ཡིད་ཀྱི་རླུང་།(ཞར་བཀོད་གཉིས་ཡོད)


འཁོར་བའི་རླུང་བུ་གཡུག་གིན་གཡུག་གིན།།
སེམས་ཀྱི་ཁ་བ་མཁའ་རུ་འཕྱོ་བ།།
ལུས་ཀྱི་རྩྭ་ཐང་རླུང་ཁར་འགྲེང་ན།།
ཚིག་གི་སྐྲ་ལོ་ཡང་ཡང་ཤད་པ།།

དབྱངས་ཀྱི་རྫི་མའི་ཁོར་ཡུག་དེ་ན།།
རླུང་བུའི་མིག་འབྲས་སྐར་ཚོགས་ཤར་འདྲ།།
ཟླ་འོད་འཐུ་བའི་རླུང་གི་གྲུ་ཁར།།
སྣང་བའི་མེ་ཏོག་དགུན་ཁར་བཞད་པ།།

རླུང་བུའི་ལག་པ་འགུལ་ཞིང་འགུལ་ན།།
ཕ་ཡུལ་བརྩེ་བའི་རི་ཆུ་མཐོང་ཐུབ།།
སྙིང་རྩིད་ནགས་ཀྱི་ཡལ་ཀར་འཁྱུད་ཚེ།།
བག་ཆགས་ལ་ཁའི་དར་ལྕོག་གཡོ་བྱུང་།།

སེམས་ཀྱི་གངས་རིས་ཉི་འོད་ཁྲིད་དེ།།
བུ་ཡུག་ན་བཟའ་མིག་མཐར་གཡོ་ན།།
ཚོར་ཤེས་བ་སྤུའི་མིག་ཆུ་ཉིལ་ལེར།།
སྐྱོ་བའི་མུན་པར་བྲག་ཆ་འཁོར་བ།།

རླུང་བུའི་རལ་བ་ཕྲག་ཁར་འཕྱོ་དུས།།
འབྲོང་ཁྱུའི་ཟེ་བའི་དག་ཞིང་མཇལ་བྱུང་།།
སྦྲ་ནག་གཤོག་པའི་འཇིག་རྟེན་ཕྱི་ནང་།།
སེམས་ཀྱི་ན་བུན་རང་བྱུང་རི་མོ།།

བདེ་སྐྱིད་རྟ་ཕོ་ཁྱུ་དང་ཁྱུ་ཡིས།།
རླུང་ཀྱི་རྩི་མགོ་ལྡག་ཅིང་ཞོགས་པ།།
འཚོ་བའི་སྤྲིན་དཀར་ནམ་མཁའི་མཐའ་རུ།།
འཛུམ་ཆུང་བྱ་ཁྱུའི་གཤོག་ཕྲེང་བསྟར་འདུག།

ཡིད་ཀྱི་རླུང་བུས་བྱིལ་བྱིལ་བྱས་ན།།
ཚེ་ཡི་ཉིན་མོ་འཁྲུལ་ཞིང་འཁྲུལ་འགྲོ།།
དྲན་པའི་སྒེའུ་ཡོལ་ཕྱེ་ཙམ་བྱས་ན།།
གདུང་བའི་ན་ཚོད་རྒས་པ་ཚོར་བྱུང་།།

             ༢༠༡༧/༡/༢༥ ཕྱི་དྲོར།

                                     ལོ་མ་ཟགས་པའི་མྱ་ངན།

                                               ____ཚོར་སྣང་ཞིག་ལ་སྦྱར་བ།

རང་བྱུང་རུས་པའི་གས་བར་ན།།
ཆོས་ཉིད་ལྡོམ་པོའི་མིག་འབྲས་འབུར།།
རི་བོའི་མིག་ཆུ་ཆུ་མོར་ཉུལ།།
བྱ་སྐད་རེ་ཡིས་ཆོ་ངེ་འདོན།།

