མིག་གི་བཅུད་ལེན།(ཞར་བཀོད་བཞི་ཡོད)


            ༈མིག་གི་བཅུད་ལེན།
                   
ང་རང་གད་སྐྱིབས་ཡིབ་བྱས་ཏེ།།
ཆབ་ཀྱི་རྒྱུན་དང་བསིལ་བ་བསྟེན།།
སྙན་པའི་དབྱངས་ཀྱི་འགྱུར་ཁུགས་སྒོམ།།
དེ་ལྟའི་བྱིན་བརླབས་བསམ་མི་ཁྱབ།།

གཡའ་དག་རྒྱ་མཐོངས་ཆུ་འཛིན་ལྡིང་།།
སྟོང་བའི་དབྱིངས་སུ་འགྱུ་བག་སྟོན།།
ཟེར་མའི་བྱིན་གྱི་འཕྲུལ་བ་འགོག །
ལན་རེར་བསིལ་བའི་དབྱངས་ཀྱང་གཏོང་།།

ཡལ་འདབ་རྒྱས་པ་ཁོ་ལག་རྫོགས།།
སྡུག་གུར་བཀྲ་བ་ཡིད་འོང་ཉིད།།
འདབ་ཡངས་ས་ཡི་ཁྱོན་དག་ཆོད།།
འཁོར་བའི་མགྲོན་པོར་དག་ཞིང་བསྐྲུན།།

རླུང་ནི་འདས་ཏེ་རེ་ཞིག་ཐལ།།
ས་ཡི་ཆོས་དག་གཡོ་བར་བྱེད།།
ཆུ་རིས་གཉེར་མ་མངོན་པར་བྱེད།།
འོད་ཀྱི་ཚོམ་བུ་ལྡིང་བར་བྱེད།།

རེ་ཁཱའི་མདངས་ཀྱིས་བྱུགས་པ་ཡིས།།
བུང་བའི་མིག་ནང་སྒྱུ་རིས་མངོན།།
འདབ་རྩེའི་ལན་ཙམ་གཡོ་བས་ཀྱང་།།
ཞབས་སེན་འགོད་ལ་དོགས་སྣང་ཞིག །

འཛུམ་ཆུང་རླུང་བུའི་གྲུར་ཞུགས་ཏེ།།
ཕྲ་མོའི་རྒྱུན་གྱིས་བདག་ཡིད་ཞུགས།།
རེ་ཞིག་གྲག་མེད་ཅམ་སེ་བསྡད།།
རེ་ཞིག་འགྱུ་བག་གཞན་ཡང་སྟོན།།

དེ་ལྟར་འཁོད་པའི་ལྗོན་འོག་དག་ན་གྲིབ་བསིལ་བདེ་བར་རོལ་བ་ཡི།།
རི་དྭགས་མིག་ཅན་ཡུ་མོའི་ཚོགས་རྣམས་ཁབ་ཀྱི་བདག་མོར་བྱོན་པ་འམ།།
འཇིག་རྟེན་བདེ་བའི་གཉེན་དུ་ཕེབས་སམ་ཡིད་འགྱུའི་རྟོགས་ལ་ཉེར་བཟུང་བ།།
དགའ་མའི་ཞལ་གྱི་དཀྱིལ་འཁོར་ཞིག་པས་འཕྲུལ་གྱི་རི་དྭཊ་འདྲོགས་པར་བྱེད།།

དབྱར་ཟླའི་ཚ་བས་རབ་ཏུ་མྱོས་པ་ཆགས་པས་གོས་དག་ཕྲག་གོང་ལུད།།
ཆབ་ཀྱིས་བྲན་པའི་འོ་འཛིན་ངོས་སུ་མེ་ཏོག་རྫས་ཀྱི་རྗེས་ཤུལ་བདོག །
ལྗོན་པའི་ཕག་དང་དེའུ་འབུར་ཁོར་ཡུག་ཟུང་འཇུག་མིན་ཀྱང་ཉིས་མཐུན་གྱིས།།
ཕན་ཚུན་དཔུང་གཏུག་ངོ་གདོང་ཅེར་བྱས་མིག་གི་བུང་བར་ལན་ཆགས་བརྗིད།།

ཕུར་མའི་གོས་ཀྱི་འདབས་མའི་གཞི་དག་བསེར་བུའི་རྣམ་འགྱུར་འཁྱུག་ཙམ་གྱིས།།
ཞལ་འདབས་བཀྱགས་ཙམ་ཡིད་ཀྱི་འཕྲུལ་འཛིན་གློག་སྒོ་ཏར་གྱི་མནན་པ་བཞིན།།
མིག་ཤེལ་གདོང་ལྷུང་ཅེར་རེར་འདུག་པའི་དགའ་རབ་བུ་དག་མི་རྣམས་ཀྱི།།
པར་ཆས་ཀློང་ན་བཞད་བགད་ཐག་གེར་མིག་སྟོན་ལས་ཀྱི་རྣམ་ཐར་འཁྲབ།།

གནག་སྣུམ་འོད་ཀྱི་ལང་ཚོ་འཛིན་པ་སོག་འདབས་ཁོར་ཡུག་ཡོངས་སུ་རྫོགས།།
སྒེག་པའི་འགྲོས་དང་བསེར་བའི་རྒྱུན་གྱིས་མགོ་སྐྱེས་འདབ་མ་ཕྱོགས་སུ་འཕྱོ།།
དེ་ཡི་རྗེས་འཁྲིད་མཉེན་ལྕུག་འཁྲི་ཤིང་ས་འཛིན་གཡོ་བའི་རྣམ་འགྱུར་གྱིས།།
ལན་རེར་དུད་བྱས་ལན་རེར་ཀྲོང་ངེར་ཕྱོགས་བཅུའི་ས་ཁྱོན་མ་ལུས་གཅོད།།

ལ་ལས་ཆུ་རྩེད་བྱེད་དང་ཆུ་ནང་རྡོ་བ་ལེན་པའི་ངང་ཚུལ་ལམ།།
ཁ་ཅིག་འདྲ་པར་ལེན་དང་ཕན་ཚུན་ཡར་མར་བདའ་བའི་ཟོལ་བྱས་ཏེ།།
གླགས་དང་བཅས་ཏེ་རང་ཉིད་འདོད་པའི་རི་དྭགས་མིག་ཅན་འཛིན་པ་འམ།།
དེ་ལྟའི་གནས་ཀྱི་བྱ་བྱེད་དག་ལ་རང་ཉིད་འདོད་པས་བསྒྲུབ་པར་རེམས།།

རེ་ཞིག་འཕྲུལ་གྱི་ལོངས་སྤྱོད་དག་ལ་མིག་གི་རྒྱལ་མོ་གཡེང་གྱུར་བས།།
བཏུང་བ་ཁམ་གང་མིད་གླགས་བར་དུ་ཡིད་ཀྱི་མེ་ལོང་ཆག་གྱུར་ནས།།
འཛིན་པའི་རྫས་དག་རང་གི་གམ་གནས་རེ་ཞིག་བརྗེད་ངེས་ཡུལ་ལྷུང་བ།།
ཉི་ཟེར་ཚ་བས་ཀླད་པ་གཟེར་བྱས་མི་ཞིག་དེ་ནས་སད་དེ་འོངས།།

