ཁ་གྱའི་ཁྱུང་སྔོན་གྱི་ཚིགས་བཅད་སྙན་ངག་ཁག་བཞི།

ཁ་གྱའི་ཁྱུང་སྔོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-09-23

597C7A74-A118-4169-B8A5-7DD0EC2DBB7E-5311-000004981C30A814_tmp.JPG

༄༅།།རྔ་ཡུལ་སྒོ་མང་དགོན་གྱི་ཕོ་བྲང་ཡིད་དགའ་ཆོས་
          འཛིན་གྱི་འགྲུབ་སྟོན་ལ་ཕུལ་བའི་མྱོང་བ་ངོ་
                        མཚར་མེ་ལོང་ཞེས་བྱ་བ་
                                བཞུགས་སོ།།

འཛམ་གླིང་གོ་ལ་རིལ་མོའི་ཡང་རྩེ་རུ།།
འཚོ་ཞིང་གནས་བཅས་གདོང་དམར་བོད་ཀྱི་ཡུལ།།
ལྷུན་ཆགས་རྔམ་བརྗིད་ཟོལ་གྱི་འགྱིང་བ་ཡི།།
གངས་ཀྱི་རྒྱལ་བོ་ཧི་མ་ལ་ཡའི་འདབས།།
བྱང་ཕྱོགས་གངས་ཀྱི་ཕྲེང་བས་སྤུད་པའི་ལྗོངས།།
ཁ་བ་ཅན་ཞེས་གྲགས་པ་སྲིད་ན་འབར།།
དེ་ལ་སྟོད་སྨད་བར་གསུམ་དབྱེ་བ་ཡི།།
ཕྱི་མར་གཏོགས་པའི་རྟ་ཡི་ཆོལ་ཁ་ཞེས།།
མདོ་སྨད་གྱི་ལིང་གནམ་དུ་མཆོང་བའི་ཞིང་།།
རྨ་ཀླུང་སྒེག་མོ་གར་གྱིས་འཁྱུགས་པའི་འགྲོས།།
ལྷུང་ལྷུང་སྙན་འཇེབས་དབྱངས་སུ་སྒྲོག་པ་ཡི།།
ལྷོ་རྒྱུད་འཛིན་མའི་ཐིག་ལེ་བསང་ཆུ་ཡི།།
འགྲམ་པར་བཏབ་པའི་ཆོས་ཀྱི་གྲྭ་གཅིག་པུ།།
ཨ་མདོ་བཀྲ་ཤིས་སྒོ་མང་ཞེས་བྱ་བའི།།
མདོ་རྒྱུད་ལུང་གིས་ཟིན་པའི་དགོན་ཆེན་དེའི།།
དགོན་ལག་བརྒྱ་དང་བརྒྱད་ཀྱི་དང་རྩེ་རུ།།
སྙན་པའི་རོལ་མོ་འབུམ་དུ་འཁྲོལ་བའི་སྒྲས།།
སྐྱེ་དགུའི་དང་བ་ཅིག་ཅར་འཕྲོག་པ་ལ།།
འབུམ་ཕྲག་སྐྱེ་བོའི་མགོ་བོ་འགུག་བྱེད་པའི།།
རྔ་ཡུལ་བཀྲ་ཤིས་སྒོ་མང་ཆོས་ཀྱི་སྡེ།།
བཤད་སྒྲུབ་འཕེལ་རྒྱས་གླིང་ཞེས་མཚན་སྙན་གྱི།།
གཡས་འཁྱིལ་དུང་གི་སྒྲ་དབྱངས་ཆེར་གྲགས་པའི།།
རྔ་ལྗོངས་གཡང་ལྡན་ཕྱུག་མོའི་ཕངས་པ་ནས།།
འཛམ་གླིང་ཤར་གྱི་ཁྱོན་ལ་རབ་ཁྱབ་པའི།།
དེ་ཡི་རྟེན་བཞེངས་ངོ་མཚར་རྨ་བྱའི་མདོངས།།
མིག་གི་དཔྱིད་དུ་བབས་པའི་ཐིག་ལེ་ཞིག།
ཚོར་བ་འཁྱུག་པའི་རི་མོར་གཟིགས་སྤྲོ་ན།།
འདི་ལྟར་ཚིག་གི་ཕྲེང་དུ་ཅུང་ཟད་སྤེལ།།

ཀུན་མཁྱེན་བཞད་པའི་རྡོ་རྗེའི་ཐུགས་བསྐྱེད་མཐུས།།
འགྲོ་བ་ཀུན་གྱི་བསོད་ནམས་གསོག་སའི་ཞིང་།།
ལྷམ་མེར་དད་པའི་རྟེན་དུ་བཞེངས་པ་ཡི།།
བྱམས་ཁང་ཡིད་དགའ་ཆོས་འཛིན་ཕོ་བྲང་གི།
ཕྱི་ནང་བཀོད་ལེགས་ཡིད་འོང་གཞལ་མེད་ཁང་།།
བི་ཤྭ་ཀརྨའི་སྒྱུ་འཕྲུལ་སོར་རྩལ་གྱིས།།
བྲིས་པ་ཡིན་ནམ་སེམས་འདི་འཕྱང་མོ་ཉུག།
རྒྱལ་བསྟན་གདུགས་དཀར་སྲིད་པའི་རྩེ་མོ་རུ།།
བསྒྲེང་བར་སྙིང་སྟོབས་སེང་གི་སྤར་ཁྱིམ་ཅན།།
ས་གསུམ་མཛེས་བྱེད་བསླབ་གསུམ་མ་ལི་ཀའི།།
ཕྲེང་བས་བརྒྱན་པའི་ངུར་སྨྲིག་འཛིན་པའི་སྡེས།།
ཐུབ་པའི་སྡེ་སྣོད་གསུམ་ལ་མང་ཐོས་ཀྱི།།
བརྩོན་པའི་བློ་གསལ་ངང་མོ་ཁྱུ་ཡི་ཚོགས།།
གཞུང་བཟང་འོ་མའི་བཅུད་ཀྱིས་རབ་མྱོས་ཏེ།།
དཔྱོད་ལྡན་གཤོག་ཡངས་འགྱུར་བའི་འདབ་མའི་གར།།
མཐོན་མཐིང་ཤེས་བྱའི་མཁའ་རུ་སྒྱུར་པ་ལ།།
མཁས་བྱ་འཁོར་ལོ་གསུམ་གྱི་མཛད་བཟང་གི།།
དོན་གྱི་གྲགས་པའི་སྙན་ཤལ་རིང་དུ་དཔྱངས།།

སྨྲ་སེང་རྟོག་གེའི་རིག་གྲོལ་འདུས་པའི་སྡིངས།།
ལུང་རྟོགས་བསྟན་པ་དུས་ཀྱི་མཐར་ཡང་ནི།།
ལེགས་པར་སྤེལ་ལ་སྙིང་སྟོབས་ཕུལ་བྱུང་བའི།།
ཧྭར་བ་སྤྲུལ་བའི་སྐུ་ཡི་མཛད་བཟང་གིས།།
རྔ་ལྗོངས་སྟོད་སྨད་གཉིས་དང་གངས་ལྗོངས་སུ།།
འགྲོ་བ་སྤྱི་ལ་ཕན་པའི་རྣམ་ཐར་བསྐྲུན།།
དུས་ཀྱི་མཐའ་རུ་བསྟན་པའི་སྒྲོན་མེ་ཞིག།
བསྟན་པའི་དོན་དུ་འཛུམ་པ་ཨེ་མ་ཧོ།།
གསེར་ལྡན་དགའ་མའི་སྒལ་བ་བརྒྱན་པའི་ཏོག།
བཞེངས་བཀོད་འཛུགས་བསྐྲུན་མཚར་བའི་ཕོ་བྲང་དང་།།
ནང་རྟེན་སངས་རྒྱས་རིང་བསྲེལ་འཁྲུལ་མེད་ཀྱི།།
གདུང་རྟེན་གསེར་དངུལ་མུ་ཏིག་རིན་ཆེན་གྱིས།།
ཕྲ་བཀོད་གཟི་འོད་འཕྲོ་བའི་དད་པའི་རྟེན།།
བྱིན་རླབས་ཚན་ཁ་འབར་བའི་གཟི་བྱིན་ཅན།།
དབུས་ཀྱི་ལྷ་ཁང་ནང་རྟེན་བྱམས་པ་མགོན།།
ཡ་གླིང་ཤར་ན་ཆེ་ལ་ཆེ་མཆོག་གི།
རྟེན་དུ་བགྲང་བ་ཀུན་གྱི་ངག་ན་འཕྱུར།།
གཡས་གཡོན་གསེར་ཟངས་ལས་གྲུབ་ཇོ་བོ་དང་།།
རྗེ་བཙུན་ཙོང་ཁ་ཡབ་སྲས་སྣང་བརྙན་ཆེ།།
སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བའི།།
ལྟ་བས་མི་ངོམས་དཔྱད་པས་མི་ཐོངས་པའི།།
བཟོ་བཀོད་ལེགས་ལ་ནང་བཀོད་ཇུས་མཛེས་པ།།
སོ་སྐྱེས་ཕལ་བའི་བློ་ལ་འགོངས་མིན་པའི།།
ཁྱད་མཚར་ཕོ་བྲང་སྲིད་པའི་གཙུག་ན་བརྗིད།།
ནང་བསྟན་གཙུག་ལག་རྒྱ་མཚོ་འཕྱོ་བའི་འཇིངས།།
བློ་གསལ་གསེར་མིག་གར་གྱིས་རྩེན་པ་ཡི།།
སྒོ་མང་སློབ་གླིང་ཞེས་གྲགས་དུས་ཀྱི་མཁར།།
རྒྱུ་བའི་རྒྱུ་སྐར་འོད་ཀྱི་ཟེགས་མ་ཅན།།
ལྔ་རིག་སློབ་གླིང་འདི་རུ་གནས་སུ་འཆའ།།
ཁྲིམས་ལྡན་དགེ་འདུན་འདུས་པའི་སྐྱེད་ཚལ་འདིར།།
ཐོས་བརྩོན་རྣམ་དཔྱོད་བུང་བའི་གཤོག་སྒྲ་འཁྱིལ།།
གཞུང་ཆེན་པོད་ལྔར་སྦྱངས་པའི་རིག་གྲོལ་བ།།
ཤེས་རབ་རྩལ་གྱིས་བར་སྣང་བརྟོལ་བ་མང་།།
ཨའོ་གླིང་ཡུལ་ལ་དགེ་ལུགས་དགོན་ཆེན་བཏབས།།
འདུལ་འཛིན་བརྒྱད་བརྒྱས་རྣམ་དཀར་དགེ་ལ་བརྩོན།།
མང་ཐོས་ཚུལ་བཞིན་བསྲུང་བའི་འཕགས་པའི་སྡེས།།
མཉམ་ལེན་གནད་ཀྱི་སྙིང་བོའི་དོན་ལ་གཞོལ།།
དེ་ལྟའི་རླབས་ཆེན་མཛད་འཕྲིན་མུ་ཏིག་ཕྲེང་།།
དུས་ཀྱི་མཁའ་ན་ཉ་རྒྱས་ཟླ་བའི་ཟེར།།
མཁས་པ་མགུ་བའི་མཛད་རྗེས་རྨད་པོ་ཆེ།།
བསྟན་པ་འཛིན་པའི་རྒྱན་དུ་ངོ་མཚར་ཆེ།།