རླུང་བུའི་འགྲམ་ཤ་འཇམ་གྱུར་རུང་།།
སྐར་ཆེན་མགྲིན་པ་སྒུར་ཙམ་གྱིས།།
ཐོ་རེངས་ཞེ་ལ་སྡུག་ཙམ་བཞག།
ས་སྲོད་རེ་ཡི་རུམ་ཁ་འཁྱགས།།

ནམ་ཟླས་སྣ་ཆུ་ལུག་ཅིང་དྲུད།།
སྡོང་རྒན་སྐྲ་ལོ་འཕྱངས་ཤིང་གཟེངས།།
རྩི་ཤིང་རེ་ནི་འདར་ཞོར་དུ།།
དུས་ཀྱི་གདོང་ལ་ས་རྡུལ་བཏབ།།

ཟིལ་བའི་སྙིང་གི་ཕྲ་ཕུང་རེ།།
རྡོ་གཅལ་གཉེར་མའི་སྲུབ་ཁར་ཟགས།།
མི་རྟག་ཐག་པའི་སྣེ་མོ་བརླན།།
ཅམ་གྱིས་མྱ་ངན་མེ་ཏོག་འབུས།།

སྤྲིན་པས་མགོ་བོ་བསྐྱོར་ཞིང་ངུས།།
ཟླ་བས་ལྐོག་ནས་མིག་ཆུ་ཕྱི།།
སྐར་མའི་ལྷ་ཚོགས་ཁ་རུབ་ཀྱིས།།
ཟག་བཅས་རི་མོར་མཛུབ་མོ་རེག།

ཉི་འོད་ནད་པས་བྲང་ཁ་བསྣུན།།
ཁྲུང་ཁྲུང་སྙིང་རླུང་སྟོད་ལ་འཚངས།།
སྣོད་བཅུད་སྟངས་ཀ་ཉམས་ཤིང་རྒུད།།
ཁོར་མོ་ཡུག་གིས་མགོ་བོ་དུད།།

མྱི་སེམས་དར་ལྕོག་སྐྱོ་བས་བརླན།།
སྐད་ཆའི་ཉ་ཉོག་རྒྱུ་མ་ཆད།།
འཚོ་བའི་སྒེའུ་ཁུང་ཆག་གྲུམ་ཤོར།།
ཡིག་འབྲུ་དག་ནི་བརླན་གྱིས་ཟོས།།

ལོ་མ་ཟགས་པར་མྱ་ངན་གྱིས།།
དུས་ཀྱི་རི་འགོར་ན་བུན་འཐིབས།།
སྣང་བའི་སྒོ་ཁར་ན་ཟུག་འཁོར།།
འཁྲུལ་སྣང་རེ་ནི་རྩིག་པར་བཏགས།།

