གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློ་རྡེག(ཞར་བཀོད་གཅིག་ཡོད)

2018-11-16 23:10:38 ལི་ཐང་དབྱིག་གཉེན།(དཀར་མཛེས) ཀློག་གྲངས། མཆན ཡོད།

 

ད་ནི་རི་དྭགས་མིག་ལ་ཉི་འོད་ཕོག།
ཐང་རྩེར་སྤྲེའུ་ལྷན་ཐབས་བགྱིད་དེ་འཛེག།
མི་རྣམས་དགའ་སྡུག་གཉིས་རེ་ཁྱེར་ནས་འགྲོ།
ཁོ་བོ་དེ་ཤེད་ཅིག་ནས་ཧད་དེ་ལུས།།
སེམས་སུ་འཆར་སྒོ་མ་ངེས་སྣ་ཚོགས་འོང་།།
གློ་རྡེག་ངོས་སུ་རང་ཉིད་བརྩི་ཐབས་བྲལ།།
སྡེ་མཐའི་སེམས་ཅན་ཆ་རེ་ཡ་རེ་ལ།།
བྱི་རུའི་ཕོ་བྲང་དཀྲུག་པའི་རྣམ་རྟོག་སྐྱེས།།

             ༢༠༡༨  /  ༦   /༡༢  ཉིན།

              ༈  སྣེ་ཤན།

བོར་རུང་ཡང་རྙེད་པའི་དུས་ཚོད་དག།
དཀར་ལ་དམར་མདངས་ཆགས་ཏེ་དེ་གར་ལུས།།
སེམས་པའི་མལ་དུ་གཅན་གཟན་སྣ་ཚོགས་ཀྱིས།།
དེ་ཤེད་ཅིག་ནས་རྒོལ་བ་སྣེ་མང་རྩོམ།།
རྟ་ཐོག་སྙིང་སྡུག་དཔལ་ཡུན་གྲངས་མི་ལང་།།
བྱེ་མའི་ཕུང་པོ་ཡང་ཡང་བརྩེགས་པའི་གཞུག།
བསླུ་བྲིད་གཅིག་པུ་ཁུར་བའི་གཞོན་ནུ་མས།།
དག་ཞིང་དེ་རུ་སྣེ་ཤན་མཛད་དམ་ཅི།།

             ༢༠༡༨  / ༥  / ༡༧  ཉིན།

 

རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།