སྐད་ཅིག་ཡུལ་གྱི་ལྗོངས་བཀོད་དག་གིས་མི་རྣམས་རྨང་ནས་བཟི་བྱས་ཏེ།།
འོད་དང་དྲི་དང་རླུང་དང་ཆབ་ཀྱི་རྒྱུན་མའི་ཀློང་ལ་རབ་ཞུགས་ནས།།
བདེ་སྦྱིན་བག་མའི་པང་བར་ཉེར་འཁྱུད་འདོད་པའི་རི་རྩེར་སླེབས་པ་ན།།
ཕྱིར་ལམ་མེད་པའི་འཇིགས་པ་ལ་སྔངས་ག་ཤེད་རེ་བའི་སྙན་ངག་རྩོམ།།
                          
                           ‪༢༠༡༨-༠༥-༣༠‬

                         ༈ཉི་ནུབ་ལ་ཅེར་བའི་བུ་མོ་ཞིག
                                        
འཛུམ་པའི་མེ་ཏོག་གིས་བུང་བ་སྒུལ་ནས།  །
བཞད་པའི་སྒྲ་དབྱངས་ཀྱིས་མིག་ཆུ་གཅུས་འགྲོ། །
ཡིད་ཀྱི་སྤྲིན་དཀར་ལ་ཞབས་སེན་བཀོད་པའི།  །
དམར་སེར་མདངས་འཛིན་གྱི་ཡིད་འཕྲོག་དེ་ཨང་།  །

འཕྲོག་བྱེད་བསིལ་རླུང་གི་རྒྱུ་བ་ཨེ་འཇམ།  །
སྐུ་ལུས་པད་རྡུལ་གྱི་ཆ་ཤས་ཨེ་སྒུལ།  །
སྐྲ་རྩེའི་ཕྲ་མོར་ཡང་དྲོད་ཤ་ལུད་པས།  །
ཅི་ཞིག་ཆད་འགྲོ་བའི་སྣང་བ་འདུག་གོ།   །

ནམ་མཐའི་མཚམས་སྤྲིན་གྱི་མདངས་ལ་བསམས་ན།  །
བུ་མོའི་མིག་ཟུང་གིས་ཅི་ཞིག་བཤད་ཡོང་།  །
དཀར་ནག་ཕྲ་ཆིལ་གྱི་འགྱུ་བ་རེ་རེ།   །
དམར་སེར་སྔོ་ལྗང་གི་མདངས་ལ་ལྡན་འདུག །

རྫི་བོ་རྒྱང་བཞུད་ཀྱི་གདུང་དབྱངས་རིང་མོ།  །
སྲོད་ཁའི་རི་སྒང་ན་རླུང་ལ་བསྐུར་བའི།   །
བས་མཐའི་འབྲོག་མོ་ཁྱོའི་གློ་མཆིན་བསམས་ན།  །
ང་ཡི་ཡོད་ཚད་ཀྱང་སྟེང་འོག་བརྗེས་འགྲོ།  །

སྐྲ་ལོའི་འདབ་མ་དག་མིག་ཆུར་བརྫིས་ཤིང་།  །
མིག་ཆུའི་ཕྲེང་བ་དག་པང་ལ་འཐོར་བའི།  །
ལག་ཟུང་འདར་འདར་གྱིས་ཅི་ཡང་མ་ཟིན།   །
སྙིང་ཆུང་དྲོད་ཤ་ཅན་ནམ་ཚོད་འཁྱག་ཨང་།   །

ང་ཡི་ཞེ་ཚོད་ལ་ཁྱོད་ཉིད་དྲན་ཞིང་།   །
རང་གི་འདོད་བློ་ལ་རེ་ཞིག་བཤེར་ན།   །
ས་ཡི་བར་ཐག་ཙམ་ཆོད་པ་མ་གཏོགས།  །
ཞེ་ཡི་དྲན་པ་དེ་ཤིན་ཏུ་ཉེ་འདུག   །

ཁྱོད་ཀྱི་རྫི་བོ་དེ་ག་པར་བཞུད་སོང་།  །
ང་ཡི་ཡེ་ཤེས་ནི་རྒྱང་ན་ཡོད་རེད།   །
གར་སོང་འདིར་འདུག་གི་གནས་མལ་མ་གཏོགས།   །
ལུས་གྲིབ་གནས་པ་བཞིན་མེད་པ་གཅིག་རེད།  །

ནམ་ཚོད་སྟོན་ཟླ་ལ་སླེབས་པ་ཡིན་ནམ།  །
བསིལ་རླུང་འཇམ་པོ་དེས་བསླངས་པ་ཡིན་ནམ།  །
ཡིད་ཀྱི་དྲན་གདུངས་ནི་སྟོན་སྤྲིན་འཕྱུར་བཞིན།  །
ཡིད་ཀྱི་འཁོར་ཕྱོགས་ལ་མིག་ཟུང་ཤོར་འགྲོ །

                     ༈མི་སེམས་ཀྱི་འཁུན་སྒྲ

མེ་འབར་བའི་སྟང་སྟབས་རླུང་གིས་བསྐྱོད།།
རླུང་ལྡང་པའི་འགྱུ་བ་སྤྲིན་པས་སྟོན།།
སྤྲིན་ཤོར་མ་ཁྱུ་ཞིག་གར་བཞུད་མེད།།
ང་རིག་རིག་ཡུལ་གྱི་མཁའ་མཐར་ཅེར།།

ཆབ་བསིལ་མ་ཤག་ཤག་བཞུར་ཐལ་ལོ།།
ཤིང་ལྗོན་པ་ཤིག་ཤིག་གཡོས་སོང་ངོ་།།
རྡོ་གོར་མ་ཧྲེང་ཧྲེང་ཤུམ་བཞིན་འདུག །
ངས་འགྱུར་ཁུགས་གཞན་གྱི་སྒྲ་ཞིག་གཏོང་།།

བྲག་བང་རིམ་བརྩེགས་པའི་ཡང་ཐོག་གི།།
ཤིང་ཤུག་པ་གོག་པོའི་མར་གཤམ་གྱི།།
བྲང་ཉི་མར་བཞུས་པའི་རྒོད་པོ་དེ།།
ལོ་བསྐལ་པ་སྟོང་གི་ལོ་རྒྱུས་རེད།།

དགུང་གནམ་འཕང་བསྟད་ན་རྒོད་པོ་རེད།།
སྡུག་བྲག་ཁུང་སྲུང་ན་ཇི་ལྟར་བརྗོད།།
ལོ་བསྐལ་པའི་ཉི་མ་ཤོར་ཤུལ་ན།།
རིགས་བྱ་བརྒྱའི་རྒྱལ་རབས་བརྗེད་ནས་འདུག །

འདབ་ཆགས་ཀྱི་སྐྱེ་བ་བླངས་ཚུན་ན།།
འཕུར་འདོད་ཀྱི་ཧམ་སེམས་ལྡན་ན་ཆོག །
བྲག་གོག་ཅིག་སྲུང་ནས་ཉི་མ་རྩིས།།
གཤོག་འགྱུར་གཅིག་མ་བྱས་ལོ་ཟླ་རྒས།།