འཆད་རྩོད་ལུང་རིགས་གློག་གི་འཁྱུགས་འགྲོས་ཀྱིས།།
བསིལ་ལྡན་གངས་ཀྱི་ར་བ་འོད་ཀྱིས་བཀར།།
རྩོམ་ལ་ཐོགས་མེད་བདུད་རྩིའི་གྲུ་ཆར་གྱིས།།
རྔ་ལྗོངས་གཡང་ལྡན་ཕྱུག་མོར་མཛེས་པས་ཁྱབ།།
ལྔ་རིག་སྤྲིན་གྱི་ཡོ་ལང་འཁྲིགས་པའི་ལྡིང་།།
རྟོག་སད་ཁྱུང་སྒོང་ནང་ནས་རྩལ་དྲུག་རྒྱས།།
རིག་པས་གནམ་འཕངས་བསྟོད་པའི་མཁའ་ལྡིང་ཁྱུ།།
དུས་ཀྱི་བར་སྣང་ཁམས་ན་གཤོག་འགྱུར་ངོམ།།
ཆོས་ཀྱི་ཚལ་ན་ཆོས་ཀྱི་སྒྲ་དབྱངས་མཐོ།།
ལོག་རྟོག་སེལ་ལ་དཔྱོད་པའི་མེ་དཔུང་འཕྱུར།།
ཡང་དག་ལམ་བཟང་མ་ནོར་རིག་སྨྲའི་དཔུང་།།
བསྐྱེད་པར་བྱེད་པའི་རྗེ་བོ་གང་དེ་རྒྱལ།།
རྣམ་མང་བུ་སློབ་རྒྱུ་སྐར་བཀྲ་བ་དང་།།
དམ་ཚིག་གཙང་མའི་སྐལ་ལྡན་གསུང་སྐྱེས་བུ།།
བླ་ཆེན་མཁས་གྲུབ་སྟག་སེང་མཇིང་བསྣོལ་བའི།།
ས་ཡི་རྡུལ་དང་མཚུངས་པའི་གྲངས་མི་དཔོག།
རིས་མེད་གྲུབ་མཐའི་ཁ་དོག་སྣ་ཚོགས་ལ།།
མཉམ་པོར་གཟིགས་ཤིང་ཉེ་བར་བཅར་བ་ཡི།།
མཁྱེན་རྟོགས་ཡོན་ཏན་ཁུར་གྱིས་རབ་དུད་པའི།།
དུས་མཐའི་སྒྲོན་མེ་བསྟན་འཛིན་སྐྱེས་བུ་རྒྱལ།།
འཇམ་མགོན་ལུགས་བཟང་གངས་ཀྱི་རྩེ་མོ་རུ།།
ལེགས་པར་བསྒྲེང་ལ་སྙིང་སྟོབས་གདོང་ལྔའི་དབང་།།
རིག་པའི་གད་རྒྱངས་སྒྲོག་ལ་ཆེས་དཔའ་བའི།།
བསྟན་འཛིན་སེང་ཆེན་ཚོགས་རྣམས་སྐུ་ཚེ་བརྟན།།
རྒྱལ་བསྟན་རིན་ཆེན་གསེར་གྱི་འཁོར་ལོའི་རྩིབས།།
ཡངས་པའི་འཇིག་རྟེན་ཁམས་སུ་བསྐོར་བའི་བཤེས།།
ཆོས་རྒྱུད་གྲུབ་མཐའི་བརྒྱུད་པ་མ་ཆད་པར།།
གཙང་ཞིང་ཚང་ལ་མ་ནོར་ལེགས་སྤེལ་བའི།།
མགོན་རྣམས་ཞབས་པད་བསྐལ་བརྒྱར་བརྟན་པ་དང་།།
བསྟན་དང་འགྲོ་བའི་དོན་དུ་འཚོ་བ་ལ།།
ནམ་ཡང་འགལ་རྐྱེན་མཚན་མས་མི་འཚེ་ཞིང་།།
མཐུན་རྐྱེན་ཚང་ཞིང་ལེགས་ཚོགས་རྒྱས་གྱུར་ཅིག།

    ཅེས་གངས་ཅན་བོད་ཀྱི་སྙན་ངག་སྨྲ་བ་རྣམས་ཀྱི་གྲལ་མཐའ་ཙམ་འཛིན་པ་ཁ་གྱའི་ཁྱུང་སྔོན་དུ་འབོད་པ་གང་དེས་སྤྱི་ལོ་༢༠༡༧/ལོའི་སྤྱི་ཟླ་༨/པའིན་ཚེས་༡ དགོང་དྲོར་མདོ་ལྷོ་གཙོད་གྲོང་ཁྱེར་དུ་གུས་པས་སྦྱར་བའོ།།

                ཤེས་རབ་འོད་ཀྱི་ཞིང་ཁམས།
                  
རྫོགས་ལྡན་དུས་ཀྱི་སྐྱ་རེངས་རབ་བཞད་པས།།
རྒྱལ་བསྟན་ཉི་ཟླའི་འོད་སྣང་གླིང་བཞིར་འཕགས།།
སྲིད་པ་གསལ་བའི་ཆོས་ཀྱི་སྒྲོན་མེ་ཞིག།
འཇིག་རྟེན་སྐྱེ་དགུའི་གཉེན་དུ་དེང་འདིར་སྦར།།