               ༢༠༡༥/༡༠/༦ ལ།

                                     རང་བྱུང་གི་བརྩེ་བར་ཡན་པའི་རྣམ་ཤེས།

རྡུལ་ཟིལ་མེ་ཏོག་གད་པའི་ལོ་མའི་སྟེང་།།
འོད་ཞགས་འཇམ་པོས་མཛེས་པའི་རི་མོ་བྲིས།།
འཇིག་རྟེན་ཁ་བའི་ཕྱག་སོར་པདྨའི་སྣེར།།
རླུང་བུའི་རལ་བ་ལྗང་གུའི་ནགས་ཚལ་རྒྱས།།
གངས་ཀྱི་བྲང་ཁར་བདེ་བའི་དཀྱིལ་འཁོར་གྲུབ།།
སྤྲིན་དཀར་ལག་པས་འཇའ་ཚོན་ལང་ཚོར་རེག།
བརྩེ་བའི་སྨིག་རྒྱུ་རང་བྱུང་འདབ་མའི་རྩེར།།
ཡན་ཞིང་འཁོར་བས་བདུད་རྩིའི་དངོས་གྲུབ་འཇོ།།
ཁུ་སིམ་སེམས་ཀྱི་ཡོལ་བའི་མེ་ལོང་གཞིར།།
བདེ་སྐྱིད་བྱིན་རླབས་དཀར་པོའི་གཅེར་གཟུཊ་དོད།།
སྣང་ཤེས་མདུད་པ་སྙིང་རྩའི་བུ་གར་བརྒྱུས།།
འཁོར་བའི་བར་སྣང་སྣང་བའི་ན་བུན་ཚོགས།།
འཁྲུལ་བའི་གྲུབ་གཟུགས་ལས་བདས་བརྩེ་བར་འཁྱུད།།
མི་རྟག་ཆོས་ཀྱི་ཆོན་ཐག་ཐག་སྣེའི་འཕྲུལ།།
འཚོ་བའི་གཅལ་དུ་བཅད་དེ་ངེས་ཤེས་འདྲོངས།།
ཚེ་ཡི་གཙང་བོའི་རབ་ཁའི་ནོར་བུའི་གཟུགས།།
ཁྲེལ་གཞུང་རི་ཆུའི་གནམ་སའི་ཧྲག་བར་འགུལ།།
སྙིང་རུས་གསེར་སྐུད་ཕྲ་མོའི་འོད་ཀྱི་མདངས།།
བསྐལ་བའི་ལྡེབས་རིས་བྲང་ཁའི་བརྒྱན་ལ་བཏགས།།
སྲོག་གི་རིན་ཐང་ཐང་སྟོང་ཤྭ་བོའི་གཤིས།།
མུན་ནག་སྐར་མདའི་མིག་གི་འོད་ལ་ཐིམ།།
འབྲོང་ཆུང་རྭ་རྩེའི་ཟིལ་བའི་མངའ་ཐང་བརྡལ།།
ལོ་ཟླའི་སྐྱི་བསེར་རླུང་གིས་སེམས་གཅོང་སེལ།།
བདེ་འབྱུང་སྙིང་བོའི་ཉིང་ཁུས་ཡིད་ཡུལ་བརླན།།

                      ༢༠༡༧/༦/༢༦


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

                                   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིད་ཀྱི་རླུང་།(ཞར་བཀོད་གཉིས་ཡོད)

2017-10-15 འཕང་། ཀློག་གྲངས། མཆན ཡོད།


འཁོར་བའི་རླུང་བུ་གཡུག་གིན་གཡུག་གིན།།
སེམས་ཀྱི་ཁ་བ་མཁའ་རུ་འཕྱོ་བ།།
ལུས་ཀྱི་རྩྭ་ཐང་རླུང་ཁར་འགྲེང་ན།།
ཚིག་གི་སྐྲ་ལོ་ཡང་ཡང་ཤད་པ།།

དབྱངས་ཀྱི་རྫི་མའི་ཁོར་ཡུག་དེ་ན།།
རླུང་བུའི་མིག་འབྲས་སྐར་ཚོགས་ཤར་འདྲ།།
ཟླ་འོད་འཐུ་བའི་རླུང་གི་གྲུ་ཁར།།
སྣང་བའི་མེ་ཏོག་དགུན་ཁར་བཞད་པ།།

རླུང་བུའི་ལག་པ་འགུལ་ཞིང་འགུལ་ན།།
ཕ་ཡུལ་བརྩེ་བའི་རི་ཆུ་མཐོང་ཐུབ།།
སྙིང་རྩིད་ནགས་ཀྱི་ཡལ་ཀར་འཁྱུད་ཚེ།།
བག་ཆགས་ལ་ཁའི་དར་ལྕོག་གཡོ་བྱུང་།།

སེམས་ཀྱི་གངས་རིས་ཉི་འོད་ཁྲིད་དེ།།
བུ་ཡུག་ན་བཟའ་མིག་མཐར་གཡོ་ན།།
ཚོར་ཤེས་བ་སྤུའི་མིག་ཆུ་ཉིལ་ལེར།།
སྐྱོ་བའི་མུན་པར་བྲག་ཆ་འཁོར་བ།།

རླུང་བུའི་རལ་བ་ཕྲག་ཁར་འཕྱོ་དུས།།
འབྲོང་ཁྱུའི་ཟེ་བའི་དག་ཞིང་མཇལ་བྱུང་།།
སྦྲ་ནག་གཤོག་པའི་འཇིག་རྟེན་ཕྱི་ནང་།།
སེམས་ཀྱི་ན་བུན་རང་བྱུང་རི་མོ།།

བདེ་སྐྱིད་རྟ་ཕོ་ཁྱུ་དང་ཁྱུ་ཡིས།།
རླུང་ཀྱི་རྩི་མགོ་ལྡག་ཅིང་ཞོགས་པ།།
འཚོ་བའི་སྤྲིན་དཀར་ནམ་མཁའི་མཐའ་རུ།།
འཛུམ་ཆུང་བྱ་ཁྱུའི་གཤོག་ཕྲེང་བསྟར་འདུག།

ཡིད་ཀྱི་རླུང་བུས་བྱིལ་བྱིལ་བྱས་ན།།
ཚེ་ཡི་ཉིན་མོ་འཁྲུལ་ཞིང་འཁྲུལ་འགྲོ།།
དྲན་པའི་སྒེའུ་ཡོལ་ཕྱེ་ཙམ་བྱས་ན།།
གདུང་བའི་ན་ཚོད་རྒས་པ་ཚོར་བྱུང་།།

             ༢༠༡༧/༡/༢༥ ཕྱི་དྲོར།

                                     ལོ་མ་ཟགས་པའི་མྱ་ངན།

                                               ____ཚོར་སྣང་ཞིག་ལ་སྦྱར་བ།

རང་བྱུང་རུས་པའི་གས་བར་ན།།
ཆོས་ཉིད་ལྡོམ་པོའི་མིག་འབྲས་འབུར།།
རི་བོའི་མིག་ཆུ་ཆུ་མོར་ཉུལ།།
བྱ་སྐད་རེ་ཡིས་ཆོ་ངེ་འདོན།།

རླུང་བུའི་འགྲམ་ཤ་འཇམ་གྱུར་རུང་།།
སྐར་ཆེན་མགྲིན་པ་སྒུར་ཙམ་གྱིས།།
ཐོ་རེངས་ཞེ་ལ་སྡུག་ཙམ་བཞག།
ས་སྲོད་རེ་ཡི་རུམ་ཁ་འཁྱགས།།

ནམ་ཟླས་སྣ་ཆུ་ལུག་ཅིང་དྲུད།།
སྡོང་རྒན་སྐྲ་ལོ་འཕྱངས་ཤིང་གཟེངས།།
རྩི་ཤིང་རེ་ནི་འདར་ཞོར་དུ།།
དུས་ཀྱི་གདོང་ལ་ས་རྡུལ་བཏབ།།

ཟིལ་བའི་སྙིང་གི་ཕྲ་ཕུང་རེ།།
རྡོ་གཅལ་གཉེར་མའི་སྲུབ་ཁར་ཟགས།།
མི་རྟག་ཐག་པའི་སྣེ་མོ་བརླན།།
ཅམ་གྱིས་མྱ་ངན་མེ་ཏོག་འབུས།།

སྤྲིན་པས་མགོ་བོ་བསྐྱོར་ཞིང་ངུས།།
ཟླ་བས་ལྐོག་ནས་མིག་ཆུ་ཕྱི།།
སྐར་མའི་ལྷ་ཚོགས་ཁ་རུབ་ཀྱིས།།
ཟག་བཅས་རི་མོར་མཛུབ་མོ་རེག།

ཉི་འོད་ནད་པས་བྲང་ཁ་བསྣུན།།
ཁྲུང་ཁྲུང་སྙིང་རླུང་སྟོད་ལ་འཚངས།།
སྣོད་བཅུད་སྟངས་ཀ་ཉམས་ཤིང་རྒུད།།
ཁོར་མོ་ཡུག་གིས་མགོ་བོ་དུད།།