དགུང་སྟོད་ཀྱི་ཉི་མ་འོད་པོ་ཆེ།།
ས་ཆེན་གྱི་བྲང་ཁོག་དྲོས་པ་པོ།།
བྲག་སྐམ་གྱི་ཕུགས་ནས་མ་ཟིན་པའི།།
བྱ་རྒོད་ཅིག་ལུས་པ་ཇི་ལྟར་འཆད།།

འོད་ཟེར་གྱི་བརྡང་ལ་ཚེ་སྲོག་བཤམས།།
ཟེར་མ་ཡི་སྐུད་པར་ཚེ་སྲོག་བརྒྱུས།།
འོད་ཐིག་ཅིག་འཕྲོས་ཚད་ཚེ་སྲོག་བསྐྱངས།།
བྱ་རྒོད་ཅིག་ཁམས་སུ་མ་གཏོགས་ཤོར།།

ཉི་མ་ལགས་ནུབ་རིའི་ལ་ཁར་ཐོགས།།
ཉམས་ཞེན་གྱི་འོད་ཅིག་ཤར་ལ་ཕྱོགས།།
གྲིབ་ནག་གི་གོས་ཆེན་མ་ཁེབས་སའི།།
གསེར་མདོག་གི་ཁྱོན་ལ་བྱིལ་བྱིལ་གཏོང་།།

ས་སྲོད་ཀྱི་ལྗོངས་བཀོད་ཡིད་གདུངས་ཤིག །
མཛེས་ཚོན་གྱི་རྣམ་གཞག་མ་བཀོལ་ཀྱང་།།
རྟོགས་འཆར་གྱི་གར་མ་འཁྱུག་བཞིན་པར།།
ཡིད་དབང་གི་ཤེལ་སྒོ་ཁྲ་ཆལ་གདའ།།

མི་སེམས་ནི་རྒོད་པོ་ཁེར་འདུག་ཅིག །
འཚོ་བ་ནི་བྲག་ཁུང་སྐམ་པོ་ཞིག །
ཡིད་འགྱུར་གྱི་རྡུལ་འཚུབ་ལངས་བཞིན་པར།།
ཁོར་ཡུག་གི་ལྷིང་འཇགས་དཀྲོགས་ནས་སོང་།།

མདུན་ཐད་ཀྱི་རྩི་མགོ་གཡོ་བཞིན་པར།།
རང་སེམས་ཀྱི་དར་ལྕེ་འགོག་མེད་དུ།།
མྱ་ངན་གྱི་དུ་བ་དགུང་ལ་མཆེད།།
མི་སེམས་ཀྱི་འཁུན་སྒྲ་ད་ཚོད་ཐལ།།

                      2018-08-05

             ༈ཉི་མར་བླངས་པའི་གླུ

ཀྱེ་མ་གཟིགས་ཤིག་ཕར་རིའི་ཕྲག་གོང་གི།།
འོད་ལམ་ལམ་གྱི་ཉི་མ་དྲིན་པོ་ཆེ།།
ཡར་ལ་འཕགས་སམ་ཕྱོགས་སུ་འཆར་བ་ན།།
འོད་ཀྱི་བྱིན་རླབས་སེམས་ཅན་གསོས་སུ་གཏོར།།

སྤྲིན་པའི་མངའ་ཐང་ཐད་ཀྱིས་བཅད་ནས་འགྲོ།།
སིལ་བུ་ཕྲག་བརྒྱ་བྱས་ཏེ་འོད་ཟེར་འགྱེད།།
སྟོང་གསུམ་སྣང་བ་ཁོ་རང་གཅིག་པུ་སྟེ།།
གཞན་ཞིག་མེད་ལ་ཡོད་ཀྱང་མི་སྲིད་དོ།།

ཨ་སྔོན་ཞབས་ཀྱིས་བཅགས་ཏེ་འོད་ཟེར་འགྱེད།།
གཉེན་གྱི་པདྨོ་འབྱེད་ཅིང་འཛུམ་རྒྱ་གྲོལ།།
གེ་སར་རྡུལ་གྱི་ཉིང་ཁུ་གསོས་སུ་སྤྱོད།།
སུ་ཡང་དགའ་ལ་སུ་ཡང་བྲོད་པར་བྱེད།།

བར་སྣང་ཁམས་སུ་སྨུག་པ་འཁོར་ན་ཡང་།།
ས་གཞིའི་ཁྱོན་དུ་ཙག་སེར་འཁྲིགས་ན་ཡང་།།
ཉལ་འགྲོའི་ལྟོ་བར་སྡིགས་ཅན་མོད་ཀྱང་རུང་།།
པདྨ་འདབ་མཛེས་པ་གཅིག་ཏུ་བསྡུས་ཏེ་སྟོན།།

ཕྱེད་ཅིག་རང་ལ་ཉེ་བའི་ཉི་མ་ལགས།།
ཕྱེད་ཅིག་རྒྱང་དུ་ཐལ་ཏེ་མངོན་མི་བྱེད།།
གང་ལ་སྦས་སམ་སུ་ཡིས་འཁྱེར་བ་འམ།།
གང་དེ་གང་ལ་བཞུད་ལགས་བདག་མི་མཐོང་།།

པད་མོ་ཅི་ཞིག་ལགས་སམ་འཛུམ་མི་བྱེད།།
ཆུ་རིས་གཉེར་མའི་ཀློང་ནས་གྲང་འདར་གཏོང་།།
གེ་སར་རྡུལ་དག་མི་མངོན་འདབ་མ་རལ།།
གཞུང་རྟའི་ཚུགས་སུ་སྲིན་བུ་ཐར་ཐོར་མཐོང་།།

སྔ་དྲོར་ཤར་ཏུ་ཕྱོགས་པའི་འགྲེང་གོག་དག །
ད་ཚོད་ནུབ་ཏུ་ཡུད་ཡུད་བལྟ་བར་བྱེད།།
མ་མཐོང་ཡིད་ནི་དུབ་ཅིང་ངལ་བ་སྟེ།།
ས་སྲོད་བྲང་གར་གླན་ནས་སྙིང་ཆུང་གསོ།།

ཕྱོགས་བཅུ་བྱམས་ཀྱིས་སྐྱོང་བའི་ཉི་མ་ལགས།།
སྲིད་གསུམ་ཁྱིམ་དུ་བྱས་པའི་ཉི་མ་ལགས།།
ཡར་ཡར་འཕགས་ཤིང་མར་མར་ལྷུང་བ་འདྲའི།།
མི་མཐོང་ལས་དབང་འདི་ཀོ་ཅི་ཞིག་ལགས།།

ལན་རེར་དབང་ཕྱུག་སྟོབས་ཀྱིས་ཀུན་ཏུ་རྒྱུ།།
མཚམས་རེར་བྲན་ཁོལ་འདུར་ལྟར་ལུས་མི་དལ།།
སེམས་འདིའི་དབང་གྱུར་ལུས་ནི་ངལ་བ་སྟེ།།
ལུས་འདིའི་ལས་འདི་དབང་ཅན་སུ་ཡིས་སྤྱོད།།

ཀྱེ་མ་གཟིགས་ཤིག་ནུབ་མཐའི་ཐུན་མཚམས་ཀྱི།།
སྤྲིན་གསེབ་འཕག་པའི་ཉི་མ་སྙིང་རྗེ་བོ།།
ཕྱི་མིག་བལྟ་ལ་བཞུད་ལམ་བཤེར་གྱིན་དུ།།
མིག་ཆུའི་རྡོག་པ་ཉི་ཟེར་བརྡང་ལ་རྒྱུ།།

