རྩེ་ཆུའི་འགྲམ་གྱི་སྒྲོལ་མ།

སོག་སྨྱུག(མཚོ་ལྷོ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-11-25
གཞི་མེ་ཏོག་པད་མ་རང་འགྲིག་ཅན།།
ལུས་རྟེན་འབྲེལ་རི་མོ་རང་བྱོན་ཅན།།
ངའི་སྐྱེ་བ་སྔོན་མའི་ལས་འཕྲོ་ལགས།།
ཁྱོད་ཟླ་བ་བཞིན་དུ་ཚེས་དགོས་ཤིང་།།
ཁྱོད་ཉི་མ་བཞིན་དུ་གསལ་དགོས་ཡ།།
དུས་རྒྱུན་དུ་འཁོར་བའི་རླུང་ཁ་ནས།།
སྐྱིད་མི་རྟག་ཆུ་རིས་དེད་དེད་མཐར།།
དགུན་ཁ་བའི་གདོང་ལ་ཐུག་སོང་ན།།
ཁྱོས་འབྱུང་བཞི་བདེ་ཐང་མ་ཡིན་ན།།
སེམས་མི་བདེ་ཨོ་ལོ་དྲན་ཞིང་སྨྲེང་།།

ཚེ་མི་རྟག་མེ་སྟག་མཆེད་མཆེད་ནས།།
དབྱར་ཆར་ཟིམ་སིལ་བ་ཁྲོམ་ཁྲོམ་མ།།
ངག་འདར་བའི་ཚུལ་གྱིས་འབོད་པ་དེ།།
ཕྱི་སྡེ་བའི་དབུས་སུ་མཆེད་ཀྱང་རུང་།།
ནང་འཛུམ་པའི་མེ་ཏོག་ཁྱོད་གཅིག་པུ།།
ཞོགས་སྐྱ་རེངས་ཤིག་གི་མདུན་རྒྱབ་ཏུ།།
ང་ཁྱོད་དང་གཏན་ཏུ་གྱེས་དགོས་ཀྱང་།།
ཚེ་འདི་ཕྱི་གཉིས་ཀྱི་བར་མཚམས་ནས།།
ང་ཁྱོད་དང་ལྷན་འཛོམས་བྱུང་དགོས་ཀྱེ།།
སེམས་བདེ་མོ་གཏམ་ཞིག་ཡོད་ན་ལེཊ།།

ངའི་དྭངས་གཙང་འཛུམ་ཆུང་ལྷད་མེད་མ།།
ཆུ་བསིལ་མ་བཞིན་དུ་ཁྱོད་འདྲེན་དགོས།།
གཏམ་སེམས་ངོར་འཕྲོད་པའི་སྐར་ཆུང་མ།།
སྟོན་སྡོང་ལོ་འགུལ་བཞིན་གང་སར་སྤུར།།
འཇིགས་མི་འཇིཊ་མ་གསུང་མི་བདེ་ཨང་།།
ཡུལ་རྩེ་གཞུང་ཕྱུག་མོ་གཡང་གི་བརྒྱན།།
ཁྱོས་དུངས་སེམས་གཙང་མ་ཁོ་བོའི་རུམ།།
དབང་ཡོད་མེད་ཟེར་ན་དེ་འདྲར་ཆགས།།
ལས་ཡོད་མེད་བསམ་ན་རིམ་གྱིས་རྫོགས།།
འདིར་དཔེ་འཇོག་མེ་ལོང་གོར་གོར་ཡིན།།

དབྱངས་མུ་ཏིག་ཕྲེང་བའི་ཕྲེང་ཐག་ཁྱོད།།
ངས་ཉིན་མཚན་མེད་པར་སྐེ་ལ་བཏེགས།།
གདོན་ཡོད་ཀི་བསམ་པའི་སོམ་ཉི་དཀོན།།
ཡང་མེད་ཀི་བསམ་ཅང་དེ་འདྲར་ཆགས།།
སྤྱིར་ལས་འབྲས་ཟེར་བ་ཡོད་དགོས་ཨང་།།
ངས་སྙིང་སྡུག་དྲན་ཞིང་གདུང་གདུང་ནས།།
ངས་དཔེ་ཐོག་དཔེ་འཇོག་བྱས་བྱས་མཐར།།
ཡིད་དྭངས་གསལ་མེ་ལོང་ཆག་ཀྲུམ་ཤོར།།
སྐྱིད་འཁོར་བའི་བཟི་ཁ་བཙན་ཞིང་བཙན།།
ལོ་ཟླ་བའི་འཁོར་ཕྱོགས་གཅིག་རེད་ཨང་།།

ཡུལ་ཚུལ་ཁྲིམས་ལྗོན་པའི་ནགས་ཚལ་དུ།།
དགེ་མེ་ཏོག་སