གཟུགས་འགྱུར་གྱི་དབྱངས།(ཞར་བཀོད་གཅིག་ཡོད)

ཁམས་པ་རབ་དབྱངས།(རྫ་སྟོད) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-11-23
ཚིག་རྒྱན་སིལ་མའི་སྒྲ་དབྱངས་ལ། །
སྙན་ཚིག་མེ་ཏོག་ཕྲེང་བ་བཀྲ། །
ལྗོན་པ་གཡོ་བའི་ལོ་འདབ་ལ། །
ཁྱེད་ཀྱི་དྲི་བསུང་ངད་པ་འཐུལ། །
མཛེས་སྡུག་ཤེལ་གྱི་ལྷུན་པོ་ལ། །
ཀུན་ཏུ་དགའ་བའི་དཔལ་ལ་དགྱེས། །
ངག་རིག་འཇོ་བའི་ཚངས་སྤྱོད་མ། །
འཆི་མེད་ལམ་གྱི་མེ་ཏོག་བཞིན། །
དམིགས་མེད་བརྩེ་བའི་ལྷ་མོ་ཁྱེད། །
བྱིན་རླབས་འོད་ཀྱི་སྤྲིན་རྣམས་འཕྲོ། །
གཅིག་ཏུ་བསྡུས་པའི་གསང་གསུམ་དག།
ཚུལ་བཞིན་བྱོན་པའི་ལྷ་མོ་མཆོག །
ལང་ཚོ་མཛེས་པའི་གཞོན་ནུ་མ། །
མཆོག་ལྡན་འཕགས་མ་ལྷ་ཡི་ཟླ། །
བརྩེ་ཆེན་བྱམས་པའི་རང་ཞལ་ལ། །
རིག་བྱེད་ངག་གི་དབྱངས་རྟ་གྲོལ། །
སྣ་ཚོགས་འདུ་འཛི་གླིང་བུ་ལ། །
ཤིས་ཚིག་ཁྱེར་བའི་མཆོག་ལྡན་མ། །
གཉུག་མའི་སེམས་ཉིད་བླང་གྱུར་ན། །
ཤིན་ཏུ་དགའ་བའི་དཔལ་ལ་དགྱེས། །
རབ་མཛེས་ལྷོ་ཡི་སྤྲིན་དཀར་འདི། །
མཛེས་འཛུམ་ལང་ཚོ་ཡིད་ལ་འཁྱུད། །
རྩོམ་པའི་ལེགས་བཤད་སྙན་མོའི་འདི། །
ཚིག་གི་མེ་ཏོག་ཕུང་པོ་ཡིན། །
ཚིག་གཏེར་ངག་གི་རླབས་མཚོ་ལ། །
ཚིག་གི་འདུ་བྱེད་ཞི་བར་འཕྲོས། །
རྗེས་ཆགས་བརྩེ་བའི་ལྷ་མོ་ཉིད། །
མགྲིན་པ་དབྱངས་ལ་སོམ་པ་ན། །
ཟབ་དོན་དབྱངས་ལ་ཉེར་བར་དྲངས། །
ཡིད་འགྱུ་སྣང་བའི་སྤྲིན་འཕྲོ་ལ། །
ཀུན་ཡིད་ཚིམས་པའི་རིག་བྱེད་འདི། །
དཀྲོལ་བའི་བྱེད་པོ་ཁྱེད་ཉིད་ཙམ། །
ཀུན་རྨོངས་དཀྲོཊ་པའི་བརྡ་མཚོན་དུ། །
དེ་བཞིན་ཉིད་ཀྱི་གླུ་དབྱངས་ལ། །
མ་འགག་དབྱངས་ཀྱི་བརྡ་ཐབས་ཤར། །

