《སྙན་ཚིག་འཛམ་བུའི་ཆུ་གསེར》སོགས་སྙན་རྩོམ་ཁག་བདུན།


གྲོག་མ། ཆབ་མདོ་རི་བོ་ཆེ་རུ་སྐྱེས། གྲྭ་པ་བྱས་ཏེ་བན་རྒན་དགོན་པ་དང་འབྲས་སྤུངས་དགོན་པ། བླ་རུང་སྒར་སོགས་ནས་བོད་ཀྱི་ནང་བསྟན་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་ཞོར་དུ་སྒྱུ་རྩལ་གྱི་རྩོམ་ཡིག་ལ་འབྲི་སྦྱོང་མང་ཙམ་བྱས། ཀརྨ་ཆགས་མེད་དང་རྫ་དཔལ་སྤྲུལ་གྱི་གསུང་གིས་བོད་ཀྱི་ཚིག་སྦྱོར་ལ་ངེས་ཤེས་དྲངས། «མི་རིགས་ཀྱི་རྩོམ་རིག»དང«སྦྲང་ཆར»«གངས་རྒྱན་མེ་ཏོག» «གངས་དཀར་རི་བོ» «མཆོད་མེ་རྩོམ་རིག་དྲ་བ»དང«རྫ་ཆུའི་རླབས་སྒྲ»«བཙན་པོ་དྲ་བ»སོགས་སུ་སྙན་ངག་དང་། དཔྱད་རྩོམ། འབོལ་རྩོམ། ཟིན་ཐོ་སོགས་རྩོམ་ལུས་མི་འདྲ་བ་སྣ་ཚོགས་ཤིག་སྤེལ་ཡོད། རྩོམ་རིག་ཚགས་པར«ཕྱེ་མ་ལེབ»ཟེར་བ་ཞིག་གི་རྩོམ་སྒྲིག་པ་ཡིན།

                            སྙན་ཚིག་འཛམ་བུའི་ཆུ་གསེར།

དབྱར་མེ་ཏོག་ཟིལ་བ་ཕྲོམ་མེ་དེ།།
འབུ་བུང་བས་ཞེན་པའི་རྟེན་དུ་གྱིས།།
སད་སེར་བ་བྱུང་ཡང་མི་སྐྱོན་ཏེ།།
ལས་སྐྱིད་སྡུག་སྨིག་རྒྱུའི་ཆུ་དང་འདྲ།།

ཆུ་འདི་ལ་ཡུར་བ་མ་དགོས་སོ།།
དོན་དེ་ཕྱིར་ཞེ་བློ་གཏིང་ནས་བདེ།།
དགུན་ཟླ་གསུམ་ཁ་བའི་འདབ་མ་དེ།།
བྱ་གོང་མོས་དྲན་པའི་རྟེན་དུ་ཉོར།།

རླུང་ལྷགས་པ་བྱུང་ཡང་མི་སྐྱོན་ཏེ།།
དུས་ནམ་ཟླ་རྨི་ལམ་རྨིས་པ་འདྲ།།
འཁོས་ཆུང་ཆུང་བྱམས་སྡང་མ་དགོས་སོ།།
དོན་དེ་ཕྱིར་སྐྱོ་བ་གང་ནས་སྐྱེས།།

སེམས་གངས་དཀར་གངས་རི་བཞིན་དུ་བརྗིད།།
འབྲུ་སེར་པོ་གསེར་རྡོག་མི་སྒོམ་ཞིང་།།
ཆུ་ཆར་པ་བདུད་རྩི་ཟེར་དོན་མེད།།
ལམ་ལུགས་སྲོལ་བྱེ་མའི་ཁང་བུ་འདྲ།།

སྤྲང་བེར་ཀ་ཅན་རྣམས་མི་སྐྱོན་ཏེ།།
ཆོས་གྲུབ་མཐའ་ཞེན་ན་འཁྲུག་པའི་རྒྱུ།།
དོན་དེ་ཕྱིར་ཆགས་ཐོག་མེད་པར་འགྲོ།།

                      2018.4.14

                            མགུར་གླུ་རྫ་ཆབ་སིལ་མ།

ཉི་མ་ཟླ་བ་ཡི་འཁོར་ལམ་ནང་དུ།།
སྤྲིན་དང་མེ་ཏོག་གི་གཞིས་ཁྱིམ་དཀྱིལ་དུ།།
མི་དང་འཕྲུལ་ཆས་ཀྱིས་གཡུལ་ཁ་སྤྲོད་དུས།།
དུག་དང་ན་བུན་གྱི་མུན་པ་རུབ་དུས།།
རྣལ་འབྱོར་བྱ་བཏང་ལ་རྒྱལ་མཚམས་མེད་དོ།།

