མཛའ་བོའི་སྙིང་པོ་ཟླ་བའི་མིག་ཅན།

སྦ་བཟའ་རང་དབང་འཚོ།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-03-24

མཚན་གྱི་ཡིག་འབྲི་རྣ་བར་ཐོས་པས་ཀྱང་།།
ཡིད་ཀྱི་དུང་བ་འདྲེན་བྱེད་བདུད་རྩིའི་བཅུད།།
མིག་ཟུང་ལྷན་ནེར་སྙིང་ལ་ལྷུང་བས་ཀྱང་།།
སེམས་ཀྱི་དགའ་བ་སྐྱེད་པའི་བརྩེ་བའི་བདག།

ཆོས་ཀྱི་སྦྲང་ཆར་མཁའ་ནས་འབབ་པས་ཀྱང་།།
དབྱངས་ཀྱི་སྙན་དབང་གསོ་བའི་སྲོག་གི་རྟེན།།
རང་སྣང་དམ་བཅའི་སྙན་ངག་བརྗིད་པས་ཀྱང་།།
གྲོལ་བར་མ་གྱུར་མཛའ་པོའི་སྙིང་བོ་ཁྱོད།།

ལས་ཀྱི་ལམ་ཐག་རིང་དུ་བསྲིངས་བས་ཀྱང་།།
བྲལ་བའི་སྣང་བ་གདུང་བའི་གཟིར་གྱིས་མནན།།
དུང་སེམས་རྫ་ཆུ་ལྷུང་ལྷུང་བཞུར་བས་ཀྱང་།།
བསྐལ་པའི་གྲོགས་སུ་བཀུག་སོང་ཟླ་བའི་མིག།

དྲན་པའི་གངས་རི་སྲིད་པའི་རྩེ་ན་མཐོ།།
ཆུ་འཛིན་མཆི་མ་རྒྱ་མཚོའི་གཏིང་ལ་འཐོར།།
ས་ཆེན་མཁའ་ལ་འཕགས་པའི་ཉི་ཟླ་བཞིན།།
བདག་ཡིད་ནམ་མཁའི་དབྱིངས་སུ་ལྷང་ལྷང་དྲན།།

མ་བཅོས་དུང་བ་གཡུང་དྲུང་ཁ་བརྒྱན་མ།།
འོ་མའི་མཚོ་ལ་པད་མོ་བཞིན་དུ་དཀར།།
སྦྲང་རྩིའི་རྒྱལ་མཚན་འཛིན་པའི་ཉིང་བཅུད་ལ།།
གསང་བའི་དབུ་འཁྱུད་བྲིས་ཡོད་འདང་ལྡན་ཁྱོད།།

བརྩེ་བའི་དགའ་མ་ང་ཡི་ནོར་བུ་ཁྱོད།།
དྭངས་བའི་མཚོ་ལས་བྱུང་བའིི་རིན་ཆེན་ནོར།།
བདག་ཡིད་སྙིང་དབུས་བསམ་གཏན་གུར་ཁང་ན།།
ཏིང་འཛིན་འོད་སྟོང་ལྷན་དུ་བརྩེ་བས་ཁེངས།།

ཁྱེད་ནི་ང་ཡི་མིག་ཆུ་དྭངས་མོ་ཡིན།།
ཐོག་མའི་བརྩེ་དུང་འཕྲོག་པའི་རྐུན་པོ་ཡིན།།
སྙན་ངག་བྱེ་བ་སྟོང་གི་རྣམ་ཤེས་ཡིན།།
རྨི་ལམ་ཁྲི་མ་འབུམ་གྱི་གཏམ་སྒྲུང་ཡིན།།

ད་ནི་གྱེས་ཀྱང་བྲལ་བའི་དཀྱོགས་མཚམས་ཤིག།
ང་ཡང་ང་ཡི་ལམ་ལ་ཞུགས་ནས་འགྲོ།།
ཧ་ཅང་འཕྲད་པའི་བསྐལ་པ་ཕྲ་བས་ཀྱང་།།
དགའ་བའི་ས་བོན་ཁྱེད་ཀྱི་སྙིང་ལ་བཏབ།།

སེམས་དང་སེམས་པ་ལྷན་དུ་འདྲེས་པས་ཀྱང་།།
ཤ་རུས་ཁྲག་གི་ཉོས་པའི་སྙིང་གྲོགས་ལ།།
ཞེ་འདང་ཚིག་གི་ཕྲེང་བའི་ཡིག་ཆུང་འདི།།
དུང་སེམས་ཞལ་ཁ་གྲོལ་བའི་རྟེན་དུ་མཆོད།།