ཁ་བའི་རི་ཚོགས་ཕྲེང་དུ་བསྟར་བའི་དབུས།།
ཆོས་ཀྱི་གྲོང་ཁྱེར་ཞེས་བྱའི་སྙན་པའི་སྒྲས།
བོད་ཡུལ་མདོ་སྟོད་བར་གསུམ་གཅིག་ཏུ་བཅིངས།།
རྒྱུ་འབྲས་བདེན་ལ་གཞོལ་བའི་མི་རིགས་ཤིག།

གཞན་ཕན་བརྩེ་བས་འཇིག་རྟེན་རིལ་མོ་བསྐོར།།
སྙིང་རྗེའི་བྱམས་པས་འགྲོ་ཀུན་མ་རུ་བསྒོམས།།
འཚེ་མེད་སྤྱོད་པར་གནས་པའི་མཐོ་སྒང་པ།།
ས་མཐོའི་དག་ཞིང་སྲུང་པའི་ལྕགས་རི་ཡིན།།

དེ་ཡི་ཤར་ཕྱོགས་འཛིན་མའི་ཐིག་ལེ་རུ།།
བསྟན་འཛིན་བྱེ་བའི་མགོན་པོ་ཧ་ས་རྗེའི།།
ཐུགས་སྲས་མངྒའི་མཚན་གྱིས་ཕྱག་བཏབ་པའི།།
ཆོས་ཀྱི་སྡེ་དེར་བསྔགས་པ་ཚིག་གིས་བྲི།།

འདི་ནས་ལུགས་ལྡོག་བརྩིས་ཏེ་དུས་རབས་གཅིག །
འགོམ་ཞིང་བགྲང་བྱའི་ཉག་མ་ཉེར་ལྔའི་ལོའི།།
ཆུ་སྟོད་ཟླ་བའི་རྫོགས་པ་གསུམ་པའི་ཉིན།།
བཀྲ་ཤིས་ལྟས་བཟང་རྟགས་ཀྱི་མཚན་མས་ཁྱབ།།

དགེ༷་ལྡ༷ན་ལུགས་བཟང་རྨད་བྱུང་ནོར་བུའི་ཕྲ།།
ཐུབ་བསྟ༷ན་རིན་ཆེན་གདུགས་ཀྱི་ཏོག་ཏུ་བཀུར།།
ལུང་རྟོགས་དམ་ཆོས་འཕེ༷ལ་ཞིང་རྒྱས་པའི་གླི༷ང་།།
དཔྱོད་ལྡན་རིག་སྨྲ་འདུ་བའི་སྡིངས་སུ་གྲུབ།།

དབུ་ཕར་མཛོད་འདུལ་ཕར་ཕྱིན་གཞུང་བརྒྱའི་གཏེར།།
མཁྱེན་པའི་ཐུགས་ལ་བཅུད་དུ་སྦྲུམ་པ་ཡིས།།
ལེགས་བཤད་ནང་རིག་གཙུག་ལག་རྒྱ་མཚོའི་རླབས།།
ཅི་དགར་བྱོ་བའི་བཤེས་རྣམས་ཕྱག་གི་ཡུལ།།

བློ༷་བཟ༷ང་མཁྱེན་བརྩེའི་འོད་སྟོང་དཔ༷ལ་འབར་བའི།།
དགེ་ལྡ༷ན་ལུགས་བཟང་གཡས་འཁྱིལ་ཆོ༷ས་ཀྱི༷་དུང་།།
སྲིད་གསུམ་ཀུན་འགེངས་སྒྲོག་པའི་སེམས་དཔའ་ཆེ།།
སྐྱབས་གསུམ་ཀུན་འདུས་རྡོ༷་རྗེ༷འི་ཞབས་ལ་འདུད།།

བློ༷་གྲོས་མཁྱེན་པ་ཉི་ཟླའི་འོད་ལྟར་གས༷ལ།།
འཆད་པའི་ལྗགས་ལ་སྒྲ་བརྒྱ་དགོད་པ་དང་།།
རྩོད་པའི་རྩལ་ལ་ཕྱོགས་གླང་གཉིས་པ་སྟེ།།
རྒྱ༷་མཚོ༷འི་མཚན་ལྡན་བླ་མར་ཕྱག་བགྱིད་དོ།།

བསྐལ༷་བཟ༷ང་དུས་ཀྱི་ཆོས་ཆར་འབུམ་འཇོ་བའི།།
ལུང་རིགས་རྒྱ༷་མཚོ༷་མཁའ་རུ་ལུད་པའི་ཚལ།།
གཞུང་ལུགས་སྦྲང་རྩི་གཞིབ་པའི་བྷྲ་མ་རའི།།
ཤེས་རབ་གནས་མལ་སྐྲུན་པའི་དཔའ་བོ་རྒྱལ།།

བློ༷་བཟ༷ང་འཇམ་དཔལ་སྙིང་བོའི་ཐུགས་འདུས་བཅུད།།
ཆོ༷ས་སུ་སོང་བའི་ཉམས་ལེན་གནད་ཀྱི་དོན།།
གྲ༷གས་པའི་ཕྱོགས་སུ་མ་སོང་ཞི་གནས་པ།།
ཚུལ་བཞིན་ཆོས་ལ་སྤྱོད་པའི་བཤེས་དེར་གུས།།