བྱ་བཏང་རྣལ་འབྱོར་ལ་ས་མཚམས་ཡོད་ན།།
རི་ཁྲོད་ངེས་མེད་ཀྱི་སྤྱོད་པས་ཅི་བྱ།།
གཙོད་དང་འབྲོང་ཁྱུ་ལ་ལྷས་ར་མེད་དོ།།
འབྲོང་ཆུང་བྲེ་ལོ་ལ་ལྷས་ར་ཡོད་ན།།
མགོ་ལ་ར་རྒོད་ཅིག་སྐྱེས་པས་ཅི་བྱ།།
རྐྱང་ཆུང་ཁྲ་བོ་ལ་སྒ་སྲབ་མེད་དོ།།
རྟ་རྒོད་རྐྱང་ཆུང་ལ་སྒ་སྲབ་ཡོད་ན།།
བྱང་གི་རྩྭ་ཆུ་ལ་རོལ་བས་ཅི་བྱ།།

                            ཡིད་ཆེས་དད་པའི་འོད་སྣང་།

                                            ------མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་རྗེས་སུ་དྲན་པ

ཞི་བའི་རྒྱ་མཚོ་ཆེན་མོའི་ཕ་རོལ་ནས།།
འོད་དཀར་འཇའ་ཡི་ཟམ་པ་རིང་མོ་ཞིག།
གསང་བ་སེམས་ཀྱི་སྒོ་རུ་ཚུར་བསྲིང་པས།།
རོལ་མོའི་དབྱངས་དང་བཅས་ཏེ་མངོན་པར་བསུས།།

སྲིད་པའི་གར་ལ་ཆགས་པ་བྲལ་བའི་སྤྱན་ཟུང་ལས།།
སུ་དང་གང་ལ་འཇིགས་པ་མེད་པའི་དཔའ་གདེང་མངོན།།
མུན་པའི་དཔུང་ལ་གདོང་པ་གཏད་དེ་སྒྲོན་མེ་སྦར།།
རྟེན་འབྲེལ་འཁོར་ལོ་ཐབས་ཀྱིས་འཁོར་བའི་འཁོར་ལམ་བཏོད།།
ནམ་མཁའ་ལས་ནི་སྤྲིན་གྱི་ཕུང་པོ་འཕྱུར་མ་ཐག།
ཤེས་བྱ་ཐམས་ཅད་ནམ་མཁའི་ཁམས་སུ་ཐིམ་པར་གྱུར།།

དེ་ཚེ་ཆུ་ཤེལ་དྭངས་མའི་མེ་ལོང་ལ།།
བྱི་དོར་ལེགས་པར་བྱས་པའི་བྱིན་རླབས་ཀྱིས།།
རྔམ་བརྗིད་འོད་སྟོང་འབར་བའི་ཞལ་རས་ལས།།
སླར་ཡང་ང་ཡི་ཕྱོགས་སུ་འཛུམ་ཙམ་མཛད།།

དེ་ནས་མཐའ་དང་བྲལ་བའི་དབྱིངས།།
ཚིག་གིས་མཚོན་ཐབས་བྲལ་བའི་ལམ།།
གཤོག་ཟུང་ཐོགས་པ་མེད་པའི་མཁའ།།
ཞལ་རས་དེ་ཡི་ཕྱོགས་སུ་འཁོར།།

འདི་ཡི་དུས་སུ་ང་རང་གཅིག་པུར་ལུས།།
ཕྱོགས་དང་ཕྱོགས་སུ་སྟག་གི་མཆེ་བ་དང་།།
སྦྲུལ་གྱི་ལྕེ་སྣེ་ཙམ་ལས་མཐོང་དུ་མེད།།
གང་དུ་གཟིམས་སོང་ང་ཡི་སྒྲོན་མེ་ལགས།།

སྤོས་དུད་ཕང་ཕུང་ཆད་པའི་མཆོད་ཁང་ལས།།
དྲན་པའི་མགུར་གླུ་ཞིག་ནི་སྐྱོ་སང་སང་གིས་ཐོས་ཀྱིན་འདུག།
ཆུ་མོ་ལྷུང་ལྷུང་འབབ་པའི་རྩྭ་ཐང་ནས།།
གདུང་བའི་མཆི་མ་ཞིག་ནི་འོད་ཕྲོམ་ཕྲོམ་དུ་བཞུར་གྱིན་གདའ།།