ཁྱོད་རང་སྤྲིན་གསེབ་ལྷུང་བའི་ཉི་མ་སྟེ།།
འོད་ཀྱི་བྱིན་རླབས་བདག་ལ་བསྩལ་ན་ཡང་།།
ཡུན་རིང་སྤྱོད་པའི་སྐལ་བ་དབེན་གྱུར་པས།།
ལན་གཅིག་འཕྲད་པས་ཆང་ཕོར་ཞབས་བཏེགས་ཞུ།།

                       ༢༠༡༨-༠༦-༢༡‬
             
             ༈དིང་གླིང་།

 
ད་ནས་བཟུང་སྟེ་ཕུགས་བསམ་གཞན་ཞིག་འཆང་།།
འབྲོག་ཐང་ཞིག་ནས་དགེ་རྒན་བྱེད་པར་སྨོན།།
འཚོ་ཚིས་ཞན་ལ་མཐའ་འཁོབ་ཡིན་ན་ཡང་།།
དབུལ་ཞིང་ཕོངས་པའི་བློ་དོགས་མི་འདུག་གོ།།

སློབ་མ་བརྒྱད་དགུ་ཙམ་ལས་མེད་ན་ཡང་།།
སློབ་ཁྲིད་བྱེད་དང་འཛིན་གྲྭ་སྐྱོང་བ་ནས།།
སློབ་གཙོའི་ལས་ཀ་མཐའ་དག་རང་གིས་བསྒྲུབ།།
དཔོན་མིང་ཙམ་ཡང་དེ་ནས་འཛིན་པར་བྱ།།

ནམ་ཞིག་མིག་ཆུ་ཞིག་དང་ལྷན་གཅིག་ཏུ།།
རྒྱང་རིང་ཡུལ་ལ་སེམས་པ་གླན་བྱས་ཏེ།།
འཛུམ་གྱིས་བཞད་པའི་ཨ་ཇོ་དྲན་བཞིན་པར།།
རང་གིས་རང་ལ་སེམས་གསོ་རྐྱང་བ་བྱ།།

སྐད་ཡིག་སློབ་ཁྲིད་སྐབས་སུ་དགེ་ཆོས་ཀྱི།།
༼ཆུང་གྲོགས་རྗེས་དྲན༽གྱེར་ཏེ་ཁོ་ཚོའི་ལྷན།།
དབྱངས་སུ་འགུགས་ཞོག་དབུ་ལྕོག་ལྡེམ་གྱིན་དུ།།
མི་ཚེའི་སྡུག་བསྔལ་ཡོད་ཅོག་བརྗེད་པར་བྱ།།

རོལ་མོ་འཁྲིད་དུས་གུང་ཐང་འཇམ་དབྱངས་ཀྱི།།
པི་ཝང་དཀྲོལ་བར་སེམས་པ་ཀླན་བྱས་ཏེེ།།
བྱིས་པའི་ཡིད་འོང་སེམས་པ་འོ་མའི་རྒྱུན།།
གཡའ་དག་གངས་ཅན་ལྗོངས་ལ་མཆོད་པར་བྱ།།

ནམ་ཞིག་ཡིད་སྨྲེང་བ་དང་ཁམས་འཁྲུག་དུས།།
སློབ་ཁང་རྒྱབ་ཀྱི་གླིང་ཀར་སེམས་པ་འཕྱན།།
སྡུག་པའི་མེ་ཏོག་ཚོགས་ལ་རོལ་གྱིན་དུ།།
རང་གི་ལང་ཚོ་དེ་རུ་ས་བོན་བྱ།།

ལྷ་རིས་སློབ་དུས་ཁོ་ཚོ་རི་འགོར་ཁྲིད།།
རང་གིས་ཅི་འདོད་ཐམས་ཅད་འབྲི་རུ་འཇུག །
རི་ཆུ་ནགས་དང་རྟ་ནོར་ལུག་གསུམ་གཙོས།།
ཨ་སྔོན་སྤྲིན་སོགས་ཤོག་ངོས་དགོད་པར་བྱ།།

དེ་དུས་བློ་དོགས་གཞན་ཞིག་མཆིས་པ་ནི།།
བསམ་བློ་འཁྲིད་དུས་བདག་གིས་ཅི་ཞིག་བྱ།།
ནམ་ཞིག་ང་ལ་ཡང་དག་ཕུགས་རིང་པའི།།
རྫུན་ཞིག་མེད་དུས་ང་ནི་ཚར་པ་རེད།།

བར་སྐབས་སྡེ་འདབས་འཐེན་པའི་ལམ་ཕྲན་ལས།།
རྟ་ཁྱུའི་བཅིབས་བསུ་ཞིག་དང་རྗེས་མཐུད་དེ།།
འཛུམ་གྱིས་བཞད་པའི་ཨ་ཇོ་ཕེབས་པ་སོགས།།
རེ་བཞག་མང་པོར་རྟོགས་བཟོ་བྱ་དགོས་ཡོད།།

དེ་ནས་ས་སྲོད་སློབ་གྲྭ་གྲོལ་མཚམས་སུ།།
སློབ་བུ་ཐམས་ཅད་རང་རང་ཡུལ་ལ་ལོག །
ཤུལ་ཏུ་ཁེར་རྐྱང་གྱང་ལ་འཁེན་བྱས་ཏེ།།
ཧད་ཅིང་ལུས་པའི་ངང་ཚུལ་ཇི་ལྟར་མཚོན།།

འབྲོག་ཐང་མཚན་མོ་ཞི་ཞིང་དུལ་བ་སྟེ།།
ལྷིང་འཇགས་ངང་དུ་སྐར་མ་བརྩིས་ན་ཆོག །
མ་ཟད་དཔེ་དེབ་གྲོགས་སུ་བསྟེན་གྱུར་ན།།
འཚོ་བའི་མཛེས་རིས་ཡོད་དགུ་ཁྱོད་ལ་དབང་།།

དེ་དུས་བས་མཐར་འཁྱམས་པའི་ཨ་སྐྱོ་ངས།།
སློབ་ཆེན་དུས་ཀྱི་གྲོགས་ཤིག་དྲན་སྲིད་དེ།།
དིང་གླིང་འབུད་རྒྱུར་མོས་པའི་གྲོགས་པོ་ཁོང་།།
དིང་གླིང་བཞིན་དུ་ངའི་གམ་ཡོད་ན་བསམས།།

དངུལ་ཤན་དིང་གླིང་ཐོགས་པས་མ་རེད་ཀྱང་།།
གནའ་མི་ཞིག་གི་བཟོས་ལྟ་བརྗེད་མེད་འདུག །
དྲུང་ན་ཡོད་ཡོད་བསམ་པའི་བློ་བྱས་ཏེ།།
གཏན་ནས་བརྗེད་དུ་མེད་པའི་དམ་བཅའ་ཡོད།།

                         ༢༠༡༨-༠༩-༡༠‬

རྩོམ་སྒྲིག་པ། གངས་དགའ།

                                               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)                              