ཚོར་འདུ་སྣང་བ་དུབ་པའི་ཚེ། །
གཟུགས་འགྱུར་རི་མོ་ལྷོད་ཀྱིས་འོང་། །
དབྱངས་ཀྱི་རྒྱུ་སྐུད་སྣུན་པའི་ཚེ། །
ཚིག་གི་དྲ་བ་འདི་དག་གིས། །
ང་ཡི་མིག་ཟུང་མདངས་ཀྱི་ཁྲིད། །
ལམ་འགྲམ་ངོས་ཀྱི་ལྗོན་པ་དག །
འདབ་ལོ་སེེར་ཁ་དོད་པའི་ཚེ། །
ཟིལ་བ་གྱོན་པའི་མེ་ཏོག་དག །
འཆི་བའི་རང་རྣམ་གསལ་བའི་ཚེ། །
འདུ་འབྲལ་ལས་ཀྱི་བཀོད་པ་དྲན། །
བརྩེ་བའི་ཉི་ཟེར་མ་ནུབ་ཅིང་། །
འཛུམ་པའི་པད་མ་མ་ཟུམ་པར། །
རྣམ་རྟོག་དྲ་བའི་ཕ་རོལ་ལ། །
མི་གཡོ་ཐུགས་ཀྱི་དབྱངས་དག་ལ། །
འཁོར་འདས་དཀྲོལ་བའི་རོལ་མོ་ལ། །
སྒྱུ་འཕྲུལ་མ་ཡི་རང་རྣམ་གསལ། །
རླུང་ལ་ཞོན་པའི་མགུར་ཐུང་ལ། །
རྩེད་འཇོ་འཕྲུལ་བའི་བརྡ་ཐབས་ཤར། །
ཆོད་ཉིད་གསལ་བའི་མེ་ལོང་ལ། །
རབ་བཏགས་ཚིག་གི་རི་མོ་བྲིས། །
ཀུན་རྟོག་འགྱུ་བའི་རང་སྣང་ལ། །
གསལ་ཞིང་དྭངས་བའི་ཟླ་བའི་ངོགས། །
ང་ཡི་སྙིང་གི་པད་ཚལ་དུ། །
སེམས་ཀྱི་བྱ་བྱིལ་གཡོ་བར་བྱེད། །
སེམས་ཉིད་རོལ་བའི་ལྷ་མོ་ཉིད། །
གཟུགས་འགྱུར་དབྱངས་ལ་སྤྲུལ་པ་ན། །
ཁྱེད་ནི་བདག་གི་སེམས་ངོ་ལ། །
སྒྱུ་འཕྲུལ་སྣང་བ་ལྡོག་ཐུབ་མེད། །
སྣ་ཚོགས་ཚིག་གི་གུར་ཁང་འདི། །
དྲན་ཚོར་སྣང་བ་གཉོམ་པོ་ཡིན། །
དབྱངས་ཀྱི་རྩ་མདུད་གྲོལ་བ་ན། །
ཚིག་རྒྱན་ལྷ་མོ་ལྷེང་ངེ་གསལ། །
བདག་ནི་ཁྱེད་ཀྱི་མགྲིན་པ་ལ། །
ལས་ཀྱི་སྐལ་བ་རིང་དུ་ཤོར། །
ང་ཡི་སེམས་ཚོར་རྒྱུ་བ་འདི། །
སྐྱོ་གར་ཚིག་གི་ན་བུན་ཡིན། །
རིག་བྱེད་སྦྲང་ཆར་སིལ་མ་འདི། །
ཁྱེད་ཀྱི་ཚོར་འདུ་གཡོ་ཚུལ་ཡིན། །
ཡིད་ཀྱི་འགྱུ་བ་རེ་རེ་ལ། །
འཕྲོ་འདུ་སྤྲིན་གྱི་འདུ་ལུང་འཁྲིགས།  །
སེམས་ཚོར་རི་མོ་རབ་བཏགས་རེ། །
སྣང་བའི་རྡུལ་ལ་རྩོམ་པའི་ཚེ། །
སྡུག་པའི་མཆི་མ་ཡང་དུ་ཤོར། །
འདི་ནི་ཚིག་གི་ཆོ་འཕྲུལ་མིན། །
སྣང་བའི་ངོས་ཀྱིས་འཇའ་འོད་མིན། །
གདུང་བའི་ཉི་མ་རུབ་ཚོད་ལ། །
བསིལ་བའི་རླུང་བུ་ལྡིང་ཙམ་གྱིས། །
བརྩེ་བའི་མེ་ཏོག་མགུལ་དུ་འཕྱང་། །
སྨྲེང་བའི་མི་དེ་ཡུན་རིང་ངུས། །
བརྩེ་གཞས་འགྲམ་གྱི་ཐོལ་གླུ་འདི། །
མིག་མཐར་འཁོར་བའི་མི་དེ་ལ། །
ཉི་འོད་བསྒྲིབ་པའི་སྔ་གཞུག་ཏུ། །
ཚིག་གི་མེ་ཏོག་ཡུན་རིང་ཕུལ། །
       2020·11·1ཉིན་མོར་བརྩམས།
ཟག་མེད་ཀྱི་གླུ།