རབ་རིབ་མག་མོག་གྱུར་པའི་རང་སེམས་སུ།།
གསེར་གྱི་སྒྲོན་མེ་དེ་ནི་ལྷང་ལྷང་དྲན་བཞིན་དུང་དུང་འབོད།།
འདི་དག་ཁྱེད་ལ་ཤུགས་རིང་ཕྱུང་པ་ག་ལ་ཡིན།།
ཉི་མ་ནུབ་རྗེས་ཟླ་བ་འཛུམ་ཡོང་ཞིང་།།
ཟླ་བ་བྱང་རྗེས་སླར་ཡང་ཉི་མ་འཆར་ངེས་པའི།།
རྟེན་འབྲེལ་བསླུ་བ་མེད་འདི་སུ་ཡིས་སྙོན།།

                              གླུ་མེ་ལོང་མ།

གསེར་སེར་པོའི་ཁྲི་འཕང་སྤྲང་པོས་མནན།།
མཐོ་རྒྱལ་པོ་ཡིན་ཡང་དམངས་སུ་འཁྱམས།།
ཐོབ་གོ་ས་ལ་ངེས་པ་མེད་པར་གསུངས།།
གསུངས་དེ་འདྲ་རྟོགས་པར་སླ་ན་ཡང་།།

དེ་མ་རྟོགས་པའི་སེམས་ཅན་ཁྱི་གུ་འདྲ།།
ཆེ་འབྱོར་ཕྱུག་མཐོང་ན་ངོ་འཛུམ་སྟོན།།
ཆུང་དབུལ་ཕོངས་མདུན་ནས་ཆེ་འཇིགས་ངོམ།།
ཚུལ་ལྡན་འོས་འཚམ་གྱི་དུས་ཤིག་དེ་ལ་མེད།།

ཁྲིམས་རྟ་ལྕག་བཟུང་བའི་དགེ་སློང་དང་།།
ལག་ཤིང་གྲི་ཐོགས་པའི་དམག་དཔོན་ཡོད།།
ནང་ཤེས་རྒྱུད་ཕྱི་ནས་མི་མཚོན་གསུངས།།
གསུངས་དེ་འདྲ་དཀའ་གནད་མ་ཡིན་མོད།།

དོན་མ་རྟོགས་པའི་སེམས་ཅན་སྤྲེལ་དང་འདྲ།།
རྟོན་འོས་པ་ཆོས་ལ་མི་རྟོན་པར།།
མི་འོས་པའི་གང་ཟག་རྟོན་པར་བྱེད།།
རང་ངོ་རང་ཤེས་ཀྱི་དུས་ཤིག་དེ་ལ་མེད།།

                           2018.4.19 

                             འབུ་གྲོག་མའི་གཅིན་པ།

ཁྱི་གུ་ཞིག་གིས་རྩེད་བྲོ་ལྡིང་བ་ལྟར།།
ང་ཡི་ལྭ་བའི་ཐུ་སྣེར་བཟུང་བ་དྲན།།
ཁྱི་ཕྲུག་ཨུ་ཚུགས་ཤིན་ཏུ་ཆེ་བ་བཞིན།།
རྟག་པར་རྗེས་སུ་འབྲང་བའི་དུས་དེ་དྲན།།

བརྗེད་ཐབས་མེད་པའི་འདས་དོན་དྲོན་མོ་དེས།།
རང་གི་རྟ་ཕོར་བདག་པོ་མ་ཐུབ་པར།།
གང་འདོད་རི་ལ་ཤོར་བའི་གཏམ་རྒྱུད་བརྩམས།།

རང་དབང་རྒྱ་ཡན་བཏང་བའི་བྱེའུ་དེ།།
འཕུར་བཞིན་འཕུར་མཐར་ནམ་མཁའ་ཟད་པ་འམ།།
མུ་མཐའ་གཞལ་དུ་མེད་པའི་སྐྱོ་སྣང་གིས།།
རང་གི་ཚང་དུ་ཚུར་ཚུར་འཁོར་ནས་བྱུང་།།

རེ་བའི་ལོ་ཟླ་རིང་མོ་ཡོངས་སུ་ཟད།།
དབྱངས་ཀྱི་རྒྱུད་སྐུད་དག་ཀྱང་ཆད་པ་འདྲ།།
ང་ཡི་ཕོ་བྲང་མཐོན་པོའི་ཡང་ཐོག་ཏུ།།
མཛེས་པར་བབས་པའི་སྙན་ངག་གླེགས་བམ་དང་།།
ཁྱེད་ཀྱི་སེམས་སུ་བབས་པའི་ཁ་བ་དག།
རྣམ་པ་ཀུན་ཏུ་དཀར་ཞིང་གཙང་བ་ལགས།།