མྱི་སེམས་དར་ལྕོག་སྐྱོ་བས་བརླན།།
སྐད་ཆའི་ཉ་ཉོག་རྒྱུ་མ་ཆད།།
འཚོ་བའི་སྒེའུ་ཁུང་ཆག་གྲུམ་ཤོར།།
ཡིག་འབྲུ་དག་ནི་བརླན་གྱིས་ཟོས།།

ལོ་མ་ཟགས་པར་མྱ་ངན་གྱིས།།
དུས་ཀྱི་རི་འགོར་ན་བུན་འཐིབས།།
སྣང་བའི་སྒོ་ཁར་ན་ཟུག་འཁོར།།
འཁྲུལ་སྣང་རེ་ནི་རྩིག་པར་བཏགས།།

               ༢༠༡༥/༡༠/༦ ལ།

                                     རང་བྱུང་གི་བརྩེ་བར་ཡན་པའི་རྣམ་ཤེས།

རྡུལ་ཟིལ་མེ་ཏོག་གད་པའི་ལོ་མའི་སྟེང་།།
འོད་ཞགས་འཇམ་པོས་མཛེས་པའི་རི་མོ་བྲིས།།
འཇིག་རྟེན་ཁ་བའི་ཕྱག་སོར་པདྨའི་སྣེར།།
རླུང་བུའི་རལ་བ་ལྗང་གུའི་ནགས་ཚལ་རྒྱས།།
གངས་ཀྱི་བྲང་ཁར་བདེ་བའི་དཀྱིལ་འཁོར་གྲུབ།།
སྤྲིན་དཀར་ལག་པས་འཇའ་ཚོན་ལང་ཚོར་རེག།
བརྩེ་བའི་སྨིག་རྒྱུ་རང་བྱུང་འདབ་མའི་རྩེར།།
ཡན་ཞིང་འཁོར་བས་བདུད་རྩིའི་དངོས་གྲུབ་འཇོ།།
ཁུ་སིམ་སེམས་ཀྱི་ཡོལ་བའི་མེ་ལོང་གཞིར།།
བདེ་སྐྱིད་བྱིན་རླབས་དཀར་པོའི་གཅེར་གཟུཊ་དོད།།
སྣང་ཤེས་མདུད་པ་སྙིང་རྩའི་བུ་གར་བརྒྱུས།།
འཁོར་བའི་བར་སྣང་སྣང་བའི་ན་བུན་ཚོགས།།
འཁྲུལ་བའི་གྲུབ་གཟུགས་ལས་བདས་བརྩེ་བར་འཁྱུད།།
མི་རྟག་ཆོས་ཀྱི་ཆོན་ཐག་ཐག་སྣེའི་འཕྲུལ།།
འཚོ་བའི་གཅལ་དུ་བཅད་དེ་ངེས་ཤེས་འདྲོངས།།
ཚེ་ཡི་གཙང་བོའི་རབ་ཁའི་ནོར་བུའི་གཟུགས།།
ཁྲེལ་གཞུང་རི་ཆུའི་གནམ་སའི་ཧྲག་བར་འགུལ།།
སྙིང་རུས་གསེར་སྐུད་ཕྲ་མོའི་འོད་ཀྱི་མདངས།།
བསྐལ་བའི་ལྡེབས་རིས་བྲང་ཁའི་བརྒྱན་ལ་བཏགས།།
སྲོག་གི་རིན་ཐང་ཐང་སྟོང་ཤྭ་བོའི་གཤིས།།
མུན་ནག་སྐར་མདའི་མིག་གི་འོད་ལ་ཐིམ།།
འབྲོང་ཆུང་རྭ་རྩེའི་ཟིལ་བའི་མངའ་ཐང་བརྡལ།།
ལོ་ཟླའི་སྐྱི་བསེར་རླུང་གིས་སེམས་གཅོང་སེལ།།
བདེ་འབྱུང་སྙིང་བོའི་ཉིང་ཁུས་ཡིད་ཡུལ་བརླན།།

                      ༢༠༡༧/༦/༢༦


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

                                   

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།