ཉི་ཐིག་ནང་གི་ལ་གཞས།(ཞར་བཀོད་གཉིས་ཡོད)

0829_1.jpg

ཁྱོད་ནི་སྨག་གིས་བཞེངས་པའི་རི་མོ་མག་མོག་ཅིག་སྟེ།།
གྲགས་འགུལ་མེད་པའི་མཚན་ཐུན་ཁྱོད་ཀྱི་ཞལ་ཁྱིམ་ཡིན་ནོ།།
ཁྱོད་ནི་སྐྱེ་རྒྱུད་ཆད་པའི་བུ་མོ་ཁེར་འགྲོ་ཞིག་སྟེ།།
ལན་བུའི་གསེབ་ཀྱི་མིག་མདངས་ཅི་འདྲའི་ཞེ་ལ་འཕྲོད་ཨང་།།

ལྷུ་དྲུག་ལུས་ཀྱི་འཇོ་སྒེག་ལྡེམ་ལྡེམ་མིག་ལ་ཐོགས་དུས།།
ཕལ་བའི་སྐད་ཆ་གཉོམ་པོའི་མཛའ་བརྩེའི་མེ་ཁ་གསོས་ཡོད།།
འཁོར་བའི་བཤུལ་ལམ་སྙེག་པའི་ང་ཡི་ལས་སྐལ་འདི་ཀོ།
དམ་བཅའི་གཞས་ཆུང་འགུག་པའི་སྲོད་ཀའི་རླུང་བུ་ཡིན་སོང་།།

ལག་འཇུའི་འཇིག་རྟེན་ཞིག་ལ་རྟོག་བཟོའི་ལྷ་སྒྲུང་འབྲི་ཞོར།།
རྒྱང་མིག་རི་ནས་ཆད་དུས་ཞེ་སེམས་སྐྱོ་བས་གཟིར་ཡོང་།།
གྲེ་བ་ཆང་གིས་བཙོས་པའི་ས་མཐའི་ཁེར་རྐྱང་ང་ཡིས།།
མི་ཚེའི་རྡོག་ལམ་ཀྱག་ཀྱོག་རྒྱང་ནས་རྒྱང་དུ་འཐེན་ཡོད།།

འཁོར་བའི་རེ་དོགས་ཕྲ་མོ་ལོ་དང་ཟླ་བས་སྦྲེལ་ཏེ།།
ལོ་ཟླའི་བཤུལ་ལམ་རིང་མོ་ངལ་བའི་དངུལ་ཆུས་བཅད་ཀྱང་།།
མི་འགྲུབ་བྱ་བའི་འཁོར་ལོ་སྔར་བཞིན་མགོ་ལ་ཡོང་བ།།
ཕུགས་འདུན་རིང་བས་ཡིན་ནམ་ལས་ཀྱི་ཐོབ་སྐལ་ཡིན་གྲང་།།

ཁྱོད་ནི་རྒྱང་ལ་བཞུད་སོང་རྒྱང་བཞུད་ལས་ཀྱི་བྱམས་པ།།
ང་ཡང་རི་ལ་བཞུགས་ཡོད་རི་ཚོགས་སྤྲིན་གྱིས་བསྒྲིབས་འདུག།
རི་འདབས་སྤང་གཤོང་དེ་གར་གདུང་བའི་ཆར་ཟིམ་བབས་པ།།
སྣང་བའི་གཞས་ཆུང་ཡིན་ནམ་དྲན་པའི་རེག་ཟིག་ཡིན་རེད།།

འཁྲེང་ཞེན་ཚིག་གི་མདུད་པ་མདུད་དང་མ་མདུད་མི་འདུག།
སོ་སོའི་ཕུགས་འདུན་ཟེར་བ་ཉི་ཟླའི་འཆར་ནུབ་ཡིན་ནོ།།
ལས་དབང་ཉག་ཕྲ་ཞིག་གི་ཚེ་སྲོག་ཚུར་ལ་མ་རྐྱོངས།།
སྐྱོ་སྡུག་མཆི་མའི་རང་མཚང་ཡིད་ཀྱི་མཐིལ་ནས་གྲོལ་ཡོང་།།

ལོ་ཟླའི་དར་ལྕོག་རལ་བོ་དྲན་པའི་སྒང་ལ་བཙུགས་ཀྱང་།།
སྨྲེང་བའི་ཞེན་ཆགས་གཉོམ་པོ་འཁོར་བའི་གྲོང་ནས་བཞུར་ཡང་།།
ནམ་སྨད་ཅིག་ལ་བྲིས་པའི་ཚོར་བའི་ནང་ཤ་སྣུམ་པོ།།
ཡིག་འབྲུའི་དབྱིངས་ལ་བཏེགས་ཡོད་ལས་ཀྱིས་གཅེས་ལོ་ཆུང་ཆུང་།།