                             བླ་རུང་གི་ཐུན་སྤུངས་གསར་འཛུགས་ལ་བསྟོད་པ།

ང་རང་གཙང་ཆེན་འདི་ཡི་ཉེ་ཟུར་དུ་བསྡད་དེ།།
གནའ་བོའི་གླེགས་བམ་རྣམས་ལ་རྡུལ་སྤྲུག་རེ་བྱེད་དུས།།
མི་རྟོག་ཟེར་བའི་ཐ་སྙད་སྟོང་ཚོ་ནི་མང་པོ།།
ས་རུ་ཟག་སོང་ཐལ་བའི་ནང་དུ་ཡང་འདྲེས་སོང་།།

ཀྱེ་མ་ཀྱེ་མ་བཅོམ་ལྡན་ཐུབ་པ་ནི་ཆེན་པོ།།
ཆུ་འགྲམ་འདི་ནས་རྩེད་མོར་རོལ་བའི་རྒྱལ་པོ་དང་བཙུན་མོ།།
མཁས་པའི་ཚུལ་འཆང་བླུན་པོའི་ཚུགས་ཀ་ཅན་ལ་སོགས།།
དེ་དང་དེ་དག་ཆོས་གོས་གྱོན་ཞིང་ཕྲེང་བ་རེ་ཐོགས་ཏེ།།
རྩོད་པ་བྱེད་ཞོར་དམག་གི་འཁྲུགས་པ་ཡང་སློང་ངོ་།།

དྲན་པ་ཉེར་བར་བཞག་པའི་གྲུ་ཆུང་གཙང་པོ་ཡིས་ཁྱེར་ན།།
ཁོང་ཚོས་དེ་ལ་དོ་སྣང་བྱེད་པར་ཁོམ་གྱི་ཡང་མེད་དོ།།

ད་ལྟ་ང་ཡི་མིག་སྔུན་ནས།།
ཤོག་བུའི་གྲུ་ཆུང་ནི་ཞིག་གིས་ནི།།
བདག་ལ་ངང་སྒུག་བྱས་པ་མཐོང་ཙ་ན།
རྨི་མལ་རིང་མོ་ཞིག་གི་མགོ་བོ་བརྩམས།།

                        2018.3.20

                             མཇལ་ཁ་ཞུ་བ། 

སེམས་པའི་གཏིང་གི་མེ་ལྕེ་དྲག་པོ་དང་།།
གནམ་ས་གཉིས་ཀྱི་ཁ་ཐག་རིང་མོ་སོགས།།
གང་ལའང་ལྟོས་པ་མེད་པའི་ངང་ཚུལ་གྱིས།།
རི་སྤྱང་ར་ལུག་དག་གིས་གྲོས་བསྡུར་བྱེད།།

ངས་ནི་གྱོད་དོན་འདི་ལ་ལྐོག་ནས་ཉན།།
ཟད་པ་མེད་པའི་གཏམ་དང་ལྦུ་བའི་ཚོགས།།
རེ་དང་དོགས་པའི་འགག་འཕྲང་རིང་མོ་ཡང་།།
ཕ་ཡུལ་ཕྱོགས་ཀྱི་རྫ་ཆུའི་དྭངས་མོའི་ནང་།།

དག་པར་བཀྲུས་ཏེ་དབེན་པའི་གནས་སུ་འོངས།།
ཡིག་ཚོགས་བག་མེད་སྤུངས་པའི་རི་བོ་བརྒལ།།
བདེན་ལུགས་ཐང་མར་བརྡལ་བའི་ས་ཆེན་བརྒལ།།
འདི་ནས་ཁོད་ཡངས་ནམ་མཁའ་མི་འཚོལ་ལ།།

མེ་ཏོག་ཁྲ་ཚོམ་དག་ལའང་རེ་བ་མེད།།
མེ་ཏོག་སྟེང་གི་སྦྲང་མ་ཁྲ་བོ་དང་།།
སྦྲང་མའི་གཤོག་སྒྲ་ལྟ་བུའི་གུས་ལུགས་ལ།།
ཞེན་ཆགས་མེད་པར་གཏད་སོ་བོར་ཏེ་འགྲོ།།

གོས་དང་ཤུན་པ་བརྗེས་པའི་ཕ་རོལ་དུ།།
ཤ་དང་རུས་པ་ཟད་པའི་ནང་རོལ་ན།།
མཚོ་ལ་གཟའ་སྐར་ཤར་བའི་ངང་ཚུལ་གྱིས།།
ལྷོད་པོར་བལྟས་ཚེ་ཁྱེད་ཞལ་གཙང་མ་མཇལ།།
 

 རྩོམ་སྒྲིག་པ། གངས་དགའ།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《སྙན་ཚིག་འཛམ་བུའི་ཆུ་གསེར》སོགས་སྙན་རྩོམ་ཁག་བདུན།