གསང་གཏམ་ད་དུང་རླབས་དཀར་མཁའ་ལ་འཕྱོ།།
ཨེ་མ་བརྩེ་བའི་སྙིང་བོ་ལན་གཅིག་གསོན།།
བདག་དང་འགྲོགས་འདོད་བདག་གི་མི་ཚེ་ལ།།
སེམས་དང་བསམ་པའི་ཕྱི་ཐག་རིང་བར་ཞུ།།

ཕྱིས་ཀྱང་ང་ཡིས་ཁྱེད་རང་མཐོང་དཀའ་ལ།།
ཁྱོད་ཀྱིས་ང་ཡང་དེ་ལས་མཐོང་དཀའ་བས།།
ཞེན་ཆགས་རབ་ཏུ་ལྕི་བའི་བདག་ཡིད་ལ།།
ཤིན་ཏུ་འཁྱག་པའི་འཇིག་རྟེན་སྣང་བར་ཚེས།།

སྐྱེ་མཆོག་ལྷ་ལས་སྐྱེས་པའི་ལྷ་སྲས་སམ།།
དབང་བསྒྱུར་མི་དབང་རྗེ་ཡི་རྒྱལ་སྲས་ཤིག།
ཀླུ་རྒྱལ་གཙུག་ནའི་ཀླུ་སྲས་བྱོན་ལེགས་ཀྱང་།།
སྐྱེ་འདིར་བདག་གིས་ཁྱེད་རང་བདམས་པ་ལགས།།

སེམས་གཏམ་དཔལ་བེའུ་རི་མོ་ད་དུང་ཡག།
བྲིས་ཀྱང་མི་ཚར་གསང་བའི་སྐ་རགས་འཆིང་།།
སླད་མར་སླར་ཡང་མཇལ་བའི་སྨོན་ལམ་ལ།།
རྗེ་བཙུན་སྒྲོལ་མའི་ཐུགས་ཀར་ཁྱེད་རང་བཅོལ།།
                    2020/3/23ཉིན་གྱེས་བྲལ་གྱི་ཁ་དན་དུ།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛའ་བོའི་སྙིང་པོ་ཟླ་བའི་མིག་ཅན།

2020-03-24 སྦ་བཟའ་རང་དབང་འཚོ།(མགོ་ལོག) ཀློག་གྲངས། མཆན ཡོད།

མཚན་གྱི་ཡིག་འབྲི་རྣ་བར་ཐོས་པས་ཀྱང་།།
ཡིད་ཀྱི་དུང་བ་འདྲེན་བྱེད་བདུད་རྩིའི་བཅུད།།
མིག་ཟུང་ལྷན་ནེར་སྙིང་ལ་ལྷུང་བས་ཀྱང་།།
སེམས་ཀྱི་དགའ་བ་སྐྱེད་པའི་བརྩེ་བའི་བདག།

ཆོས་ཀྱི་སྦྲང་ཆར་མཁའ་ནས་འབབ་པས་ཀྱང་།།
དབྱངས་ཀྱི་སྙན་དབང་གསོ་བའི་སྲོག་གི་རྟེན།།
རང་སྣང་དམ་བཅའི་སྙན་ངག་བརྗིད་པས་ཀྱང་།།
གྲོལ་བར་མ་གྱུར་མཛའ་པོའི་སྙིང་བོ་ཁྱོད།།

ལས་ཀྱི་ལམ་ཐག་རིང་དུ་བསྲིངས་བས་ཀྱང་།།
བྲལ་བའི་སྣང་བ་གདུང་བའི་གཟིར་གྱིས་མནན།།
དུང་སེམས་རྫ་ཆུ་ལྷུང་ལྷུང་བཞུར་བས་ཀྱང་།།
བསྐལ་པའི་གྲོགས་སུ་བཀུག་སོང་ཟླ་བའི་མིག།

དྲན་པའི་གངས་རི་སྲིད་པའི་རྩེ་ན་མཐོ།།
ཆུ་འཛིན་མཆི་མ་རྒྱ་མཚོའི་གཏིང་ལ་འཐོར།།
ས་ཆེན་མཁའ་ལ་འཕགས་པའི་ཉི་ཟླ་བཞིན།།
བདག་ཡིད་ནམ་མཁའི་དབྱིངས་སུ་ལྷང་ལྷང་དྲན།།

