ཨ་ཕ།


སྐྲ་དཀར་ཉག་མའི་རྩེ་མོ་ཀུན་ཏུ།།
མཛེས་སྡུག་མ་ལུས་གངས་ལྟར་འཚེར་ཅིང་།།
གཉེར་མའི་གཟུགས་རྒྱན་འཛུམ་གྱིས་བྲིད་པའི།།
བརྩེ་བའི་བཙའ་རྫུ་བྱེད་མཁན་ཁྱེད་ཡིན།།

ཤེས་ཀྱང་མི་དགོས་སྔོ་སྨན་རྐང་གཅིག།
སྤང་ཐང་མིག་ལ་ཐོགས་བྱེད་ཁྱེད་ཡིན།།
གྲག་ཀྱང་མི་དགོས་རྒྱུད་སྐུད་རྐང་གཅིག།
དབྱངས་ལྡན་ཀ་ཁའི་རུས་པ་ཁྱེད་ཡིན།།

དུས་སྡུག་ཡུལ་སྡུག་ཤེལ་སྒོ་གསལ་མ།།
མི་སེམས་ཁྲ་ཁྲ་སྒེའུ་ཡོལ་ཅན་མ།།
དེ་ཡི་ལ་ཁ་ལས་རླུང་ངར་མ།།
ཁྱེད་ཉིད་མཛེས་པར་མཐོང་བྱེད་དག་གོ།

བྱ་རྫོགས་སྐད་ཅིག་མ་ཞེས་བྱ་བ།།
དུས་ལ་མཁས་པས་བརྗོད་དུ་མཆིས་ཀྱང་།།
སྐྱབས་གནས་ལྷ་ཡིས་དེ་ཉིད་བསྲིང་སྟེ།།
རྟག་ཏུ་འགྲོགས་པའི་སྐབས་ཕྱེ་མཛོད་ཅིག།

                 ༢༠༡༨ ༩ ༣

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕ།

2018-10-03 ན་རོ།(ལྷ་ས) ཀློག་གྲངས། མཆན ཡོད།


སྐྲ་དཀར་ཉག་མའི་རྩེ་མོ་ཀུན་ཏུ།།
མཛེས་སྡུག་མ་ལུས་གངས་ལྟར་འཚེར་ཅིང་།།
གཉེར་མའི་གཟུགས་རྒྱན་འཛུམ་གྱིས་བྲིད་པའི།།
བརྩེ་བའི་བཙའ་རྫུ་བྱེད་མཁན་ཁྱེད་ཡིན།།

ཤེས་ཀྱང་མི་དགོས་སྔོ་སྨན་རྐང་གཅིག།
སྤང་ཐང་མིག་ལ་ཐོགས་བྱེད་ཁྱེད་ཡིན།།
གྲག་ཀྱང་མི་དགོས་རྒྱུད་སྐུད་རྐང་གཅིག།
དབྱངས་ལྡན་ཀ་ཁའི་རུས་པ་ཁྱེད་ཡིན།།

དུས་སྡུག་ཡུལ་སྡུག་ཤེལ་སྒོ་གསལ་མ།།
མི་སེམས་ཁྲ་ཁྲ་སྒེའུ་ཡོལ་ཅན་མ།།
དེ་ཡི་ལ་ཁ་ལས་རླུང་ངར་མ།།
ཁྱེད་ཉིད་མཛེས་པར་མཐོང་བྱེད་དག་གོ།

བྱ་རྫོགས་སྐད་ཅིག་མ་ཞེས་བྱ་བ།།
དུས་ལ་མཁས་པས་བརྗོད་དུ་མཆིས་ཀྱང་།།
སྐྱབས་གནས་ལྷ་ཡིས་དེ་ཉིད་བསྲིང་སྟེ།།
རྟག་ཏུ་འགྲོགས་པའི་སྐབས་ཕྱེ་མཛོད་ཅིག།

                 ༢༠༡༨ ༩ ༣

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།