2019-01-28 ཆབ་མདོ་གྲོག་མ། ཀློག་གྲངས། མཆན ཡོད།


གྲོག་མ། ཆབ་མདོ་རི་བོ་ཆེ་རུ་སྐྱེས། གྲྭ་པ་བྱས་ཏེ་བན་རྒན་དགོན་པ་དང་འབྲས་སྤུངས་དགོན་པ། བླ་རུང་སྒར་སོགས་ནས་བོད་ཀྱི་ནང་བསྟན་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་ཞོར་དུ་སྒྱུ་རྩལ་གྱི་རྩོམ་ཡིག་ལ་འབྲི་སྦྱོང་མང་ཙམ་བྱས། ཀརྨ་ཆགས་མེད་དང་རྫ་དཔལ་སྤྲུལ་གྱི་གསུང་གིས་བོད་ཀྱི་ཚིག་སྦྱོར་ལ་ངེས་ཤེས་དྲངས། «མི་རིགས་ཀྱི་རྩོམ་རིག»དང«སྦྲང་ཆར»«གངས་རྒྱན་མེ་ཏོག» «གངས་དཀར་རི་བོ» «མཆོད་མེ་རྩོམ་རིག་དྲ་བ»དང«རྫ་ཆུའི་རླབས་སྒྲ»«བཙན་པོ་དྲ་བ»སོགས་སུ་སྙན་ངག་དང་། དཔྱད་རྩོམ། འབོལ་རྩོམ། ཟིན་ཐོ་སོགས་རྩོམ་ལུས་མི་འདྲ་བ་སྣ་ཚོགས་ཤིག་སྤེལ་ཡོད། རྩོམ་རིག་ཚགས་པར«ཕྱེ་མ་ལེབ»ཟེར་བ་ཞིག་གི་རྩོམ་སྒྲིག་པ་ཡིན།

                            སྙན་ཚིག་འཛམ་བུའི་ཆུ་གསེར།

དབྱར་མེ་ཏོག་ཟིལ་བ་ཕྲོམ་མེ་དེ།།
འབུ་བུང་བས་ཞེན་པའི་རྟེན་དུ་གྱིས།།
སད་སེར་བ་བྱུང་ཡང་མི་སྐྱོན་ཏེ།།
ལས་སྐྱིད་སྡུག་སྨིག་རྒྱུའི་ཆུ་དང་འདྲ།།

ཆུ་འདི་ལ་ཡུར་བ་མ་དགོས་སོ།།
དོན་དེ་ཕྱིར་ཞེ་བློ་གཏིང་ནས་བདེ།།
དགུན་ཟླ་གསུམ་ཁ་བའི་འདབ་མ་དེ།།
བྱ་གོང་མོས་དྲན་པའི་རྟེན་དུ་ཉོར།།

རླུང་ལྷགས་པ་བྱུང་ཡང་མི་སྐྱོན་ཏེ།།
དུས་ནམ་ཟླ་རྨི་ལམ་རྨིས་པ་འདྲ།།
འཁོས་ཆུང་ཆུང་བྱམས་སྡང་མ་དགོས་སོ།།
དོན་དེ་ཕྱིར་སྐྱོ་བ་གང་ནས་སྐྱེས།།

སེམས་གངས་དཀར་གངས་རི་བཞིན་དུ་བརྗིད།།
འབྲུ་སེར་པོ་གསེར་རྡོག་མི་སྒོམ་ཞིང་།།
ཆུ་ཆར་པ་བདུད་རྩི་ཟེར་དོན་མེད།།
ལམ་ལུགས་སྲོལ་བྱེ་མའི་ཁང་བུ་འདྲ།།

སྤྲང་བེར་ཀ་ཅན་རྣམས་མི་སྐྱོན་ཏེ།།
ཆོས་གྲུབ་མཐའ་ཞེན་ན་འཁྲུག་པའི་རྒྱུ།།
དོན་དེ་ཕྱིར་ཆགས་ཐོག་མེད་པར་འགྲོ།།

                      2018.4.14

                            མགུར་གླུ་རྫ་ཆབ་སིལ་མ།

ཉི་མ་ཟླ་བ་ཡི་འཁོར་ལམ་ནང་དུ།།
སྤྲིན་དང་མེ་ཏོག་གི་གཞིས་ཁྱིམ་དཀྱིལ་དུ།།
མི་དང་འཕྲུལ་ཆས་ཀྱིས་གཡུལ་ཁ་སྤྲོད་དུས།།
དུག་དང་ན་བུན་གྱི་མུན་པ་རུབ་དུས།།
རྣལ་འབྱོར་བྱ་བཏང་ལ་རྒྱལ་མཚམས་མེད་དོ།།