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་གི་བཅུད་ལེན།(ཞར་བཀོད་བཞི་ཡོད)

2018-11-01 བློན་འབར། ཀློག་གྲངས། མཆན ཡོད།


            ༈མིག་གི་བཅུད་ལེན།
                   
ང་རང་གད་སྐྱིབས་ཡིབ་བྱས་ཏེ།།
ཆབ་ཀྱི་རྒྱུན་དང་བསིལ་བ་བསྟེན།།
སྙན་པའི་དབྱངས་ཀྱི་འགྱུར་ཁུགས་སྒོམ།།
དེ་ལྟའི་བྱིན་བརླབས་བསམ་མི་ཁྱབ།།

གཡའ་དག་རྒྱ་མཐོངས་ཆུ་འཛིན་ལྡིང་།།
སྟོང་བའི་དབྱིངས་སུ་འགྱུ་བག་སྟོན།།
ཟེར་མའི་བྱིན་གྱི་འཕྲུལ་བ་འགོག །
ལན་རེར་བསིལ་བའི་དབྱངས་ཀྱང་གཏོང་།།

ཡལ་འདབ་རྒྱས་པ་ཁོ་ལག་རྫོགས།།
སྡུག་གུར་བཀྲ་བ་ཡིད་འོང་ཉིད།།
འདབ་ཡངས་ས་ཡི་ཁྱོན་དག་ཆོད།།
འཁོར་བའི་མགྲོན་པོར་དག་ཞིང་བསྐྲུན།།

རླུང་ནི་འདས་ཏེ་རེ་ཞིག་ཐལ།།
ས་ཡི་ཆོས་དག་གཡོ་བར་བྱེད།།
ཆུ་རིས་གཉེར་མ་མངོན་པར་བྱེད།།
འོད་ཀྱི་ཚོམ་བུ་ལྡིང་བར་བྱེད།།

རེ་ཁཱའི་མདངས་ཀྱིས་བྱུགས་པ་ཡིས།།
བུང་བའི་མིག་ནང་སྒྱུ་རིས་མངོན།།
འདབ་རྩེའི་ལན་ཙམ་གཡོ་བས་ཀྱང་།།
ཞབས་སེན་འགོད་ལ་དོགས་སྣང་ཞིག །

འཛུམ་ཆུང་རླུང་བུའི་གྲུར་ཞུགས་ཏེ།།
ཕྲ་མོའི་རྒྱུན་གྱིས་བདག་ཡིད་ཞུགས།།
རེ་ཞིག་གྲག་མེད་ཅམ་སེ་བསྡད།།
རེ་ཞིག་འགྱུ་བག་གཞན་ཡང་སྟོན།།

དེ་ལྟར་འཁོད་པའི་ལྗོན་འོག་དག་ན་གྲིབ་བསིལ་བདེ་བར་རོལ་བ་ཡི།།
རི་དྭགས་མིག་ཅན་ཡུ་མོའི་ཚོགས་རྣམས་ཁབ་ཀྱི་བདག་མོར་བྱོན་པ་འམ།།
འཇིག་རྟེན་བདེ་བའི་གཉེན་དུ་ཕེབས་སམ་ཡིད་འགྱུའི་རྟོགས་ལ་ཉེར་བཟུང་བ།།
དགའ་མའི་ཞལ་གྱི་དཀྱིལ་འཁོར་ཞིག་པས་འཕྲུལ་གྱི་རི་དྭཊ་འདྲོགས་པར་བྱེད།།

དབྱར་ཟླའི་ཚ་བས་རབ་ཏུ་མྱོས་པ་ཆགས་པས་གོས་དག་ཕྲག་གོང་ལུད།།
ཆབ་ཀྱིས་བྲན་པའི་འོ་འཛིན་ངོས་སུ་མེ་ཏོག་རྫས་ཀྱི་རྗེས་ཤུལ་བདོག །
ལྗོན་པའི་ཕག་དང་དེའུ་འབུར་ཁོར་ཡུག་ཟུང་འཇུག་མིན་ཀྱང་ཉིས་མཐུན་གྱིས།།
ཕན་ཚུན་དཔུང་གཏུག་ངོ་གདོང་ཅེར་བྱས་མིག་གི་བུང་བར་ལན་ཆགས་བརྗིད།།

ཕུར་མའི་གོས་ཀྱི་འདབས་མའི་གཞི་དག་བསེར་བུའི་རྣམ་འགྱུར་འཁྱུག་ཙམ་གྱིས།།
ཞལ་འདབས་བཀྱགས་ཙམ་ཡིད་ཀྱི་འཕྲུལ་འཛིན་གློག་སྒོ་ཏར་གྱི་མནན་པ་བཞིན།།
མིག་ཤེལ་གདོང་ལྷུང་ཅེར་རེར་འདུག་པའི་དགའ་རབ་བུ་དག་མི་རྣམས་ཀྱི།།
པར་ཆས་ཀློང་ན་བཞད་བགད་ཐག་གེར་མིག་སྟོན་ལས་ཀྱི་རྣམ་ཐར་འཁྲབ།།

གནག་སྣུམ་འོད་ཀྱི་ལང་ཚོ་འཛིན་པ་སོག་འདབས་ཁོར་ཡུག་ཡོངས་སུ་རྫོགས།།
སྒེག་པའི་འགྲོས་དང་བསེར་བའི་རྒྱུན་གྱིས་མགོ་སྐྱེས་འདབ་མ་ཕྱོགས་སུ་འཕྱོ།།
དེ་ཡི་རྗེས་འཁྲིད་མཉེན་ལྕུག་འཁྲི་ཤིང་ས་འཛིན་གཡོ་བའི་རྣམ་འགྱུར་གྱིས།།
ལན་རེར་དུད་བྱས་ལན་རེར་ཀྲོང་ངེར་ཕྱོགས་བཅུའི་ས་ཁྱོན་མ་ལུས་གཅོད།།

ལ་ལས་ཆུ་རྩེད་བྱེད་དང་ཆུ་ནང་རྡོ་བ་ལེན་པའི་ངང་ཚུལ་ལམ།།
ཁ་ཅིག་འདྲ་པར་ལེན་དང་ཕན་ཚུན་ཡར་མར་བདའ་བའི་ཟོལ་བྱས་ཏེ།།
གླགས་དང་བཅས་ཏེ་རང་ཉིད་འདོད་པའི་རི་དྭགས་མིག་ཅན་འཛིན་པ་འམ།།
དེ་ལྟའི་གནས་ཀྱི་བྱ་བྱེད་དག་ལ་རང་ཉིད་འདོད་པས་བསྒྲུབ་པར་རེམས།།

རེ་ཞིག་འཕྲུལ་གྱི་ལོངས་སྤྱོད་དག་ལ་མིག་གི་རྒྱལ་མོ་གཡེང་གྱུར་བས།།
བཏུང་བ་ཁམ་གང་མིད་གླགས་བར་དུ་ཡིད་ཀྱི་མེ་ལོང་ཆག་གྱུར་ནས།།
འཛིན་པའི་རྫས་དག་རང་གི་གམ་གནས་རེ་ཞིག་བརྗེད་ངེས་ཡུལ་ལྷུང་བ།།
ཉི་ཟེར་ཚ་བས་ཀླད་པ་གཟེར་བྱས་མི་ཞིག་དེ་ནས་སད་དེ་འོངས།།