ཆོས་དང་འཇིག་རྟེན་གནས་ལུགས་ངོ་སྤྲད་ཅིང་།།
བསྐལ༷་བའི་མཐའ་རུ་བཀའ་དྲིན་གཞལ་དཀའ་བའི།།
བཟ༷ང་བོའི་ཡོན་ཏན་གསེར་གྱི་ཉི་མ་ཆེ།།
རྨོངས་པའི་མུན་སེལ་བཤེས་གཉེན་ཟླ༷་བ༷ར་གུས།།

ལྔ༷་རིག༷་པདྨ༷འི་དྲི་ཞིམ་བསུང་ངད་ཀྱིས།།
གསེར་གྱི་སྦྲང་ཆུང་ཕྱོགས་དང་ཕྱོགས་ནས་བསྡུས།།
ཤེས་བྱའི་གཤོག་གླུ་སྙན་པའི་དག༷འ་ཚ༷ལ་ནས།།
དབྱངས་གསལ་མགྲིན་པར་བསྐྱིལ་པའི་བྱ་ཁྱུ་འཕུར།།

དབུ་མའི་ལུགས་བཟང་རྒྱས་པའི་གྲྭ་གཅིག་ཏུ།།
ཚད་མའི་འདབ་གཤོག་བརྐྱངས་པའི་ངང་དཀར་ཁྱུས།།
འདུལ་དོན་གསོས་སུ་བསྟེན་པར་བྲེལ་བ་ཡིས།།
མངོན་པའི་གྲངས་ཀྱིས་བརྩེགས་པའི་སྡིངས་ཆ་བརྩིགས།།

དངོས་བརྒྱད་བདུན་ཅུའི་རྣམ་བཞག་ཕར་ཕྱིན་ཀྱི།།
གཞུང་ལུགས་ཐོས་འདོད་དཔྱད་སྟོབས་དར་བའི་དཔུང་།།
རིག་པའི་མཚོན་རྣོན་རྩལ་གྱིས་ཕྱར་བ་ཡི།།
རྟོགས་སད་སྨྲ་བའི་ཚོགས་རྣམས་ཆོས་ཀྱི་གྲོགས།།

རྒྱུད་སྡེ་རྣམ་བཞིའི་འདོན་ལྟ་དབྱངས་གསུམ་གྱི།།
བླ་བརྒྱུད་ཕྱག་ལེན་མ་ཆད་མ་ལྷག་པར།།
ཆུ་བོ་རྒྱུན་ལྟར་བཞུར་བའི་ཆོ་གའི་རིགས།།
མ་ཉམས་ཆོས་ཀྱི་སྤྱོད་པ་འཕེལ་ཞིང་རྒྱས།།

སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནོར་བུའི་ཕྲ།།
དད་གསུམ་མཛེས་པའི་རྒྱན་དུ་རབ་བཏེགས་པས།།
བསོད་ནམས་ཞིང་དུ་བཀུར་བའི་དགེ་འདུན་སྡེའི།།
ཆོས་སྤྱོད་བཅུ་ཡི་བགྱི་བ་དར་ཞིང་རྒྱས།།

ལྔ་རིག་མེ་ཏོག་བཞད་པའི་གླིང་ག་རུ།།
བློ་གསལ་ར་ཡིག་གཉིས་པ་གར་གྱི་རྩེན།།
སྙན་ངག་སུམ་རྟགས་མངོན་བརྗོད་སྡེབས་ལེགས་ཀྱི།།
ཚིག་སྦྱོར་རྩོམ་རིག་ཆུ་བོའི་རྒྱུན་ལྟར་འཕྱོ།།

བསླབ་པ་གསུམ་ལྡན་ངུར་སྨྲིག་འཆང་བའི་སྡེའི།།
བཤད་སྒྲུབ་ཆོས་ཀྱི་བྱ་བ་དཀར་པོའི་ཕྲེང་།།
ནམ་ཡང་ཉམས་མེད་དུས་ཀྱི་ནམ་མཁའི་མཐར།།
འདྲེན་ལ་མཁས་པའི་རིག་གྲོལ་མངོན་དུ་འཕགས།།

དུས་ཀྱི་ཁ་རླངས་ནག་པོས་བརླགས་ཀྱང་རུང་།།
ཡང་དར་བསྟན་པའི་ཉི་ཟླའི་འོད་སྣང་གིས།།
དགོན་འདིའི་བཤད་སྒྲུབ་བྱ་བ་ཡར་དར་ནས།།
འགྲོ་བའི་བདེ་སྐྱིད་གཞི་ས་ཡོངས་སུ་ཟིན།།

ས་ལ་དགེ་བའི་མཚན་མ་འབུམ་བཀྲ་བས།།
རྩི་བཅུད་ལོ་ལེགས་བཀྲ་ཤིས་ཕྱྭ་གཡང་འཁོར།།
རྟ་ནོར་སྒོ་ཕྱུགས་རྒྱུ་སྐར་སར་འཕོས་ཏེ།།
དཔལ་འབྱོར་སྲིད་པའི་མཚོ་མོ་རླབས་ཀྱིས་འཕྱོ།།

བརྗིད་ཆགས་སྟོབས་ཀྱིས་སྙེམས་པའི་ས་འཛིན་རི།།
སྲིད་པའི་གཉན་ཆེན་སྔོ་ལྷ་གཡུ་རྩེ་དང་།།
ཤེལ་དཀར་རྒྱལ་མཚན་སྒྲེང་འདྲའི་ལྷུན་པོ་དག།
ཕྱོགས་དང་མཚམས་བརྒྱད་བསྐོར་བའི་ལྕགས་རི་བཞིན།།