བྱ་བཏང་རྣལ་འབྱོར་ལ་ས་མཚམས་ཡོད་ན།།
རི་ཁྲོད་ངེས་མེད་ཀྱི་སྤྱོད་པས་ཅི་བྱ།།
གཙོད་དང་འབྲོང་ཁྱུ་ལ་ལྷས་ར་མེད་དོ།།
འབྲོང་ཆུང་བྲེ་ལོ་ལ་ལྷས་ར་ཡོད་ན།།
མགོ་ལ་ར་རྒོད་ཅིག་སྐྱེས་པས་ཅི་བྱ།།
རྐྱང་ཆུང་ཁྲ་བོ་ལ་སྒ་སྲབ་མེད་དོ།།
རྟ་རྒོད་རྐྱང་ཆུང་ལ་སྒ་སྲབ་ཡོད་ན།།
བྱང་གི་རྩྭ་ཆུ་ལ་རོལ་བས་ཅི་བྱ།།

                            ཡིད་ཆེས་དད་པའི་འོད་སྣང་།

                                            ------མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་རྗེས་སུ་དྲན་པ

ཞི་བའི་རྒྱ་མཚོ་ཆེན་མོའི་ཕ་རོལ་ནས།།
འོད་དཀར་འཇའ་ཡི་ཟམ་པ་རིང་མོ་ཞིག།
གསང་བ་སེམས་ཀྱི་སྒོ་རུ་ཚུར་བསྲིང་པས།།
རོལ་མོའི་དབྱངས་དང་བཅས་ཏེ་མངོན་པར་བསུས།།

སྲིད་པའི་གར་ལ་ཆགས་པ་བྲལ་བའི་སྤྱན་ཟུང་ལས།།
སུ་དང་གང་ལ་འཇིགས་པ་མེད་པའི་དཔའ་གདེང་མངོན།།
མུན་པའི་དཔུང་ལ་གདོང་པ་གཏད་དེ་སྒྲོན་མེ་སྦར།།
རྟེན་འབྲེལ་འཁོར་ལོ་ཐབས་ཀྱིས་འཁོར་བའི་འཁོར་ལམ་བཏོད།།
ནམ་མཁའ་ལས་ནི་སྤྲིན་གྱི་ཕུང་པོ་འཕྱུར་མ་ཐག།
ཤེས་བྱ་ཐམས་ཅད་ནམ་མཁའི་ཁམས་སུ་ཐིམ་པར་གྱུར།།

དེ་ཚེ་ཆུ་ཤེལ་དྭངས་མའི་མེ་ལོང་ལ།།
བྱི་དོར་ལེགས་པར་བྱས་པའི་བྱིན་རླབས་ཀྱིས།།
རྔམ་བརྗིད་འོད་སྟོང་འབར་བའི་ཞལ་རས་ལས།།
སླར་ཡང་ང་ཡི་ཕྱོགས་སུ་འཛུམ་ཙམ་མཛད།།

དེ་ནས་མཐའ་དང་བྲལ་བའི་དབྱིངས།།
ཚིག་གིས་མཚོན་ཐབས་བྲལ་བའི་ལམ།།
གཤོག་ཟུང་ཐོགས་པ་མེད་པའི་མཁའ།།
ཞལ་རས་དེ་ཡི་ཕྱོགས་སུ་འཁོར།།

འདི་ཡི་དུས་སུ་ང་རང་གཅིག་པུར་ལུས།།
ཕྱོགས་དང་ཕྱོགས་སུ་སྟག་གི་མཆེ་བ་དང་།།
སྦྲུལ་གྱི་ལྕེ་སྣེ་ཙམ་ལས་མཐོང་དུ་མེད།།
གང་དུ་གཟིམས་སོང་ང་ཡི་སྒྲོན་མེ་ལགས།།

སྤོས་དུད་ཕང་ཕུང་ཆད་པའི་མཆོད་ཁང་ལས།།
དྲན་པའི་མགུར་གླུ་ཞིག་ནི་སྐྱོ་སང་སང་གིས་ཐོས་ཀྱིན་འདུག།
ཆུ་མོ་ལྷུང་ལྷུང་འབབ་པའི་རྩྭ་ཐང་ནས།།
གདུང་བའི་མཆི་མ་ཞིག་ནི་འོད་ཕྲོམ་ཕྲོམ་དུ་བཞུར་གྱིན་གདའ།།