                                                2016/06/20ལ་ཁྱུང་མཆུ་རུ་གྲུབ།

                                   སྤྲིན་གྱི་ལང་ཚོར་བྲིས་པའི་སེམས་འགྱུ།

ངས་ནི་ལུང་ཁུད་ཅིག་ནས་ཁྱོད་ལ་འདི་ལྟར་སྨྲ་སྟེ།།
ཁྱོས་ཀྱང་རི་སྒང་དེ་ནས་ཏོག་ཙམ་ཚུར་ལ་གསོན་དང་།།
འཁོར་བའི་མེ་ཏོག་ཐང་ནས་ལྷན་འཛོམས་ལས་ཀྱིས་མ་གནང་།།
བསྐལ་བའི་ཞེན་ཆགས་དེའང་ད་ཚོད་སེམས་ནས་བཞུར་བྱུང་།།

ཚོད་ཚོད་དྲན་རབས་བཤད་ན་ཧ་ཅང་དྲན་ཀྱིན་མེད་དོ།།
འགྲོ་ཞོར་འདུག་ཞོར་བར་ནས་ཨེན་ཙམ་ཡིད་ལ་འཆར་ཀི།
སྨྲེང་ཞེན་སིལ་སིལ་གཡུག་པའི་བས་མཐའི་ས་སྲོད་རེ་རེར།།
གདུང་བའི་སྨུག་ཆུང་འཐིབ་པ་ལས་ཀྱིས་བགོ་སྐལ་ཨེ་རེད།།

ཁྱོད་ཀྱིས་རི་སྒང་དེ་ནས་ཡོད་ཚད་སྐྱོ་བས་གྱེར་ཏེ།།
ཡིག་འབྲུའི་འཁོར་བ་བཞེངས་པ་སུ་ཡིས་ཆེད་དུ་ཡིན་ནམ།།
ངའང་རབ་ཏུ་གདུང་སྟེ་དབྱངས་ཀྱི་ང་རོ་བཀུག་པ།།
སྣང་བའི་ཞེན་ཆགས་འཐུ་བའི་མི་མོ་ཞིག་གི་ཆེད་དོ།།

འཆར་སྣང་ཆར་བས་དེད་དེ་ངེས་མེད་ལ་ལུང་བརྒལ་སོང་།།
ཁྱོད་ཀྱང་ཁ་བར་འཇུས་ཏེ་གངས་ཀྱི་འཇིག་རྟེན་བརྟོལ་སོང་།།
ཞེ་སེམས་འོ་མའི་རང་མདངས་ཡིད་ཀྱི་མཐིལ་ནས་གྲོལ་ཡང་།།
སྐྱོ་སྡུག་ལོ་ཟླ་བརྩེགས་མའི་བུ་ཡུག་སེམས་སུ་གཙེས་བྱུང་།།

ཉིན་ཞག་གཅིག་རེ་གཉིས་རེ་ག་ལེར་ག་ལེར་བཞུད་དུས།།
ཙག་ཙིག་ལས་ཀའི་ཁྲོད་ཀྱི་འདུར་རྒྱུགས་མིག་ལ་ཐོགས་ཀི།།
སེམས་ངལ་དངུལ་ཆུའི་ཐིགས་ཕྲེང་མི་ཚེའི་གཙང་བོར་བབས་པ།།
ལས་རླུང་ཤེད་ཀྱིས་གཡུག་པའི་ངང་ཚུལ་ཡིད་འོངས་དེའོ།།

ཆུ་མོ་མར་བཞུད་ཅིག་ལ་ཚིག་གི་ལྷུ་རྐང་བསྒྲིགས་ཡོད།།
སྤྲིན་པའི་ལྡིང་ཁང་བརྟོལ་ཏེ་ལོག་ཕེབས་སེམས་ཀྱིས་ཞུས་ཡོད།།
རྒྱང་རིང་མཛའ་གཞས་སྙན་མོའི་བར་ཐག་སེམས་སུ་ལྷུང་དུས།།
ཧ་ཅང་གཅེས་པའི་འཛུམ་དེ་མིག་གི་དཔྱིད་དུ་ཚེས་ཤོག།

རི་ལུང་བར་མཚམས་མེད་པར་སྨྲེང་བའི་ཆར་བ་བབས་ཀྱང་།།
ཆར་ཤུལ་འཇའ་ཚོན་ལྟ་བུའི་ཁྱོད་ཉིད་བརྗེད་དུ་མེད་དོ།།
ས་མཐའི་སྐྱོ་ཡས་གྲང་མོའི་ལུས་སེམས་འཁྱག་པས་བཅུམ་ཡང་།།
དབྱངས་ལ་བསྐུས་པའི་ཚིག་དེའི་ལུས་སེམས་དྲོད་ཀྱིས་ཁེངས་ཡོད།།