མགུར་མའི་རྩ་མདུད་གྲོལ་བ་ན། །
ལས་ཀྱི་ཉོན་མོངས་ཞི་བ་དང་། །
སེམས་ཉིད་ངལ་བ་སད་གྱུར་ན། །
བརྩེ་བའི་སོར་ཕྲེང་འཛུམ་པ་ནས། །
འདིར་སྣང་ཚོར་བའི་འགྱུ་བ་ལ། །
ཀུན་རྟོག་ཚོར་ཤེས་དལ་གྱིས་ལྡང་། །

ཟག་མེད་གླུ་ཡི་དགའ་སྟོན་ལ། །
མཆོག་ལྡན་ལྷ་མོ་ཞི་བར་མཇལ། །
དབྱངས་ཀྱི་ཟེགས་མ་འཐོར་བ་ན། །
སྤྲོས་འཛིན་སྣང་བ་ཇེ་ཟབ་རེད། །
ཚེ་རབས་ལས་ཀྱི་ནགས་ཚལ་ཏུ། །
རིག་བྱེད་སིལ་མའི་བཙན་ས་ཟིན། །

ལས་ཀྱི་མེ་ཏོག་འཐོར་ཚུལ་ལ། །
རྟེན་འབྲེལ་ལས་ཀྱི་རི་མོ་བྲིས། །
རིག་བྱེད་ངག་གི་ཟླ་ཤེལ་ལ། །
གླུ་ཡི་སིལ་མའི་ཕྲེང་བ་གཏོར། །
རྗེས་ཆགས་བརྩེ་བ་མ་བཅོས་པ། །
སྤྱན་གཉིས་རྣམ་པར་ཚེས་པ་ལ། །
དབུ་རྒྱན་མེ་ཏོག་ཕྱང་འཕྲུལ་ལ། །
རྣམ་རྟོག་ཚིག་གི་དྲྭ་བ་ཕྱེས། །

ཟླ་བའི་མཚོ་མོ་བསྲུབས་པ་ལ། །
མཆོག་དགའི་རང་བཞིན་ཅན་ལྡན་མ། །
རིག་བྱེད་མགྲིན་དབྱངས་སུ་ལ་གཏོར། །
ངག་གི་འདེགས་འཇོག་སུ་ལ་འཁྲོལ། །
རབ་བྱེད་བཏགས་པའི་སྣང་བ་ལ། །
འདུ་འབྲལ་སྒྱུ་མའི་སེམས་ཉིད་འདི། །
སྤྲོས་འཛིན་སྣང་བ་སུ་ལ་ལྡོག །

སྙན་ཚིག་སིལ་མའི་དོ་ཤལ་ལ། །
ལས་ཀྱི་སྨུག་པ་གང་སར་འཁྲིགས། །
ཀུན་རྫོབ་སྣང་བའི་སྒྱུ་འཕྲུལ་ལ། །
ཀུན་རྟོག་ཚིག་གི་ཟུག་ངུ་ལ། །
བརྩེ་བའི་མེ་ལོང་མ་འཆང་བའི། །
བྱོན་པའི་ལྷ་མོ་གར་མཁན་མ། །
སྒེག་ལྡེམ་ལུས་ཀྱི་འཁྲི་ཤིང་ལ། །
སྤྱན་རིས་ཁྲ་ཆིལ་ལྷིང་ངེ་གསལ། །
       2020·11·3ཉིན་མོར་བརྩམས།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གཟུགས་འགྱུར་གྱི་དབྱངས།(ཞར་བཀོད་གཅིག་ཡོད)