རབ་རིབ་མག་མོག་གྱུར་པའི་རང་སེམས་སུ།།
གསེར་གྱི་སྒྲོན་མེ་དེ་ནི་ལྷང་ལྷང་དྲན་བཞིན་དུང་དུང་འབོད།།
འདི་དག་ཁྱེད་ལ་ཤུགས་རིང་ཕྱུང་པ་ག་ལ་ཡིན།།
ཉི་མ་ནུབ་རྗེས་ཟླ་བ་འཛུམ་ཡོང་ཞིང་།།
ཟླ་བ་བྱང་རྗེས་སླར་ཡང་ཉི་མ་འཆར་ངེས་པའི།།
རྟེན་འབྲེལ་བསླུ་བ་མེད་འདི་སུ་ཡིས་སྙོན།།

                              གླུ་མེ་ལོང་མ།

གསེར་སེར་པོའི་ཁྲི་འཕང་སྤྲང་པོས་མནན།།
མཐོ་རྒྱལ་པོ་ཡིན་ཡང་དམངས་སུ་འཁྱམས།།
ཐོབ་གོ་ས་ལ་ངེས་པ་མེད་པར་གསུངས།།
གསུངས་དེ་འདྲ་རྟོགས་པར་སླ་ན་ཡང་།།

དེ་མ་རྟོགས་པའི་སེམས་ཅན་ཁྱི་གུ་འདྲ།།
ཆེ་འབྱོར་ཕྱུག་མཐོང་ན་ངོ་འཛུམ་སྟོན།།
ཆུང་དབུལ་ཕོངས་མདུན་ནས་ཆེ་འཇིགས་ངོམ།།
ཚུལ་ལྡན་འོས་འཚམ་གྱི་དུས་ཤིག་དེ་ལ་མེད།།

ཁྲིམས་རྟ་ལྕག་བཟུང་བའི་དགེ་སློང་དང་།།
ལག་ཤིང་གྲི་ཐོགས་པའི་དམག་དཔོན་ཡོད།།
ནང་ཤེས་རྒྱུད་ཕྱི་ནས་མི་མཚོན་གསུངས།།
གསུངས་དེ་འདྲ་དཀའ་གནད་མ་ཡིན་མོད།།

དོན་མ་རྟོགས་པའི་སེམས་ཅན་སྤྲེལ་དང་འདྲ།།
རྟོན་འོས་པ་ཆོས་ལ་མི་རྟོན་པར།།
མི་འོས་པའི་གང་ཟག་རྟོན་པར་བྱེད།།
རང་ངོ་རང་ཤེས་ཀྱི་དུས་ཤིག་དེ་ལ་མེད།།

                           2018.4.19 

                             འབུ་གྲོག་མའི་གཅིན་པ།

ཁྱི་གུ་ཞིག་གིས་རྩེད་བྲོ་ལྡིང་བ་ལྟར།།
ང་ཡི་ལྭ་བའི་ཐུ་སྣེར་བཟུང་བ་དྲན།།
ཁྱི་ཕྲུག་ཨུ་ཚུགས་ཤིན་ཏུ་ཆེ་བ་བཞིན།།
རྟག་པར་རྗེས་སུ་འབྲང་བའི་དུས་དེ་དྲན།།

བརྗེད་ཐབས་མེད་པའི་འདས་དོན་དྲོན་མོ་དེས།།
རང་གི་རྟ་ཕོར་བདག་པོ་མ་ཐུབ་པར།།
གང་འདོད་རི་ལ་ཤོར་བའི་གཏམ་རྒྱུད་བརྩམས།།

རང་དབང་རྒྱ་ཡན་བཏང་བའི་བྱེའུ་དེ།།
འཕུར་བཞིན་འཕུར་མཐར་ནམ་མཁའ་ཟད་པ་འམ།།
མུ་མཐའ་གཞལ་དུ་མེད་པའི་སྐྱོ་སྣང་གིས།།
རང་གི་ཚང་དུ་ཚུར་ཚུར་འཁོར་ནས་བྱུང་།།

རེ་བའི་ལོ་ཟླ་རིང་མོ་ཡོངས་སུ་ཟད།།
དབྱངས་ཀྱི་རྒྱུད་སྐུད་དག་ཀྱང་ཆད་པ་འདྲ།།
ང་ཡི་ཕོ་བྲང་མཐོན་པོའི་ཡང་ཐོག་ཏུ།།
མཛེས་པར་བབས་པའི་སྙན་ངག་གླེགས་བམ་དང་།།
ཁྱེད་ཀྱི་སེམས་སུ་བབས་པའི་ཁ་བ་དག།
རྣམ་པ་ཀུན་ཏུ་དཀར་ཞིང་གཙང་བ་ལགས།།