མ་བཅོས་དུང་བ་གཡུང་དྲུང་ཁ་བརྒྱན་མ།།
འོ་མའི་མཚོ་ལ་པད་མོ་བཞིན་དུ་དཀར།།
སྦྲང་རྩིའི་རྒྱལ་མཚན་འཛིན་པའི་ཉིང་བཅུད་ལ།།
གསང་བའི་དབུ་འཁྱུད་བྲིས་ཡོད་འདང་ལྡན་ཁྱོད།།

བརྩེ་བའི་དགའ་མ་ང་ཡི་ནོར་བུ་ཁྱོད།།
དྭངས་བའི་མཚོ་ལས་བྱུང་བའིི་རིན་ཆེན་ནོར།།
བདག་ཡིད་སྙིང་དབུས་བསམ་གཏན་གུར་ཁང་ན།།
ཏིང་འཛིན་འོད་སྟོང་ལྷན་དུ་བརྩེ་བས་ཁེངས།།

ཁྱེད་ནི་ང་ཡི་མིག་ཆུ་དྭངས་མོ་ཡིན།།
ཐོག་མའི་བརྩེ་དུང་འཕྲོག་པའི་རྐུན་པོ་ཡིན།།
སྙན་ངག་བྱེ་བ་སྟོང་གི་རྣམ་ཤེས་ཡིན།།
རྨི་ལམ་ཁྲི་མ་འབུམ་གྱི་གཏམ་སྒྲུང་ཡིན།།

ད་ནི་གྱེས་ཀྱང་བྲལ་བའི་དཀྱོགས་མཚམས་ཤིག།
ང་ཡང་ང་ཡི་ལམ་ལ་ཞུགས་ནས་འགྲོ།།
ཧ་ཅང་འཕྲད་པའི་བསྐལ་པ་ཕྲ་བས་ཀྱང་།།
དགའ་བའི་ས་བོན་ཁྱེད་ཀྱི་སྙིང་ལ་བཏབ།།

སེམས་དང་སེམས་པ་ལྷན་དུ་འདྲེས་པས་ཀྱང་།།
ཤ་རུས་ཁྲག་གི་ཉོས་པའི་སྙིང་གྲོགས་ལ།།
ཞེ་འདང་ཚིག་གི་ཕྲེང་བའི་ཡིག་ཆུང་འདི།།
དུང་སེམས་ཞལ་ཁ་གྲོལ་བའི་རྟེན་དུ་མཆོད།།

གསང་གཏམ་ད་དུང་རླབས་དཀར་མཁའ་ལ་འཕྱོ།།
ཨེ་མ་བརྩེ་བའི་སྙིང་བོ་ལན་གཅིག་གསོན།།
བདག་དང་འགྲོགས་འདོད་བདག་གི་མི་ཚེ་ལ།།
སེམས་དང་བསམ་པའི་ཕྱི་ཐག་རིང་བར་ཞུ།།

ཕྱིས་ཀྱང་ང་ཡིས་ཁྱེད་རང་མཐོང་དཀའ་ལ།།
ཁྱོད་ཀྱིས་ང་ཡང་དེ་ལས་མཐོང་དཀའ་བས།།
ཞེན་ཆགས་རབ་ཏུ་ལྕི་བའི་བདག་ཡིད་ལ།།
ཤིན་ཏུ་འཁྱག་པའི་འཇིག་རྟེན་སྣང་བར་ཚེས།།

སྐྱེ་མཆོག་ལྷ་ལས་སྐྱེས་པའི་ལྷ་སྲས་སམ།།
དབང་བསྒྱུར་མི་དབང་རྗེ་ཡི་རྒྱལ་སྲས་ཤིག།
ཀླུ་རྒྱལ་གཙུག་ནའི་ཀླུ་སྲས་བྱོན་ལེགས་ཀྱང་།།
སྐྱེ་འདིར་བདག་གིས་ཁྱེད་རང་བདམས་པ་ལགས།།

སེམས་གཏམ་དཔལ་བེའུ་རི་མོ་ད་དུང་ཡག།
བྲིས་ཀྱང་མི་ཚར་གསང་བའི་སྐ་རགས་འཆིང་།།
སླད་མར་སླར་ཡང་མཇལ་བའི་སྨོན་ལམ་ལ།།
རྗེ་བཙུན་སྒྲོལ་མའི་ཐུགས་ཀར་ཁྱེད་རང་བཅོལ།།
                    2020/3/23ཉིན་གྱེས་བྲལ་གྱི་ཁ་དན་དུ།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།