ཏིང་འཛིན་ལ་སྦྱར་བའི་ལྷ་མོ།

སོག་སྨྱུག(མཚོ་ལྷོ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-09-12

ནགས་ཀྱི་རི་དྭགས་ཀུན་ནས་སྒྲོག་པར་བྱེད། །
ཚིག་གི་གླིང་བུ་རྒྱང་ནས་འབུད་པར་བྱེད། །
མཆོད་པའི་ལྷ་མོའི་ཚོགས་སུ་ཞུཊ་པར་བྱེད། །
ཡིད་ཀྱི་ངོགས་སུ་ཟླ་བོ་གསལ་ཞིང་གསལ། །
རིག་བྱེད་ངག་གི་མཆོད་པ་ཁྱོད་ལ་འབུལ། །
དུང་ཞེན་གསེར་གྱི་ཞགས་པ་ཁྱོད་ལ་སྐོན། །
བརྩེ་བའི་མ་མ་མཚུངས་ལ་གཅེས་འོས་མ། །
སྐྱ་རེངས་བུ་མོ་ལྟ་བུའི་མཛེས་པའི་དཔལ། །

གནམ་མཁའི་ལྷ་མོ་ལྟ་བུའི་ཚེ་རིང་མཚན། །
སྲིད་པའི་སྲོག་གི་དབུགས་རྒྱུན་ཁྱོད་ལ་ཡོད། །
རིང་ནས་བརྩེ་བའི་མཚོ་མོ་ཁྱོད་ལ་མངའ། །
འགུག་པའི་བླ་ཚེ་སྲོག་གསུམ་ཁྱོད་ལས་སུ། །
སྒེག་པའི་ཉམས་ཀྱིས་ཁོ་བོ་བླ་འགུགས་བྱས། །
ཟུར་མིག་གཞོན་ཤ་ཅན་གྱི་ལྟ་ཕྱོགས་ལས། །
སྣང་བའི་རི་མོ་མཛེས་པའི་འཇའ་ཚོན་བརྒྱ། །
དབྱངས་ཀྱི་སྐར་ཚོམ་བཀྲ་བའི་ན་ཆུང་མ། །

འདབ་མ་སྟོང་ལྡན་འདྲ་བའི་པད་སྡོང་ལས། །
མི་ཚེའི་སྟོད་སྨད་བར་གསུམ་འདི་ལྟར་འཁྱིལ། །
དྲན་པ་ལུང་གསུམ་རི་བོ་སྨུག་པས་གཡོགས། །
ལས་འཕྲོའི་ཚེ་བཟང་ཤར་བའི་རེ་བཞག་ལ། །
སྤྱན་གྱིས་གཟིགས་ཕྱོགས་ཨེ་འགྲིག་ཚེ་རིང་མ།།
རེ་བའི་རེ་བ་བཞག་ནས་མཁའ་མཐར་བཞུད། །
ཚང་ཚིང་གཡུ་ལོ་བསམ་ནས་འཁྲིས་སུ་བཅར། །
ཏིང་འཛིན་ཡིད་ཀྱི་རབ་རྟོག་འཚུབ་པར་བྱས། །

དབྱངས་ཀྱི་རྟོག་ཚོགས་དག་ཀྱང་བསྐྱེད་པ་ལ། །
མདོར་ན་དགའ་བའི་སྒོ་མོ་རྡུང་བར་བྱེད། །
ལུས་ཀྱི་སྒྱུ་འཕྲུལ་བཀོད་པ་རབ་རྫོགས་བྱེད། །
སྐྱེ་འཆིའི་ཞགས་པ་བཅད་པའི་འཆི་མེད་མ། །
ཚེ་གཅིག་མི་ཚེ་རྫོགས་པའི་གླིང་ཕྲན་འདིར། །
ལས་དབང་དམར་ནག་ཡིན་ན་ལྗང་གུ་ཡིན། །
གང་ལྟར་དགའ་བ་འདི་ནི་འགོག་མེད་རེད། །
དེ་ལྟར་དུང་བའི་ཡིག་ཆུང་རྫོགས་མེད་རེད། །

ཞི་བའི་གཟུགས་ཀྱི་མེ་ཏོག་རབ་མཛེས་མ། །
འཇམ་པོ་ངག་གིས་བསུ་བར་ཀུན་ཏུ་དགའ། །
སྟོང་པའི་དབྱངས་ཀྱི་མུ་ཏིག་དཀར་པོ་འདི། །
སྒྱུ་མའི་འོད་ཟེར་ཞུ་བའི་རྟགས་མཚན་མིན། །
གང་ཞིག་ཁྱེད་ཞལ་འཛུམ་པའི་དགའ་སྟོན་ལ། །
ཡིད་འོང་མེ་ཏོག་དཀར་དམར་ཆར་དུ་སྙིལ། །
སེམས་སུ་ཟགས་པའི་དྲི་ཞིམ་ལྡིང་ལྡིང་ནས། །
ཁོ་བོ་བཟི་ཞིང་འཁོར་བས་གདུང་བར་བྱེད། །

           ༢༠༢༠/༧/༢༤/ཉིན་མཚོ་བྱང་ནས་བྲིས།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཏིང་འཛིན་ལ་སྦྱར་བའི་ལྷ་མོ།