                             བླ་རུང་གི་ཐུན་སྤུངས་གསར་འཛུགས་ལ་བསྟོད་པ།

ང་རང་གཙང་ཆེན་འདི་ཡི་ཉེ་ཟུར་དུ་བསྡད་དེ།།
གནའ་བོའི་གླེགས་བམ་རྣམས་ལ་རྡུལ་སྤྲུག་རེ་བྱེད་དུས།།
མི་རྟོག་ཟེར་བའི་ཐ་སྙད་སྟོང་ཚོ་ནི་མང་པོ།།
ས་རུ་ཟག་སོང་ཐལ་བའི་ནང་དུ་ཡང་འདྲེས་སོང་།།

ཀྱེ་མ་ཀྱེ་མ་བཅོམ་ལྡན་ཐུབ་པ་ནི་ཆེན་པོ།།
ཆུ་འགྲམ་འདི་ནས་རྩེད་མོར་རོལ་བའི་རྒྱལ་པོ་དང་བཙུན་མོ།།
མཁས་པའི་ཚུལ་འཆང་བླུན་པོའི་ཚུགས་ཀ་ཅན་ལ་སོགས།།
དེ་དང་དེ་དག་ཆོས་གོས་གྱོན་ཞིང་ཕྲེང་བ་རེ་ཐོགས་ཏེ།།
རྩོད་པ་བྱེད་ཞོར་དམག་གི་འཁྲུགས་པ་ཡང་སློང་ངོ་།།

དྲན་པ་ཉེར་བར་བཞག་པའི་གྲུ་ཆུང་གཙང་པོ་ཡིས་ཁྱེར་ན།།
ཁོང་ཚོས་དེ་ལ་དོ་སྣང་བྱེད་པར་ཁོམ་གྱི་ཡང་མེད་དོ།།

ད་ལྟ་ང་ཡི་མིག་སྔུན་ནས།།
ཤོག་བུའི་གྲུ་ཆུང་ནི་ཞིག་གིས་ནི།།
བདག་ལ་ངང་སྒུག་བྱས་པ་མཐོང་ཙ་ན།
རྨི་མལ་རིང་མོ་ཞིག་གི་མགོ་བོ་བརྩམས།།

                        2018.3.20

                             མཇལ་ཁ་ཞུ་བ། 

སེམས་པའི་གཏིང་གི་མེ་ལྕེ་དྲག་པོ་དང་།།
གནམ་ས་གཉིས་ཀྱི་ཁ་ཐག་རིང་མོ་སོགས།།
གང་ལའང་ལྟོས་པ་མེད་པའི་ངང་ཚུལ་གྱིས།།
རི་སྤྱང་ར་ལུག་དག་གིས་གྲོས་བསྡུར་བྱེད།།

ངས་ནི་གྱོད་དོན་འདི་ལ་ལྐོག་ནས་ཉན།།
ཟད་པ་མེད་པའི་གཏམ་དང་ལྦུ་བའི་ཚོགས།།
རེ་དང་དོགས་པའི་འགག་འཕྲང་རིང་མོ་ཡང་།།
ཕ་ཡུལ་ཕྱོགས་ཀྱི་རྫ་ཆུའི་དྭངས་མོའི་ནང་།།

དག་པར་བཀྲུས་ཏེ་དབེན་པའི་གནས་སུ་འོངས།།
ཡིག་ཚོགས་བག་མེད་སྤུངས་པའི་རི་བོ་བརྒལ།།
བདེན་ལུགས་ཐང་མར་བརྡལ་བའི་ས་ཆེན་བརྒལ།།
འདི་ནས་ཁོད་ཡངས་ནམ་མཁའ་མི་འཚོལ་ལ།།

མེ་ཏོག་ཁྲ་ཚོམ་དག་ལའང་རེ་བ་མེད།།
མེ་ཏོག་སྟེང་གི་སྦྲང་མ་ཁྲ་བོ་དང་།།
སྦྲང་མའི་གཤོག་སྒྲ་ལྟ་བུའི་གུས་ལུགས་ལ།།
ཞེན་ཆགས་མེད་པར་གཏད་སོ་བོར་ཏེ་འགྲོ།།

གོས་དང་ཤུན་པ་བརྗེས་པའི་ཕ་རོལ་དུ།།
ཤ་དང་རུས་པ་ཟད་པའི་ནང་རོལ་ན།།
མཚོ་ལ་གཟའ་སྐར་ཤར་བའི་ངང་ཚུལ་གྱིས།།
ལྷོད་པོར་བལྟས་ཚེ་ཁྱེད་ཞལ་གཙང་མ་མཇལ།།
 

 རྩོམ་སྒྲིག་པ། གངས་དགའ།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།