སྨུག་སྤྲིན་བན་བུན་ལྡང་བའི་རི་ཞོལ་དུ།།
གཡུ་ཡི་ནེའུ་གསིང་ལུ་མའི་མཚེའུ་རྫིང་འཁྱིལ།།
འདབ་ཆགས་ཤྭ་དགོ་ཡུ་མོའི་བྲོ་གར་གྱིས།།
རྐང་གཉིས་མི་ཡི་ཡིད་ཀྱི་དབང་བོ་འཕྲོག།

རྒྱབ་རི་སྟོབས་ལྡན་གཉིས་འཐུང་དབང་བོ་ཡིས།།
དགོས་འདོད་ཀུན་འབྱུང་ནོར་བུ་ཁུར་གྱིས་བཏེགས།།
ཐབས་ཤེས་སྣ་ཞགས་དཀར་པོའི་སྣེ་ཁུགས་སུ།།
ལུང་རྟོགས་ཡོན་ཏན་བསྟན་པའི་ཆོས་སྡིངས་འཛུམ།།

བཀྲ་ཤིས་རྟགས་བརྒྱད་ཀུན་ཚང་མདུན་གྱི་རིར།།
ཚང་ཚིང་གཡུ་ལོའི་འདབ་ཕྲེང་འཁྲིགས་པ་ལ།།
ཁྱུ་བྱུག་འཇོལ་མོའི་མགྲིན་པའི་གླུ་སྒྲ་ཡིས།།
སྐྱོ་བའི་ངལ་བ་སེལ་ཞིང་དགའ་བདེའི་བཟི།།

གཡས་ན་ཉ་གང་ཟླ༷་བ༷འི་ལུང༷་བ་ལ།།
དྭངས་གཙང་རྫ་ཆུ་བསིལ་མ་གར་གྱིས་འཁྱུགས།།
ལྷུང་ལྷུང་དལ་གྱིས་རྒྱུ་ཞིང་གྱ་གྱུར་གླུས།།
སྤང་གི་མེ་ཏོག་འཛུམ་ཞིང་དགའ་བ་སྟེར།།

གཡོན་ན་གསེར་མདོག་ཉི༷་མ༷འི་ལུང༷་བ་རུ།།
བཀྲ་ཤིས་གཙང་ཆབ་སྔོན་མོའི་མེ་ལོང་དྭངས།།
སེར་ཆེན་མེ་ཏོག་བཞད་པའི་མཛེས་སྡུག་གིས།།
ལྷ་དང་ལྷ་མོའི་ཚོགས་རྣམས་དབང་མེད་འགུགས།།

རི་ཕྲན་འབའ་འབུར་སྒང་གཤོང་ཁྲི་མ་འབུམ།།
སྤང་ལྗོངས་མེ་ཏོག་དཀར་དམར་ཁྲ་ཆིལ་བཞད།།
གཡང་ར་སྒོ་བཞིའི་ཕྱྭ་གཡང་རང་འཁོར་གྱིས།།
རོང་འབྲོག་འཚོ་བའི་ལོངས་སྤྱོད་ཆར་ལྟར་འབེབས།།

དེ་ལྟར་ཚིག་གིས་བསྟར་བའི་ཡི་གེའི་ཕྲེང་།།
ཀུན་ཤེས་ཚོར་བའི་རྟ་ལ་ཉེར་དྲངས་ཤིང་།།
སྡེ་འདིའི་ཆོས་སྤྱོད་བསླབ་པར་བྱ་བའི་གནས།།
དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་གྱུར་ཅིག།

ཐ་སྙད་སྐམ་པོའི་གཡུ་བྱུར་མ་བཏགས་པར།།
བརྗོད་བྱ་ར་རིའི་གོས་ཀྱིས་མ་སྤྲས་པའི།།
རྗོད་བྱེད་ཚིག་གིས་བརྒྱན་པའི་རབ་བྱེད་ཕྲེང་།།
ཁྱུང་གི་མིང་ཅན་གང་དེས་བྲིས་པ་དགེ།།
   
          ༢༠༡༧/༩/༡༠/ཉིན་རྨ་ཡུལ་མགོ་ལོག་ཤར་གཉན་པོ་གཡུ་རྩེའི་རྫ་འདབས་སུ་མགྱོགས་པར་བྲིས།

                རང་སེམས་ཀྱི་གཞིས་ཀར་ཉུལ་བ།

ཚེ་རབས་ཕྲེང་བས་དེད་པའི་བསྐལ་བ་ཞིག་ལ།།
སྨྲ་བ་མི་ཡི་གཟུགས་སུ་གྲུབ་པ་འདི་ཡང་།།
ལས་དམན་ནང་ནས་རྙེད་པའི་ལས་བཟང་བརྗོད་ན།།
དལ་འབྱོར་དོན་ཆེན་ཞེས་ཀྱང་ང་ལ་དོན་ཆུང་།།

ཤེས་རྨོངས་བློ་ལ་ཉོན་མོངས་སྨག་གིས་དཀྲིས་པས།།
ཚེ་ཡི་ཕྱེད་ཀ་མུན་པའི་ཁྲོད་ནས་ལྷགས་སོང་།།
ལེ་ལོའི་བལ་སྐུད་རྨེད་པའི་ལོ་ཟླའི་མལ་དུ།།
བློ་རིག་ཡོལ་བས་བསྒྲིབས་པའི་རུལ་མ་ཁེར་ཉལ།