2020-11-23 ཁམས་པ་རབ་དབྱངས།(རྫ་སྟོད) ཀློག་གྲངས། མཆན ཡོད།
ཚིག་རྒྱན་སིལ་མའི་སྒྲ་དབྱངས་ལ། །
སྙན་ཚིག་མེ་ཏོག་ཕྲེང་བ་བཀྲ། །
ལྗོན་པ་གཡོ་བའི་ལོ་འདབ་ལ། །
ཁྱེད་ཀྱི་དྲི་བསུང་ངད་པ་འཐུལ། །
མཛེས་སྡུག་ཤེལ་གྱི་ལྷུན་པོ་ལ། །
ཀུན་ཏུ་དགའ་བའི་དཔལ་ལ་དགྱེས། །
ངག་རིག་འཇོ་བའི་ཚངས་སྤྱོད་མ། །
འཆི་མེད་ལམ་གྱི་མེ་ཏོག་བཞིན། །
དམིགས་མེད་བརྩེ་བའི་ལྷ་མོ་ཁྱེད། །
བྱིན་རླབས་འོད་ཀྱི་སྤྲིན་རྣམས་འཕྲོ། །
གཅིག་ཏུ་བསྡུས་པའི་གསང་གསུམ་དག།
ཚུལ་བཞིན་བྱོན་པའི་ལྷ་མོ་མཆོག །
ལང་ཚོ་མཛེས་པའི་གཞོན་ནུ་མ། །
མཆོག་ལྡན་འཕགས་མ་ལྷ་ཡི་ཟླ། །
བརྩེ་ཆེན་བྱམས་པའི་རང་ཞལ་ལ། །
རིག་བྱེད་ངག་གི་དབྱངས་རྟ་གྲོལ། །
སྣ་ཚོགས་འདུ་འཛི་གླིང་བུ་ལ། །
ཤིས་ཚིག་ཁྱེར་བའི་མཆོག་ལྡན་མ། །
གཉུག་མའི་སེམས་ཉིད་བླང་གྱུར་ན། །
ཤིན་ཏུ་དགའ་བའི་དཔལ་ལ་དགྱེས། །
རབ་མཛེས་ལྷོ་ཡི་སྤྲིན་དཀར་འདི། །
མཛེས་འཛུམ་ལང་ཚོ་ཡིད་ལ་འཁྱུད། །
རྩོམ་པའི་ལེགས་བཤད་སྙན་མོའི་འདི། །
ཚིག་གི་མེ་ཏོག་ཕུང་པོ་ཡིན། །
ཚིག་གཏེར་ངག་གི་རླབས་མཚོ་ལ། །
ཚིག་གི་འདུ་བྱེད་ཞི་བར་འཕྲོས། །
རྗེས་ཆགས་བརྩེ་བའི་ལྷ་མོ་ཉིད། །
མགྲིན་པ་དབྱངས་ལ་སོམ་པ་ན། །
ཟབ་དོན་དབྱངས་ལ་ཉེར་བར་དྲངས། །
ཡིད་འགྱུ་སྣང་བའི་སྤྲིན་འཕྲོ་ལ། །
ཀུན་ཡིད་ཚིམས་པའི་རིག་བྱེད་འདི། །
དཀྲོལ་བའི་བྱེད་པོ་ཁྱེད་ཉིད་ཙམ། །
ཀུན་རྨོངས་དཀྲོཊ་པའི་བརྡ་མཚོན་དུ། །
དེ་བཞིན་ཉིད་ཀྱི་གླུ་དབྱངས་ལ། །
མ་འགག་དབྱངས་ཀྱི་བརྡ་ཐབས་ཤར། །