                                    2016/7/19གསེར་དེའུ་རུ་གྲུབ།

                                     ཟླ་བའི་གཙང་བོར་སྤྲིང་བའི་འཕྲིན།

རས་ཀྱི་གདོང་འབག་དེ་ནི་ཧ་ཅང་སྙིང་དུ་སྡུག་གོ།
བཅོས་མའི་འཛུམ་མདངས་དེའང་སྐར་མ་ཐིག་ལེ་འདྲ་བྱུང་།།
ནམ་ཞིག་འཁོར་བའི་སྣང་ཚུལ་ཕར་གཡུག་ཚུར་གཡུག་བྱེད་དུས།།
གདུང་བའི་ཡིག་འབྲུ་ཡོད་ཚད་སེམས་ཀྱི་ཁུད་ནས་འདྲིལ་ཤོག།

ཁྱོད་ཀྱིས་སུན་སྣང་ཞིག་གི་སྣེ་མོ་ཚུར་ལ་བསྲིངས་ཏེ།།
ངལ་དུབ་སྐྱོ་ཡས་བརྩེགས་མ་ཡིད་ཀྱི་གཏིང་ནས་བྱོས་ཀྱང་།།
ད་དུང་སེམས་ཀྱི་རི་ལུང་ཆུ་དང་ཆར་བས་གཤོང་གིན།།
ལས་འཕྲོའི་ས་ཚིགས་དེ་རུ་ག་ལེར་སྙེག་བཞིན་ཡོད་དམ།།

རྩྭ་ལྗང་རབ་ཏུ་གཡོ་བའི་འཁོར་བའི་དབྱར་གཞུང་ཞིག་ལ།།
ཁྱོད་ཉིད་མེ་ཏོག་བཞིན་དུ་བདག་གི་པང་བར་ཚེས་ཀྱང་།།
སྡོང་ལོ་སིལ་སིལ་འཐོར་བའི་སྟོན་ཁའི་ཞོགས་པ་དེ་རུ།།
འཆར་སྣང་འཚུབ་སྐོར་ཞིག་གིས་ཁྱོད་རང་རྒྱང་ལ་ཁྱེར་སོང་།།

དེ་ནི་གདུང་ཚིག་མོད་པའི་བསྐལ་བའི་དགོང་ཞག་ཅིག་སྟེ།།
སྨུག་སྒྱུ་ཤར་ཤུར་འཐེན་པའི་འཁོར་བའི་ས་སྲོད་ཅིག་གོ།
དེ་ནི་ཚེ་རབས་གོང་མའི་ལན་ཆགས་ཞེ་ལ་ཁུར་བའི།།
འཛུམ་གོང་རབ་ཏུ་གཅེས་པའི་ཕལ་བའི་བུ་མོ་ཅིག་གོ །

ད་ཆ་མི་ཡུལ་ལུང་པར་ལས་ཀྱི་ཁ་བ་བབས་འདུག།
མི་ཚེའི་གྲང་བ་མཐའ་དག་ཐོལ་གྱིས་བརྒལ་དགོས་བྱུང་ཏེ།།
སེམས་དང་སེམས་ཀྱི་བར་ཐག་ཅི་ཙམ་རིང་དུ་ཕྱིན་ཀྱང་།།
ཁྱོད་ཀྱི་རྒྱབ་གཟུགས་དེད་པའི་གོམ་སྒྲ་འཇགས་ཐབས་བྲལ་ཨང་།།

ནམ་ཞིག་དབྱངས་ཀྱི་སྐར་ཚོམ་ལས་འཕྲོའི་ཟོ་བར་བཅུས་ཏེ།།
སྨྲེང་བའི་གཙང་བོ་མཐའ་དག་ཡིག་འབྲུའི་བཅུད་ལ་འཁྱིལ་དུས།།
ལོ་ལམ་མིག་ཆུས་བཅད་པའི་བསྐལ་བའི་ཆུང་འདྲིས་ཆུང་ཆུང་།།
དྲན་པའི་བང་རིམ་བརྟོལ་ཏེ་ཉི་ཟླའི་པར་བར་འཛུམ་ཤོག །

ཚིག་གིས་མཚོན་དུ་མེད་པ་ལོ་ཟླའི་ཁྲེལ་གཞུང་དམ་པོ།།
མི་ཚེའི་བཤུལ་ལམ་སྙེག་པའི་སེམས་ཀྱི་འཁྱེར་སོ་ཆུང་ཆུང་།།
ཡོད་ཚད་དབྱངས་ལ་བསྟར་ཏེ་ཁྱོད་ཀྱི་ཕྱོགས་སུ་བསྲིང་ན།།
དྲན་པའི་སྨུག་ཞགས་འཁོར་སའི་ཁྱོད་ཉིད་ག་པར་ལུས་ཡོད།།

                                                 2016/08/07 གསེར་ལུང་དུ་གྲུབ།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཐིག་ནང་གི་ལ་གཞས།(ཞར་བཀོད་གཉིས་ཡོད)

2017-08-27 སྙུག་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།