སྐད་ཅིག་ཡུལ་གྱི་ལྗོངས་བཀོད་དག་གིས་མི་རྣམས་རྨང་ནས་བཟི་བྱས་ཏེ།།
འོད་དང་དྲི་དང་རླུང་དང་ཆབ་ཀྱི་རྒྱུན་མའི་ཀློང་ལ་རབ་ཞུགས་ནས།།
བདེ་སྦྱིན་བག་མའི་པང་བར་ཉེར་འཁྱུད་འདོད་པའི་རི་རྩེར་སླེབས་པ་ན།།
ཕྱིར་ལམ་མེད་པའི་འཇིགས་པ་ལ་སྔངས་ག་ཤེད་རེ་བའི་སྙན་ངག་རྩོམ།།
                          
                           ‪༢༠༡༨-༠༥-༣༠‬

                         ༈ཉི་ནུབ་ལ་ཅེར་བའི་བུ་མོ་ཞིག
                                        
འཛུམ་པའི་མེ་ཏོག་གིས་བུང་བ་སྒུལ་ནས།  །
བཞད་པའི་སྒྲ་དབྱངས་ཀྱིས་མིག་ཆུ་གཅུས་འགྲོ། །
ཡིད་ཀྱི་སྤྲིན་དཀར་ལ་ཞབས་སེན་བཀོད་པའི།  །
དམར་སེར་མདངས་འཛིན་གྱི་ཡིད་འཕྲོག་དེ་ཨང་།  །

འཕྲོག་བྱེད་བསིལ་རླུང་གི་རྒྱུ་བ་ཨེ་འཇམ།  །
སྐུ་ལུས་པད་རྡུལ་གྱི་ཆ་ཤས་ཨེ་སྒུལ།  །
སྐྲ་རྩེའི་ཕྲ་མོར་ཡང་དྲོད་ཤ་ལུད་པས།  །
ཅི་ཞིག་ཆད་འགྲོ་བའི་སྣང་བ་འདུག་གོ།   །

ནམ་མཐའི་མཚམས་སྤྲིན་གྱི་མདངས་ལ་བསམས་ན།  །
བུ་མོའི་མིག་ཟུང་གིས་ཅི་ཞིག་བཤད་ཡོང་།  །
དཀར་ནག་ཕྲ་ཆིལ་གྱི་འགྱུ་བ་རེ་རེ།   །
དམར་སེར་སྔོ་ལྗང་གི་མདངས་ལ་ལྡན་འདུག །

རྫི་བོ་རྒྱང་བཞུད་ཀྱི་གདུང་དབྱངས་རིང་མོ།  །
སྲོད་ཁའི་རི་སྒང་ན་རླུང་ལ་བསྐུར་བའི།   །
བས་མཐའི་འབྲོག་མོ་ཁྱོའི་གློ་མཆིན་བསམས་ན།  །
ང་ཡི་ཡོད་ཚད་ཀྱང་སྟེང་འོག་བརྗེས་འགྲོ།  །

སྐྲ་ལོའི་འདབ་མ་དག་མིག་ཆུར་བརྫིས་ཤིང་།  །
མིག་ཆུའི་ཕྲེང་བ་དག་པང་ལ་འཐོར་བའི།  །
ལག་ཟུང་འདར་འདར་གྱིས་ཅི་ཡང་མ་ཟིན།   །
སྙིང་ཆུང་དྲོད་ཤ་ཅན་ནམ་ཚོད་འཁྱག་ཨང་།   །

ང་ཡི་ཞེ་ཚོད་ལ་ཁྱོད་ཉིད་དྲན་ཞིང་།   །
རང་གི་འདོད་བློ་ལ་རེ་ཞིག་བཤེར་ན།   །
ས་ཡི་བར་ཐག་ཙམ་ཆོད་པ་མ་གཏོགས།  །
ཞེ་ཡི་དྲན་པ་དེ་ཤིན་ཏུ་ཉེ་འདུག   །

ཁྱོད་ཀྱི་རྫི་བོ་དེ་ག་པར་བཞུད་སོང་།  །
ང་ཡི་ཡེ་ཤེས་ནི་རྒྱང་ན་ཡོད་རེད།   །
གར་སོང་འདིར་འདུག་གི་གནས་མལ་མ་གཏོགས།   །
ལུས་གྲིབ་གནས་པ་བཞིན་མེད་པ་གཅིག་རེད།  །

ནམ་ཚོད་སྟོན་ཟླ་ལ་སླེབས་པ་ཡིན་ནམ།  །
བསིལ་རླུང་འཇམ་པོ་དེས་བསླངས་པ་ཡིན་ནམ།  །
ཡིད་ཀྱི་དྲན་གདུངས་ནི་སྟོན་སྤྲིན་འཕྱུར་བཞིན།  །
ཡིད་ཀྱི་འཁོར་ཕྱོགས་ལ་མིག་ཟུང་ཤོར་འགྲོ །

                     ༈མི་སེམས་ཀྱི་འཁུན་སྒྲ

མེ་འབར་བའི་སྟང་སྟབས་རླུང་གིས་བསྐྱོད།།
རླུང་ལྡང་པའི་འགྱུ་བ་སྤྲིན་པས་སྟོན།།
སྤྲིན་ཤོར་མ་ཁྱུ་ཞིག་གར་བཞུད་མེད།།
ང་རིག་རིག་ཡུལ་གྱི་མཁའ་མཐར་ཅེར།།

ཆབ་བསིལ་མ་ཤག་ཤག་བཞུར་ཐལ་ལོ།།
ཤིང་ལྗོན་པ་ཤིག་ཤིག་གཡོས་སོང་ངོ་།།
རྡོ་གོར་མ་ཧྲེང་ཧྲེང་ཤུམ་བཞིན་འདུག །
ངས་འགྱུར་ཁུགས་གཞན་གྱི་སྒྲ་ཞིག་གཏོང་།།

བྲག་བང་རིམ་བརྩེགས་པའི་ཡང་ཐོག་གི།།
ཤིང་ཤུག་པ་གོག་པོའི་མར་གཤམ་གྱི།།
བྲང་ཉི་མར་བཞུས་པའི་རྒོད་པོ་དེ།།
ལོ་བསྐལ་པ་སྟོང་གི་ལོ་རྒྱུས་རེད།།

དགུང་གནམ་འཕང་བསྟད་ན་རྒོད་པོ་རེད།།
སྡུག་བྲག་ཁུང་སྲུང་ན་ཇི་ལྟར་བརྗོད།།
ལོ་བསྐལ་པའི་ཉི་མ་ཤོར་ཤུལ་ན།།
རིགས་བྱ་བརྒྱའི་རྒྱལ་རབས་བརྗེད་ནས་འདུག །

འདབ་ཆགས་ཀྱི་སྐྱེ་བ་བླངས་ཚུན་ན།།
འཕུར་འདོད་ཀྱི་ཧམ་སེམས་ལྡན་ན་ཆོག །
བྲག་གོག་ཅིག་སྲུང་ནས་ཉི་མ་རྩིས།།
གཤོག་འགྱུར་གཅིག་མ་བྱས་ལོ་ཟླ་རྒས།།

