བུ་མོ་དེའི་ཆེད་དུ།


                  _______རང་ཡུལ་གྱི་བུ་མོ་ན་ཆུང་མ་རེབ་གོང་གི་མགྲོན་ཁང་ཞིག་ཏུ་གཅེར་བུར་ཕུད་ཡོད་པའི་འདྲ་པར་མཐོང་རྗེས། 


འདོམས་ཀྱི་བུ་ཆུང་འཇིབ་ཀྱང་རྣམ་རྟོག་ལ་མི་འཇིགས།།
བྷ་གའི་ཁྱིམ་མཚེས་འདོད་ཀྱང་ན་ཟུག་ལ་མི་འཛེམ།།
སྟེང་འོག་གཡས་གཡོན་གང་དུ་ཅི་འདོད་དུ་བསྐོར་ཆོག།
མ་བཅོལ་འདྲ་པར་ཞིག་གིས་བརླག་དོན་ནི་འདུག་གམ།།

ཁྲ་ཁྲ་ཆིལ་ཆིལ་མང་བའི་རེབ་གོང་དུ་འཕྲད་ནས།།
དགའ་དགའ་དུངས་དུངས་ཡིན་པའི་ཁྱོད་བློ་དང་བསྟུན་ཏེ།།
ནན་ནན་ཏན་ཏན་ཡིན་པའི་ཡིད་ཆེས་ཤིག་འབུས་མོད།།
ཟང་ཟིང་ལང་ལོང་ཡིན་པས་ངའི་བློ་དང་འགལ་འདུག།

བསླུ་བྲིད་དཀར་པོ་བཏིངས་ཏེ་སྣ་ལུང་དུ་བྱས་པས།
མཇུག་འབྲས་ནག་པོ་ཐེབས་པའི་བློ་དོགས་ཤིག་མ་ཡོད།།
གློག་བརྙན་དམར་པོ་ཞིག་ཏུ་མ་བཏོན་པ་ཙམ་ལས།།
ཉམ་ཆུང་བུ་མོ་ཁྱེད་རང་ཧྲུལ་ཧྲུལ་དུ་བཏང་འདུག།

དེང་གི་ན་གཞོན་དེང་རབས་འཕྲུལ་ཆས་ཀྱིས་བརྒྱན་ན།།
རང་གི་ཤ་མཆིན་གླན་སའི་རོགས་ལོ་སུ་ཡིན་རུང་།།
ལྷད་མེད་དྭངས་གཙང་ཟེར་བའི་མནའ་ཚིག་དེར་འགལ་ཏེ།།
མི་འདོད་ཀུན་ལ་བརྡལ་བའི་བྱ་སྤྱོད་འདི་སྐྱོ་ཨང་།

དགའ་བའི་སེམས་པ་དམར་པོ་ལག་ནང་ལ་བཞག་སྟེ།།
རྣམ་དག་བརྩེ་བ་ཞིག་ལ་ལུས་སེམས་གཉིས་གཏད་རུང་།།
ཁྲེལ་གཞུང་ཕྱི་ཐག་ཕྲ་བའི་སྟག་ཤར་དེས་བྱིན་གྱིས།།
ན་ཆུང་བུ་མོ་གཅེར་བུར་རྒྱལ་ཁམས་ལ་བསྟན་སོང་།།

ང་རང་ཁྱོད་རང་མིན་པས་ཁྲོས་དོན་ཞིག་མེད་ཀྱང་།།
ཁྱོད་དང་ཁྱོད་འདྲའི་ལང་ཚོ་མི་ཚོགས་སུ་གཏོར་དུས།།
ངའང་ཁོག་འདར་ཞིག་གིས་རྩ་ལམ་ཀུན་སྦྲིད་དེ།།
གློ་བུར་ངག་ནས་སྐད་ཆ་བརྒྱུས་མ་འདི་འཐོར་རོ།།


