྗང་མྱུག་འབུས་པའི་སྒང་ལ།།
སད་དང་སེར་བ་བབས་མེད།།

ཉི་ཞག་ཁ་ཤས་ཤིག་ལ།།
ཁ་པར་འཕྲོད་པ་མ་བྱུང་།།
ས་ཆ་གང་ཡིན་མ་གོ།
ག་ཤེད་གནས་པ་མ་ཚོར།།

ངོ་ཤེས་བློ་གཏད་རེ་ལ།།
སྐད་ཆ་ཚིག་གསུམ་བསྐུར་བ།།
མོ་ལ་ཤོད་ཅེས་ཞུས་ཡོད།།
ལན་ཞིག་གསུང་རོགས་ཞུས་ཡོད།།

མི་འགྲིག་སྐད་ཅིག་དགོས་རེད།།
མི་བཟང་ལན་ཞིག་དགོས་རེད།།
མི་བཟང་མི་འགྲིག་མེད་ན།།
མི་འགྲིག་བསམ་པ་ངར་མེད།།

ནམ་ཟླ་ཇེ་འཁྱག་སོང་བས།།
སེམས་ཀྱང་ཇེ་གྲང་རེད་ཐ།།
སྙིང་གྲོགས་དྲན་དང་མ་དྲན།།
ལུས་ཀྱི་ཤ་ལ་ལྟོས་དང་།།

སེམས་པ་ཕར་ཕྱོགས་ཤིག་ལ།།
སེམས་གཏམ་ཚུར་ཡོང་མེད་ན།།
དེང་མ་མ་འགྲིག་ཆོག་ག།
སེམས་པ་སྐྱོ་དོན་མེད་ག།

པ་ཏྲའི་རི་མོ་ཟེར་བ།།
བརྩེ་བའི་ལམ་ཐིག་ཡིན་ཟེར།།
ལམ་ལ་གྱ་གྱུ་མང་པ།།
རི་མོ་དེ་དང་འདྲ་བྱུང་།།

དཀར་ཡོལ་འབྲུག་རིས་ཤིག་ལ།།
འོ་ཇའི་ཕུད་ཅིག་བཏང་ཡོད།།
འཐུང་རོགས་སོ་ཞོ་དཀར་པོ།།
ག་ཤེད་སྐྱིད་ནས་ཡོད་དམ།།

ཇ་འདི་གསོལ་རོགས་ཞུས་པས།།
ཇ་སྙིགས་མང་སོང་མ་ཞུ།།
ཇ་ཤིང་མེ་ཏོག་སྟེང་ལ།།
འདས་པའི་ལོ་ཟླ་བརྐོས་ཡོད།།

ལོ་ལ་ལོ་ཆང་བསྙལ་ཡོད།།
ཆང་ལ་བདུད་རྩི་ཕབས་ཡོད།།
བདུད་རྩི་སོར་གྱིས་བཏེགས་ཡོད།།
གནམ་སའི་བར་ལ་བཏེགས་ཡོད།།

                                         སྤང་ནས་མེ་ཏོག་འཐུ་རོགས་གཡང་དཀར་ལུག

ལ་མོ་རི་དེ་བརྒལ་བའི་ངལ་དུབ་ཚེ།།
ལུས་པོ་སྤང་ལ་བཞག་ཏེ་མེ་ཏོག་བཏུས།།
ལུག་ཆུང་མཆོང་ལ་ལྡིང་བས་སུག་པ་ཡིས།།
མེ་ཏོག་སྐེད་པ་བཅད་དེ་ང་ལ་བལྟ།།

གློ་བུར་ལམ་གྱི་རླུང་བུ་ལས་ལ་འཁྱུད།
མེ་ཏོག་དྲི་ངད་སེམས་ཀྱི་ཕུགས་སུ་འཛུལ།།
ཀྱེ་མ་ཕ་གིའི་གླུ་ཡང་རྣ་ལ་འཐིམ།།
ལུས་སེམས་རབ་ཏུ་སྨྱོས་ཏེ་སྒང་ལ་བུད།
རི་སྐེད་གླུ་བ་དེ་ལ་གླུ་ལེན་ཕུལ།།
ལུག་ཁྱུ་སྐྱེངས་པའི་ཚུལ་གྱིས་ཞོགས་ནས་ཐལ།།

གོམ་གསུམ་རྡོག་པ་བླངས་ཚེ་རླུང་གི་ཡང་།།
འུར་ཆ་ཀླད་ལ་སྐོར་བའི་བར་གླགས་དེར།།
གནམ་གྱི་སྐར་མ་འཐོར་ཏེ་རུམ་ལ་ལྷུང་།།
ལུག་ཁྱུ་རི་ལས་བབས་ཏེ་རང་ཁྱིམ་སྙེགས།།

ཀྱེ་མ་ལང་ཚོ་འུར་ཆའི་སྣེ་ནས་བསྐོར།།
འཁོར་བའི་ཐབ་རྡོ་གསུམ་གྱི་འབེན་ལ་ཕོག།

ཞོགས་ཉི་གདོང་གི་དམར་ལ་ཕོག་ཙ་ན།
ལུས་པོ་སྒུར་སྒུར་བཞོ་དབྱངས་འཐེན་ནས་ཡོད།
དབྱངས་ཀྱི་སྤྲིས་མ་འོ་མའི་ཁ་ལ་ལྟེམས།།
ལུས་སེམས་གཉིས་ཀ་གཡང་གི་གཞིས་ལ་འཁོར།།

འཁོར་བའི་ལོངས་སྤྱོད་རང་ལ་ཉེ་ཚུལ་དང་།།
སེམས་ཀྱི་ལག་པ་ཉི་མར་བསྲིངས་པ་དེ།།
ལས་ཀྱི་མེ་ལོང་གདོང་ལ་འཆར་ཚུལ་གཉིས།།
ལུག་དང་མེ་ཏོག་སྤང་ལ་འཐིམ་ཚུལ་ལོ།།།
ཆུ་དང་ཆར་བ་གཅིག་དུ་འདྲེས་ཚུལ་ལོ།།།

                   2015-7-4ཉིན།

                                                                       རྩོམ་སྒྲིག་པ། ལྷ་སྐྱིད།

                                                                                 
                                                                                                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།