དགུང་སྟོད་ཀྱི་ཉི་མ་འོད་པོ་ཆེ།།
ས་ཆེན་གྱི་བྲང་ཁོག་དྲོས་པ་པོ།།
བྲག་སྐམ་གྱི་ཕུགས་ནས་མ་ཟིན་པའི།།
བྱ་རྒོད་ཅིག་ལུས་པ་ཇི་ལྟར་འཆད།།

འོད་ཟེར་གྱི་བརྡང་ལ་ཚེ་སྲོག་བཤམས།།
ཟེར་མ་ཡི་སྐུད་པར་ཚེ་སྲོག་བརྒྱུས།།
འོད་ཐིག་ཅིག་འཕྲོས་ཚད་ཚེ་སྲོག་བསྐྱངས།།
བྱ་རྒོད་ཅིག་ཁམས་སུ་མ་གཏོགས་ཤོར།།

ཉི་མ་ལགས་ནུབ་རིའི་ལ་ཁར་ཐོགས།།
ཉམས་ཞེན་གྱི་འོད་ཅིག་ཤར་ལ་ཕྱོགས།།
གྲིབ་ནག་གི་གོས་ཆེན་མ་ཁེབས་སའི།།
གསེར་མདོག་གི་ཁྱོན་ལ་བྱིལ་བྱིལ་གཏོང་།།

ས་སྲོད་ཀྱི་ལྗོངས་བཀོད་ཡིད་གདུངས་ཤིག །
མཛེས་ཚོན་གྱི་རྣམ་གཞག་མ་བཀོལ་ཀྱང་།།
རྟོགས་འཆར་གྱི་གར་མ་འཁྱུག་བཞིན་པར།།
ཡིད་དབང་གི་ཤེལ་སྒོ་ཁྲ་ཆལ་གདའ།།

མི་སེམས་ནི་རྒོད་པོ་ཁེར་འདུག་ཅིག །
འཚོ་བ་ནི་བྲག་ཁུང་སྐམ་པོ་ཞིག །
ཡིད་འགྱུར་གྱི་རྡུལ་འཚུབ་ལངས་བཞིན་པར།།
ཁོར་ཡུག་གི་ལྷིང་འཇགས་དཀྲོགས་ནས་སོང་།།

མདུན་ཐད་ཀྱི་རྩི་མགོ་གཡོ་བཞིན་པར།།
རང་སེམས་ཀྱི་དར་ལྕེ་འགོག་མེད་དུ།།
མྱ་ངན་གྱི་དུ་བ་དགུང་ལ་མཆེད།།
མི་སེམས་ཀྱི་འཁུན་སྒྲ་ད་ཚོད་ཐལ།།

                      2018-08-05

             ༈ཉི་མར་བླངས་པའི་གླུ

ཀྱེ་མ་གཟིགས་ཤིག་ཕར་རིའི་ཕྲག་གོང་གི།།
འོད་ལམ་ལམ་གྱི་ཉི་མ་དྲིན་པོ་ཆེ།།
ཡར་ལ་འཕགས་སམ་ཕྱོགས་སུ་འཆར་བ་ན།།
འོད་ཀྱི་བྱིན་རླབས་སེམས་ཅན་གསོས་སུ་གཏོར།།

སྤྲིན་པའི་མངའ་ཐང་ཐད་ཀྱིས་བཅད་ནས་འགྲོ།།
སིལ་བུ་ཕྲག་བརྒྱ་བྱས་ཏེ་འོད་ཟེར་འགྱེད།།
སྟོང་གསུམ་སྣང་བ་ཁོ་རང་གཅིག་པུ་སྟེ།།
གཞན་ཞིག་མེད་ལ་ཡོད་ཀྱང་མི་སྲིད་དོ།།

ཨ་སྔོན་ཞབས་ཀྱིས་བཅགས་ཏེ་འོད་ཟེར་འགྱེད།།
གཉེན་གྱི་པདྨོ་འབྱེད་ཅིང་འཛུམ་རྒྱ་གྲོལ།།
གེ་སར་རྡུལ་གྱི་ཉིང་ཁུ་གསོས་སུ་སྤྱོད།།
སུ་ཡང་དགའ་ལ་སུ་ཡང་བྲོད་པར་བྱེད།།

བར་སྣང་ཁམས་སུ་སྨུག་པ་འཁོར་ན་ཡང་།།
ས་གཞིའི་ཁྱོན་དུ་ཙག་སེར་འཁྲིགས་ན་ཡང་།།
ཉལ་འགྲོའི་ལྟོ་བར་སྡིགས་ཅན་མོད་ཀྱང་རུང་།།
པདྨ་འདབ་མཛེས་པ་གཅིག་ཏུ་བསྡུས་ཏེ་སྟོན།།

ཕྱེད་ཅིག་རང་ལ་ཉེ་བའི་ཉི་མ་ལགས།།
ཕྱེད་ཅིག་རྒྱང་དུ་ཐལ་ཏེ་མངོན་མི་བྱེད།།
གང་ལ་སྦས་སམ་སུ་ཡིས་འཁྱེར་བ་འམ།།
གང་དེ་གང་ལ་བཞུད་ལགས་བདག་མི་མཐོང་།།

པད་མོ་ཅི་ཞིག་ལགས་སམ་འཛུམ་མི་བྱེད།།
ཆུ་རིས་གཉེར་མའི་ཀློང་ནས་གྲང་འདར་གཏོང་།།
གེ་སར་རྡུལ་དག་མི་མངོན་འདབ་མ་རལ།།
གཞུང་རྟའི་ཚུགས་སུ་སྲིན་བུ་ཐར་ཐོར་མཐོང་།།

སྔ་དྲོར་ཤར་ཏུ་ཕྱོགས་པའི་འགྲེང་གོག་དག །
ད་ཚོད་ནུབ་ཏུ་ཡུད་ཡུད་བལྟ་བར་བྱེད།།
མ་མཐོང་ཡིད་ནི་དུབ་ཅིང་ངལ་བ་སྟེ།།
ས་སྲོད་བྲང་གར་གླན་ནས་སྙིང་ཆུང་གསོ།།

ཕྱོགས་བཅུ་བྱམས་ཀྱིས་སྐྱོང་བའི་ཉི་མ་ལགས།།
སྲིད་གསུམ་ཁྱིམ་དུ་བྱས་པའི་ཉི་མ་ལགས།།
ཡར་ཡར་འཕགས་ཤིང་མར་མར་ལྷུང་བ་འདྲའི།།
མི་མཐོང་ལས་དབང་འདི་ཀོ་ཅི་ཞིག་ལགས།།

ལན་རེར་དབང་ཕྱུག་སྟོབས་ཀྱིས་ཀུན་ཏུ་རྒྱུ།།
མཚམས་རེར་བྲན་ཁོལ་འདུར་ལྟར་ལུས་མི་དལ།།
སེམས་འདིའི་དབང་གྱུར་ལུས་ནི་ངལ་བ་སྟེ།།
ལུས་འདིའི་ལས་འདི་དབང་ཅན་སུ་ཡིས་སྤྱོད།།