བསུབ་མེད་ལས་ཀྱིས་བྲིས་པའི་ཐོད་པའི་རི་མོ།།
སྡུག་ཡུས་སེམས་ཀྱི་མཚོ་མོའི་རླབས་རིས་འདྲ་ལེ།།
མི་ཚེ་དུས་ཐུང་རླུང་བུས་སྐྱོམ་ཐེངས་རེ་ལ།།
མི་རྟག་དྲན་པའི་འཕྲིན་ཆུང་ཡི་གར་འཁོར་འོང་།།

དུས་ཀྱི་འཁོར་ལོའི་བང་ཁ་རླུང་གིས་དེད་པས།།
ཐུང་ཐུང་མི་ཚེའི་ནང་གི་བསྒྲུབ་བྱ་མང་པོ།།
རྣམ་གཡེང་ལེ་ལོས་ཁྱེར་བའི་ཚེ་སྟོད་འདི་ཡང་།།
འུར་དང་ཟང་ཟིང་བར་ནས་ཁད་ཀྱིས་རྫོགས་སོང་།།

གཞུང་ལུགས་རིག་པས་བསེད་པའི་རྣམ་དཔྱོད་ཕྲ་མོར།།
ཐོས་སྒོམ་བརྩོན་པའི་སྟོབས་དང་དཔུང་གྲོགས་མེད་པས།།
ཁེར་བུར་འགྲེང་བའི་ཤེས་རབ་ལྕགས་ཀྱི་རྣོ་ཁབ།།
བེད་མེད་ལུས་སྟངས་བསམ་ན་ཡིད་འདི་ཐང་ཆད།།

ཟ་ཟིའི་ཀློང་ནས་བསམ་གཞིགས་ཐེངས་མང་བཏང་ཡང་།།
འདུ་སྣང་སྒྱུ་མའི་གྲོང་ལ་འབྱམས་ཚད་ཟབ་པས།།
ད་དུང་རེ་ཞིག་བསམ་པའི་བློ་མུན་སྟུག་པོས།།
ཡོད་ཚད་ཐོབ་ཤོར་ལམ་དུ་བརྫངས་པས་ང་རྨོངས།།

འཁོར་འདས་སྒྱུ་མས་བཀོད་པའི་བསླུ་བྲིད་ཅིག་གིས།།
འཇིག་རྟེན་རྟག་པའི་ཁམས་སུ་བདེན་པར་དེད་ཅིང་།།
འཛིན་དུ་མི་རེ་ནམ་ལངས་རྨི་ལམ་མོག་པོ།།
སྐད་ཅིག་མི་གནས་མི་རྟག་རང་ཚུགས་མངོན་སོང་།།

ནམ་མཁའ་ཡངས་ཀྱང་གཞས་ཡས་དཀྱིལ་འཁོར་མི་འགྲུབ།།
ས་གཞི་སྙོམས་ཀྱང་ཉི་ཟླའི་ཞབས་རྗེས་མི་གསལ།།
སོ་སོར་རང་རང་དབང་བའི་ལམ་མདོ་དེ་ནི།།
མི་ཚེ་སྐྱིད་སྡུག་འདྲེས་མའི་འཚོ་བའི་ལམ་རེད།།

ཟག་བཅས་ཕུང་བོ་ལོ་ཟླའི་མཆེ་བས་མུར་ཏེ།།
སྐྱེས་རྒ་ན་འཆིར་གནས་པའི་ལུས་ཟུངས་རུད་པོ།།
འཆི་བར་ཕྱོགས་པའི་གོམ་སྟབས་རེ་རེའི་བར་ན།།
འཁྲེང་ཞེན་སྐྱོ་བའི་ཕྱིར་མིག་གང་ལ་གཏད་ཡོད།།

སྡུག་གི་ཉེས་དམིགས་བསགས་པའི་ཚེ་ཡི་ལན་ཆགས།།
སྐྱིད་ལ་འཁྲུལ་བའི་འདུ་ཤེས་འགོག་ཐབས་མི་འདུག།
ལོ་ཡི་ལྟེབས་མ་བརྩེགས་པའི་བམ་ཁ་འདི་ནས།།
སྲེད་པའི་འཆིང་ཞགས་རིང་མོ་སུ་ཡིས་འདོར་ཐུབ།།

འདོད་ཡོན་དུག་ཆུ་འཕྱུར་བའི་མཚོ་མོའི་འཇིངས་ལ།།
སྲེད་རྔམ་ཧེབ་ཀྱི་ཉ་མོ་འགོག་ཐབས་བྲལ་ཏེ།།
ཆོས་བརྒྱད་རླུང་གིས་འཁྱེར་བའི་འཇིག་རྟེན་འདི་ནས།།
ང་ཆེ་ང་བཙན་གྲགས་པ་སྐམ་པོས་བཟི་སོང་།།

ཡ་གིའི་ལྷ་ཚོགས་འདུ་བའི་དཀྱིལ་འཁོར་མ་མཐོང་།།
མ་གིའི་མི་ཚོགས་བྲེལ་བའི་འཁོར་ཉེས་མ་རྟོགས།།
བར་གྱི་སྲིད་པ་ཞིག་གི་གྲུ་ཟུར་དེ་ནས།།
མི་ཚེ་སྐད་ཅིག་ཡིན་པའི་ལང་ཚོ་ཟད་སོང་།།

ཆོས་དང་ཆོས་མིན་བསྲེས་པའི་དུས་ཀྱི་མཁའ་རུ།།
ཚུལ་མིན་སྤྱོད་པ་བྲིན་པའི་ཤོག་བུའི་རླུང་རྟ།།
རྟགས་དང་གཏན་ཚིགས་བོར་བའི་རླུང་ལ་འཕྲད་ན།།
རྟེན་འབྲེལ་དྭངས་བའི་རྫིང་བུར་རྙོག་པར་ཨེ་དོགས།།

