ཞོགས་ཀ་ཞིག་གི་གཡས་གཡོན།

རླུང་གིས་དཀྲོགས་པའི་ཉིན་དེའི་ཞོགས་ཀ་དེར།།
རུམ་ལ་མགོ་བོ་བསྡུ་བའི་གཡས་ཕྱོགས་ན།།
ཤེལ་གྱི་སྒྲོམ་བུ་འདྲ་བའི་སྒྲུང་ཞིག་ཡོད།།
སྒྲུང་དེའི་མིང་ལ་སྒྲུང་དེའི་གསང་བ་ཟེར།།
ལུས་ལ་ཀླན་ན་གཏིང་ནས་སྦྲིད་པར་འགྱུར།།
ནང་དུ་འཛུལ་ན་གནམ་འདིའི་ཁ་དོག་ཡིན།།
བསམ་མི་ཕོད་པའི་དུས་ཚོད་ཐུང་ཐུང་འདི།།
ངུ་དགོད་ཤོར་བའི་ཉིན་ཐོ་དང་པོ་ཡིན།།

ཉིན་དེའི་ཞོགས་ཀ་སྔར་བཞིན་ཞོགས་ཀ་དེ།།
རུམ་ནས་མགོ་བོ་ཕུད་པའི་གཡོན་ཕྱོགས་ན།།
ཟིལ་བ་རྡོག་པས་གཏོར་འདྲའི་ཆང་ཞིག་ཡོད།།
ཆང་དེའི་ཁ་དོག་ཆང་དེའི་གསང་བ་ཡིན།།
སྣ་ལ་ཀླན་ན་འཇིག་རྟེན་གཟིམ་འགྲོ་གི།
ཁ་ལ་མཆོད་ན་ལོ་བརྒྱའི་གཏམ་རྒྱུད་ཡིན།།
གླེང་མི་ཤེས་པའི་དུས་ཚོད་མཐའ་མ་འདི།།
ཕྱིར་མིག་ཤོར་བའི་ཞོགས་ཀའི་དགོང་དྲོ་ཡིན།།

                                         ༩/༡༠/༢༠༡༥ 

                                                                  རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་ཀ་ཞིག་གི་གཡས་གཡོན།

2016-04-15 ཟྭ། ཀློག་གྲངས། མཆན ཡོད།

རླུང་གིས་དཀྲོགས་པའི་ཉིན་དེའི་ཞོགས་ཀ་དེར།།
རུམ་ལ་མགོ་བོ་བསྡུ་བའི་གཡས་ཕྱོགས་ན།།
ཤེལ་གྱི་སྒྲོམ་བུ་འདྲ་བའི་སྒྲུང་ཞིག་ཡོད།།
སྒྲུང་དེའི་མིང་ལ་སྒྲུང་དེའི་གསང་བ་ཟེར།།
ལུས་ལ་ཀླན་ན་གཏིང་ནས་སྦྲིད་པར་འགྱུར།།
ནང་དུ་འཛུལ་ན་གནམ་འདིའི་ཁ་དོག་ཡིན།།
བསམ་མི་ཕོད་པའི་དུས་ཚོད་ཐུང་ཐུང་འདི།།
ངུ་དགོད་ཤོར་བའི་ཉིན་ཐོ་དང་པོ་ཡིན།།

ཉིན་དེའི་ཞོགས་ཀ་སྔར་བཞིན་ཞོགས་ཀ་དེ།།
རུམ་ནས་མགོ་བོ་ཕུད་པའི་གཡོན་ཕྱོགས་ན།།
ཟིལ་བ་རྡོག་པས་གཏོར་འདྲའི་ཆང་ཞིག་ཡོད།།
ཆང་དེའི་ཁ་དོག་ཆང་དེའི་གསང་བ་ཡིན།།
སྣ་ལ་ཀླན་ན་འཇིག་རྟེན་གཟིམ་འགྲོ་གི།
ཁ་ལ་མཆོད་ན་ལོ་བརྒྱའི་གཏམ་རྒྱུད་ཡིན།།
གླེང་མི་ཤེས་པའི་དུས་ཚོད་མཐའ་མ་འདི།།
ཕྱིར་མིག་ཤོར་བའི་ཞོགས་ཀའི་དགོང་དྲོ་ཡིན།།

                                         ༩/༡༠/༢༠༡༥ 

                                                                  རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།