ཀྱེ་མ་གཟིགས་ཤིག་ནུབ་མཐའི་ཐུན་མཚམས་ཀྱི།།
སྤྲིན་གསེབ་འཕག་པའི་ཉི་མ་སྙིང་རྗེ་བོ།།
ཕྱི་མིག་བལྟ་ལ་བཞུད་ལམ་བཤེར་གྱིན་དུ།།
མིག་ཆུའི་རྡོག་པ་ཉི་ཟེར་བརྡང་ལ་རྒྱུ།།

ཁྱོད་རང་སྤྲིན་གསེབ་ལྷུང་བའི་ཉི་མ་སྟེ།།
འོད་ཀྱི་བྱིན་རླབས་བདག་ལ་བསྩལ་ན་ཡང་།།
ཡུན་རིང་སྤྱོད་པའི་སྐལ་བ་དབེན་གྱུར་པས།།
ལན་གཅིག་འཕྲད་པས་ཆང་ཕོར་ཞབས་བཏེགས་ཞུ།།

                       ༢༠༡༨-༠༦-༢༡‬
             
             ༈དིང་གླིང་།

 
ད་ནས་བཟུང་སྟེ་ཕུགས་བསམ་གཞན་ཞིག་འཆང་།།
འབྲོག་ཐང་ཞིག་ནས་དགེ་རྒན་བྱེད་པར་སྨོན།།
འཚོ་ཚིས་ཞན་ལ་མཐའ་འཁོབ་ཡིན་ན་ཡང་།།
དབུལ་ཞིང་ཕོངས་པའི་བློ་དོགས་མི་འདུག་གོ།།

སློབ་མ་བརྒྱད་དགུ་ཙམ་ལས་མེད་ན་ཡང་།།
སློབ་ཁྲིད་བྱེད་དང་འཛིན་གྲྭ་སྐྱོང་བ་ནས།།
སློབ་གཙོའི་ལས་ཀ་མཐའ་དག་རང་གིས་བསྒྲུབ།།
དཔོན་མིང་ཙམ་ཡང་དེ་ནས་འཛིན་པར་བྱ།།

ནམ་ཞིག་མིག་ཆུ་ཞིག་དང་ལྷན་གཅིག་ཏུ།།
རྒྱང་རིང་ཡུལ་ལ་སེམས་པ་གླན་བྱས་ཏེ།།
འཛུམ་གྱིས་བཞད་པའི་ཨ་ཇོ་དྲན་བཞིན་པར།།
རང་གིས་རང་ལ་སེམས་གསོ་རྐྱང་བ་བྱ།།

སྐད་ཡིག་སློབ་ཁྲིད་སྐབས་སུ་དགེ་ཆོས་ཀྱི།།
༼ཆུང་གྲོགས་རྗེས་དྲན༽གྱེར་ཏེ་ཁོ་ཚོའི་ལྷན།།
དབྱངས་སུ་འགུགས་ཞོག་དབུ་ལྕོག་ལྡེམ་གྱིན་དུ།།
མི་ཚེའི་སྡུག་བསྔལ་ཡོད་ཅོག་བརྗེད་པར་བྱ།།

རོལ་མོ་འཁྲིད་དུས་གུང་ཐང་འཇམ་དབྱངས་ཀྱི།།
པི་ཝང་དཀྲོལ་བར་སེམས་པ་ཀླན་བྱས་ཏེེ།།
བྱིས་པའི་ཡིད་འོང་སེམས་པ་འོ་མའི་རྒྱུན།།
གཡའ་དག་གངས་ཅན་ལྗོངས་ལ་མཆོད་པར་བྱ།།

ནམ་ཞིག་ཡིད་སྨྲེང་བ་དང་ཁམས་འཁྲུག་དུས།།
སློབ་ཁང་རྒྱབ་ཀྱི་གླིང་ཀར་སེམས་པ་འཕྱན།།
སྡུག་པའི་མེ་ཏོག་ཚོགས་ལ་རོལ་གྱིན་དུ།།
རང་གི་ལང་ཚོ་དེ་རུ་ས་བོན་བྱ།།

ལྷ་རིས་སློབ་དུས་ཁོ་ཚོ་རི་འགོར་ཁྲིད།།
རང་གིས་ཅི་འདོད་ཐམས་ཅད་འབྲི་རུ་འཇུག །
རི་ཆུ་ནགས་དང་རྟ་ནོར་ལུག་གསུམ་གཙོས།།
ཨ་སྔོན་སྤྲིན་སོགས་ཤོག་ངོས་དགོད་པར་བྱ།།

དེ་དུས་བློ་དོགས་གཞན་ཞིག་མཆིས་པ་ནི།།
བསམ་བློ་འཁྲིད་དུས་བདག་གིས་ཅི་ཞིག་བྱ།།
ནམ་ཞིག་ང་ལ་ཡང་དག་ཕུགས་རིང་པའི།།
རྫུན་ཞིག་མེད་དུས་ང་ནི་ཚར་པ་རེད།།

བར་སྐབས་སྡེ་འདབས་འཐེན་པའི་ལམ་ཕྲན་ལས།།
རྟ་ཁྱུའི་བཅིབས་བསུ་ཞིག་དང་རྗེས་མཐུད་དེ།།
འཛུམ་གྱིས་བཞད་པའི་ཨ་ཇོ་ཕེབས་པ་སོགས།།
རེ་བཞག་མང་པོར་རྟོགས་བཟོ་བྱ་དགོས་ཡོད།།

དེ་ནས་ས་སྲོད་སློབ་གྲྭ་གྲོལ་མཚམས་སུ།།
སློབ་བུ་ཐམས་ཅད་རང་རང་ཡུལ་ལ་ལོག །
ཤུལ་ཏུ་ཁེར་རྐྱང་གྱང་ལ་འཁེན་བྱས་ཏེ།།
ཧད་ཅིང་ལུས་པའི་ངང་ཚུལ་ཇི་ལྟར་མཚོན།།

འབྲོག་ཐང་མཚན་མོ་ཞི་ཞིང་དུལ་བ་སྟེ།།
ལྷིང་འཇགས་ངང་དུ་སྐར་མ་བརྩིས་ན་ཆོག །
མ་ཟད་དཔེ་དེབ་གྲོགས་སུ་བསྟེན་གྱུར་ན།།
འཚོ་བའི་མཛེས་རིས་ཡོད་དགུ་ཁྱོད་ལ་དབང་།།

དེ་དུས་བས་མཐར་འཁྱམས་པའི་ཨ་སྐྱོ་ངས།།
སློབ་ཆེན་དུས་ཀྱི་གྲོགས་ཤིག་དྲན་སྲིད་དེ།།
དིང་གླིང་འབུད་རྒྱུར་མོས་པའི་གྲོགས་པོ་ཁོང་།།
དིང་གླིང་བཞིན་དུ་ངའི་གམ་ཡོད་ན་བསམས།།

དངུལ་ཤན་དིང་གླིང་ཐོགས་པས་མ་རེད་ཀྱང་།།
གནའ་མི་ཞིག་གི་བཟོས་ལྟ་བརྗེད་མེད་འདུག །
དྲུང་ན་ཡོད་ཡོད་བསམ་པའི་བློ་བྱས་ཏེ།།
གཏན་ནས་བརྗེད་དུ་མེད་པའི་དམ་བཅའ་ཡོད།།

                         ༢༠༡༨-༠༩-༡༠‬

རྩོམ་སྒྲིག་པ། གངས་དགའ།

                                               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)                              


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།