2020-09-12 སོག་སྨྱུག(མཚོ་ལྷོ) ཀློག་གྲངས། མཆན ཡོད།

ནགས་ཀྱི་རི་དྭགས་ཀུན་ནས་སྒྲོག་པར་བྱེད། །
ཚིག་གི་གླིང་བུ་རྒྱང་ནས་འབུད་པར་བྱེད། །
མཆོད་པའི་ལྷ་མོའི་ཚོགས་སུ་ཞུཊ་པར་བྱེད། །
ཡིད་ཀྱི་ངོགས་སུ་ཟླ་བོ་གསལ་ཞིང་གསལ། །
རིག་བྱེད་ངག་གི་མཆོད་པ་ཁྱོད་ལ་འབུལ། །
དུང་ཞེན་གསེར་གྱི་ཞགས་པ་ཁྱོད་ལ་སྐོན། །
བརྩེ་བའི་མ་མ་མཚུངས་ལ་གཅེས་འོས་མ། །
སྐྱ་རེངས་བུ་མོ་ལྟ་བུའི་མཛེས་པའི་དཔལ། །

གནམ་མཁའི་ལྷ་མོ་ལྟ་བུའི་ཚེ་རིང་མཚན། །
སྲིད་པའི་སྲོག་གི་དབུགས་རྒྱུན་ཁྱོད་ལ་ཡོད། །
རིང་ནས་བརྩེ་བའི་མཚོ་མོ་ཁྱོད་ལ་མངའ། །
འགུག་པའི་བླ་ཚེ་སྲོག་གསུམ་ཁྱོད་ལས་སུ། །
སྒེག་པའི་ཉམས་ཀྱིས་ཁོ་བོ་བླ་འགུགས་བྱས། །
ཟུར་མིག་གཞོན་ཤ་ཅན་གྱི་ལྟ་ཕྱོགས་ལས། །
སྣང་བའི་རི་མོ་མཛེས་པའི་འཇའ་ཚོན་བརྒྱ། །
དབྱངས་ཀྱི་སྐར་ཚོམ་བཀྲ་བའི་ན་ཆུང་མ། །

འདབ་མ་སྟོང་ལྡན་འདྲ་བའི་པད་སྡོང་ལས། །
མི་ཚེའི་སྟོད་སྨད་བར་གསུམ་འདི་ལྟར་འཁྱིལ། །
དྲན་པ་ལུང་གསུམ་རི་བོ་སྨུག་པས་གཡོགས། །
ལས་འཕྲོའི་ཚེ་བཟང་ཤར་བའི་རེ་བཞག་ལ། །
སྤྱན་གྱིས་གཟིགས་ཕྱོགས་ཨེ་འགྲིག་ཚེ་རིང་མ།།
རེ་བའི་རེ་བ་བཞག་ནས་མཁའ་མཐར་བཞུད། །
ཚང་ཚིང་གཡུ་ལོ་བསམ་ནས་འཁྲིས་སུ་བཅར། །
ཏིང་འཛིན་ཡིད་ཀྱི་རབ་རྟོག་འཚུབ་པར་བྱས། །

དབྱངས་ཀྱི་རྟོག་ཚོགས་དག་ཀྱང་བསྐྱེད་པ་ལ། །
མདོར་ན་དགའ་བའི་སྒོ་མོ་རྡུང་བར་བྱེད། །
ལུས་ཀྱི་སྒྱུ་འཕྲུལ་བཀོད་པ་རབ་རྫོགས་བྱེད། །
སྐྱེ་འཆིའི་ཞགས་པ་བཅད་པའི་འཆི་མེད་མ། །
ཚེ་གཅིག་མི་ཚེ་རྫོགས་པའི་གླིང་ཕྲན་འདིར། །
ལས་དབང་དམར་ནག་ཡིན་ན་ལྗང་གུ་ཡིན། །
གང་ལྟར་དགའ་བ་འདི་ནི་འགོག་མེད་རེད། །
དེ་ལྟར་དུང་བའི་ཡིག་ཆུང་རྫོགས་མེད་རེད། །

ཞི་བའི་གཟུགས་ཀྱི་མེ་ཏོག་རབ་མཛེས་མ། །
འཇམ་པོ་ངག་གིས་བསུ་བར་ཀུན་ཏུ་དགའ། །
སྟོང་པའི་དབྱངས་ཀྱི་མུ་ཏིག་དཀར་པོ་འདི། །
སྒྱུ་མའི་འོད་ཟེར་ཞུ་བའི་རྟགས་མཚན་མིན། །
གང་ཞིག་ཁྱེད་ཞལ་འཛུམ་པའི་དགའ་སྟོན་ལ། །
ཡིད་འོང་མེ་ཏོག་དཀར་དམར་ཆར་དུ་སྙིལ། །
སེམས་སུ་ཟགས་པའི་དྲི་ཞིམ་ལྡིང་ལྡིང་ནས། །
ཁོ་བོ་བཟི་ཞིང་འཁོར་བས་གདུང་བར་བྱེད། །

           ༢༠༢༠/༧/༢༤/ཉིན་མཚོ་བྱང་ནས་བྲིས།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།