དུལ་བའི་སྤྱོད་པས་ཕྱུག་པ་ཉན་ཐོས་སེམས་དཔའ།།
བཅོས་མིན་བློ་ལ་འཛུམ་པའི་མེ་ཏོག་མིན་ཚེ།།
ནང་དུ་ཀོ་ལོང་རུ་ང་སྤྲིན་ལྟར་འཁྲིགས་ན།།
རྒྱལ་དང་སྲས་པོ་འདྲ་ཡང་བློ་ལྡན་སུས་བཀུར།།

བདག་དང་བདག་འདྲའི་མཁའ་དབྱིངས་སེམས་ཀྱིས་ཉུལ་ཏེ།།
ངར་ཞེན་སྣང་བའི་གྲོང་ཚོར་པར་ཏུ་བཏབ་ན།།
ཕྱི་མའི་ལམ་འཕྲང་བསམ་ཡང་འཇིགས་པ་མེད་པའི།།
ང་དང་ང་ཡི་ཚོགས་རྣམས་ཀྱེ་ཀྱེ་སོམས་ཤིག།

                             ༢༠༡༧/༦/༣/ཉིན།

                བསང་ཆུའི་སྟོད་ཀྱི་མཐོང་བ།

རབ་དཀར་ལང་ལོང་གཡོ་བའི་ཆུ་འཛིན་དེས།།
བསང་གཞུང་སྔོན་མོའི་ཡོན་ཆབ་ཧུབ་ཀྱིས་དྲངས།།
དབྱར་ལྡན་དུས་ཀྱི་དཔལ་མོའི་འཇོ་སྒེག་གིས།།
རི་ཆུའི་གདོང་ལ་མཛེས་པའི་སྐེག་ཚོན་བྱུགས།།

ཁྱུང་ཆེན་མཁའ་ལ་ལྡིང་འདྲའི་ལྷུན་པོ་ནས།།
ལྷུང་ལྷུང་ཉལ་འགྲོའི་སྙན་དབྱངས་གྱ་གྱུའི་འགྲོས།།
གློ་དམར་མེ་ཏོག་འཐུ་བའི་གར་སྟབས་ཀྱིས།།
ཡངས་པའི་སྤང་ཐང་སྔོན་མོར་མཛེས་སྡུག་བྱིན།།

སེང་ཆེན་སྐྱེས་བུས་ལྷ་གསོལ་སྤྱི་བསང་གི།།
དུད་པས་བསྒྲིབས་པའི་ཡངས་པའི་ཐང་ཆེན་འདིར།།
བསང་གཞུང་ཞེས་སུ་ཐོགས་ཤིང་གྲགས་པ་ཡིས།།
སྙན་པའི་རོལ་མོ་མདོ་སྨད་ཤར་ན་ལྡིར།།

བསང་གཞུང་དགའ་མའི་ལང་ཚོ་སྨིན་ལེགས་མས།།
རྐང་འཐུང་ཚང་ཚིང་གླིང་ག་རབ་བསྐྱེད་དེ།།
སྣ་མང་ལྗོན་པའི་གུར་གྱི་ཕུར་མའི་གཟིས།།
ཡིད་འཕྲོག་ལེགས་བྲིས་ཁེངས་པ་འཕྲོག་པར་བྱེད།།

རྟ་ནོར་རི་ལ་ཡན་པའི་བག་ཡངས་དེས།།
སེམས་ལ་བདེ་སྤྲོའི་གནས་མལ་གསར་བ་ཞིག།
ཚོར་འདུ་ཀློང་དུ་བསིལ་བུར་བཏབ་པ་ཡིས།།
དགའ་བྱེད་སྙིང་གི་འདུ་ལོང་རབ་ཏུ་འཁྲིགས།།

དཀར་སེར་དམར་སྔོའི་མེ་ཏོག་རབ་བཞད་དེ།།
རི་ལུང་སྒང་གཞུང་འོད་ལྔས་དབང་དུ་བྱས།།
ཕྱོགས་འདུས་སྐྱེས་འགྲོའི་བུང་བ་བཀུག་པ་ཡིས།།
དགའ་མགུའི་སྐད་ཀྱི་བསྟོད་གླུ་དར་དིར་སྒྲོག།

སྤང་ལྗོངས་གོས་ཀྱི་རི་མོ་བཀྲ་བའི་མདངས།།
རྨ་བྱའི་མདོངས་ལྟར་མཛེས་པའི་ཐིག་ལེར་བབས།།
ལང་ཚོའི་འཁྲི་ཤིང་སྨིན་པའི་རྩི་ལྗོན་རྣམས།།
རྒྱང་རིང་མགྲོན་པོའི་མིག་གི་དཔྱིད་དུ་གྲུབ།།

བསང་གི་རྟ་མཆོག་ཁྱུང་གི་རླུང་གཤོག་ཅན།།
སྟག་ཤར་གཞོན་ནུ་སྟག་གི་ཐིག་ལེ་ཅན།།
བསང་ཆུའི་སྟོད་ཀྱི་འབྲོག་སྡེ་སྨུག་པོའི་རུ།།
ཁྱུང་རྩེའི་ཐང་གི་རླུང་རྟ་དཀར་པོ་ཡིན།།

                       2017   7   18

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་གྱའི་ཁྱུང་སྔོན་གྱི་ཚིགས་བཅད་སྙན་ངག་ཁག་བཞི།

2017-09-23 ཁ་གྱའི་ཁྱུང་སྔོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།