                                                                                                      རྩོམ་སྒྲིག་པ། སྐྱ་བོ།

                                                                                                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་དེའི་ཆེད་དུ།

2016-04-19 མྱི་ལྟིག ཀློག་གྲངས། མཆན ཡོད།


                  _______རང་ཡུལ་གྱི་བུ་མོ་ན་ཆུང་མ་རེབ་གོང་གི་མགྲོན་ཁང་ཞིག་ཏུ་གཅེར་བུར་ཕུད་ཡོད་པའི་འདྲ་པར་མཐོང་རྗེས། 


འདོམས་ཀྱི་བུ་ཆུང་འཇིབ་ཀྱང་རྣམ་རྟོག་ལ་མི་འཇིགས།།
བྷ་གའི་ཁྱིམ་མཚེས་འདོད་ཀྱང་ན་ཟུག་ལ་མི་འཛེམ།།
སྟེང་འོག་གཡས་གཡོན་གང་དུ་ཅི་འདོད་དུ་བསྐོར་ཆོག།
མ་བཅོལ་འདྲ་པར་ཞིག་གིས་བརླག་དོན་ནི་འདུག་གམ།།

ཁྲ་ཁྲ་ཆིལ་ཆིལ་མང་བའི་རེབ་གོང་དུ་འཕྲད་ནས།།
དགའ་དགའ་དུངས་དུངས་ཡིན་པའི་ཁྱོད་བློ་དང་བསྟུན་ཏེ།།
ནན་ནན་ཏན་ཏན་ཡིན་པའི་ཡིད་ཆེས་ཤིག་འབུས་མོད།།
ཟང་ཟིང་ལང་ལོང་ཡིན་པས་ངའི་བློ་དང་འགལ་འདུག།

བསླུ་བྲིད་དཀར་པོ་བཏིངས་ཏེ་སྣ་ལུང་དུ་བྱས་པས།
མཇུག་འབྲས་ནག་པོ་ཐེབས་པའི་བློ་དོགས་ཤིག་མ་ཡོད།།
གློག་བརྙན་དམར་པོ་ཞིག་ཏུ་མ་བཏོན་པ་ཙམ་ལས།།
ཉམ་ཆུང་བུ་མོ་ཁྱེད་རང་ཧྲུལ་ཧྲུལ་དུ་བཏང་འདུག།

དེང་གི་ན་གཞོན་དེང་རབས་འཕྲུལ་ཆས་ཀྱིས་བརྒྱན་ན།།
རང་གི་ཤ་མཆིན་གླན་སའི་རོགས་ལོ་སུ་ཡིན་རུང་།།
ལྷད་མེད་དྭངས་གཙང་ཟེར་བའི་མནའ་ཚིག་དེར་འགལ་ཏེ།།
མི་འདོད་ཀུན་ལ་བརྡལ་བའི་བྱ་སྤྱོད་འདི་སྐྱོ་ཨང་།

དགའ་བའི་སེམས་པ་དམར་པོ་ལག་ནང་ལ་བཞག་སྟེ།།
རྣམ་དག་བརྩེ་བ་ཞིག་ལ་ལུས་སེམས་གཉིས་གཏད་རུང་།།
ཁྲེལ་གཞུང་ཕྱི་ཐག་ཕྲ་བའི་སྟག་ཤར་དེས་བྱིན་གྱིས།།
ན་ཆུང་བུ་མོ་གཅེར་བུར་རྒྱལ་ཁམས་ལ་བསྟན་སོང་།།

ང་རང་ཁྱོད་རང་མིན་པས་ཁྲོས་དོན་ཞིག་མེད་ཀྱང་།།
ཁྱོད་དང་ཁྱོད་འདྲའི་ལང་ཚོ་མི་ཚོགས་སུ་གཏོར་དུས།།
ངའང་ཁོག་འདར་ཞིག་གིས་རྩ་ལམ་ཀུན་སྦྲིད་དེ།།
གློ་བུར་ངག་ནས་སྐད་ཆ་བརྒྱུས་མ་འདི་འཐོར་རོ།།


                                                                                                      རྩོམ་སྒྲིག་པ། སྐྱ་བོ།

                                                                                                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།