ཚོར་འདུ་སྣང་བ་དུབ་པའི་ཚེ། །
གཟུགས་འགྱུར་རི་མོ་ལྷོད་ཀྱིས་འོང་། །
དབྱངས་ཀྱི་རྒྱུ་སྐུད་སྣུན་པའི་ཚེ། །
ཚིག་གི་དྲ་བ་འདི་དག་གིས། །
ང་ཡི་མིག་ཟུང་མདངས་ཀྱི་ཁྲིད། །
ལམ་འགྲམ་ངོས་ཀྱི་ལྗོན་པ་དག །
འདབ་ལོ་སེེར་ཁ་དོད་པའི་ཚེ། །
ཟིལ་བ་གྱོན་པའི་མེ་ཏོག་དག །
འཆི་བའི་རང་རྣམ་གསལ་བའི་ཚེ། །
འདུ་འབྲལ་ལས་ཀྱི་བཀོད་པ་དྲན། །
བརྩེ་བའི་ཉི་ཟེར་མ་ནུབ་ཅིང་། །
འཛུམ་པའི་པད་མ་མ་ཟུམ་པར། །
རྣམ་རྟོག་དྲ་བའི་ཕ་རོལ་ལ། །
མི་གཡོ་ཐུགས་ཀྱི་དབྱངས་དག་ལ། །
འཁོར་འདས་དཀྲོལ་བའི་རོལ་མོ་ལ། །
སྒྱུ་འཕྲུལ་མ་ཡི་རང་རྣམ་གསལ། །
རླུང་ལ་ཞོན་པའི་མགུར་ཐུང་ལ། །
རྩེད་འཇོ་འཕྲུལ་བའི་བརྡ་ཐབས་ཤར། །
ཆོད་ཉིད་གསལ་བའི་མེ་ལོང་ལ། །
རབ་བཏགས་ཚིག་གི་རི་མོ་བྲིས། །
ཀུན་རྟོག་འགྱུ་བའི་རང་སྣང་ལ། །
གསལ་ཞིང་དྭངས་བའི་ཟླ་བའི་ངོགས། །
ང་ཡི་སྙིང་གི་པད་ཚལ་དུ། །
སེམས་ཀྱི་བྱ་བྱིལ་གཡོ་བར་བྱེད། །
སེམས་ཉིད་རོལ་བའི་ལྷ་མོ་ཉིད། །
གཟུགས་འགྱུར་དབྱངས་ལ་སྤྲུལ་པ་ན། །
ཁྱེད་ནི་བདག་གི་སེམས་ངོ་ལ། །
སྒྱུ་འཕྲུལ་སྣང་བ་ལྡོག་ཐུབ་མེད། །
སྣ་ཚོགས་ཚིག་གི་གུར་ཁང་འདི། །
དྲན་ཚོར་སྣང་བ་གཉོམ་པོ་ཡིན། །
དབྱངས་ཀྱི་རྩ་མདུད་གྲོལ་བ་ན། །
ཚིག་རྒྱན་ལྷ་མོ་ལྷེང་ངེ་གསལ། །
བདག་ནི་ཁྱེད་ཀྱི་མགྲིན་པ་ལ། །
ལས་ཀྱི་སྐལ་བ་རིང་དུ་ཤོར། །
ང་ཡི་སེམས་ཚོར་རྒྱུ་བ་འདི། །
སྐྱོ་གར་ཚིག་གི་ན་བུན་ཡིན། །
རིག་བྱེད་སྦྲང་ཆར་སིལ་མ་འདི། །
ཁྱེད་ཀྱི་ཚོར་འདུ་གཡོ་ཚུལ་ཡིན། །
ཡིད་ཀྱི་འགྱུ་བ་རེ་རེ་ལ། །
འཕྲོ་འདུ་སྤྲིན་གྱི་འདུ་ལུང་འཁྲིགས།  །
སེམས་ཚོར་རི་མོ་རབ་བཏགས་རེ། །
སྣང་བའི་རྡུལ་ལ་རྩོམ་པའི་ཚེ། །
སྡུག་པའི་མཆི་མ་ཡང་དུ་ཤོར། །
འདི་ནི་ཚིག་གི་ཆོ་འཕྲུལ་མིན། །
སྣང་བའི་ངོས་ཀྱིས་འཇའ་འོད་མིན། །
གདུང་བའི་ཉི་མ་རུབ་ཚོད་ལ། །
བསིལ་བའི་རླུང་བུ་ལྡིང་ཙམ་གྱིས། །
བརྩེ་བའི་མེ་ཏོག་མགུལ་དུ་འཕྱང་། །
སྨྲེང་བའི་མི་དེ་ཡུན་རིང་ངུས། །
བརྩེ་གཞས་འགྲམ་གྱི་ཐོལ་གླུ་འདི། །
མིག་མཐར་འཁོར་བའི་མི་དེ་ལ། །
ཉི་འོད་བསྒྲིབ་པའི་སྔ་གཞུག་ཏུ། །
ཚིག་གི་མེ་ཏོག་ཡུན་རིང་ཕུལ། །
       2020·11·1ཉིན་མོར་བརྩམས།
ཟག་མེད་ཀྱི་གླུ།

མགུར་མའི་རྩ་མདུད་གྲོལ་བ་ན། །
ལས་ཀྱི་ཉོན་མོངས་ཞི་བ་དང་། །
སེམས་ཉིད་ངལ་བ་སད་གྱུར་ན། །
བརྩེ་བའི་སོར་ཕྲེང་འཛུམ་པ་ནས། །
འདིར་སྣང་ཚོར་བའི་འགྱུ་བ་ལ། །
ཀུན་རྟོག་ཚོར་ཤེས་དལ་གྱིས་ལྡང་། །

ཟག་མེད་གླུ་ཡི་དགའ་སྟོན་ལ། །
མཆོག་ལྡན་ལྷ་མོ་ཞི་བར་མཇལ། །
དབྱངས་ཀྱི་ཟེགས་མ་འཐོར་བ་ན། །
སྤྲོས་འཛིན་སྣང་བ་ཇེ་ཟབ་རེད། །
ཚེ་རབས་ལས་ཀྱི་ནགས་ཚལ་ཏུ། །
རིག་བྱེད་སིལ་མའི་བཙན་ས་ཟིན། །

ལས་ཀྱི་མེ་ཏོག་འཐོར་ཚུལ་ལ། །
རྟེན་འབྲེལ་ལས་ཀྱི་རི་མོ་བྲིས། །
རིག་བྱེད་ངག་གི་ཟླ་ཤེལ་ལ། །
གླུ་ཡི་སིལ་མའི་ཕྲེང་བ་གཏོར། །
རྗེས་ཆགས་བརྩེ་བ་མ་བཅོས་པ། །
སྤྱན་གཉིས་རྣམ་པར་ཚེས་པ་ལ། །
དབུ་རྒྱན་མེ་ཏོག་ཕྱང་འཕྲུལ་ལ། །
རྣམ་རྟོག་ཚིག་གི་དྲྭ་བ་ཕྱེས། །

ཟླ་བའི་མཚོ་མོ་བསྲུབས་པ་ལ། །
མཆོག་དགའི་རང་བཞིན་ཅན་ལྡན་མ། །
རིག་བྱེད་མགྲིན་དབྱངས་སུ་ལ་གཏོར། །
ངག་གི་འདེགས་འཇོག་སུ་ལ་འཁྲོལ། །
རབ་བྱེད་བཏགས་པའི་སྣང་བ་ལ། །
འདུ་འབྲལ་སྒྱུ་མའི་སེམས་ཉིད་འདི། །
སྤྲོས་འཛིན་སྣང་བ་སུ་ལ་ལྡོག །

སྙན་ཚིག་སིལ་མའི་དོ་ཤལ་ལ། །
ལས་ཀྱི་སྨུག་པ་གང་སར་འཁྲིགས། །
ཀུན་རྫོབ་སྣང་བའི་སྒྱུ་འཕྲུལ་ལ། །
ཀུན་རྟོག་ཚིག་གི་ཟུག་ངུ་ལ། །
བརྩེ་བའི་མེ་ལོང་མ་འཆང་བའི། །
བྱོན་པའི་ལྷ་མོ་གར་མཁན་མ། །
སྒེག་ལྡེམ་ལུས་ཀྱི་འཁྲི་ཤིང་ལ། །
སྤྱན་རིས་ཁྲ་ཆིལ་ལྷིང་ངེ་གསལ། །
       2020·11·3ཉིན་མོར་བརྩམས།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།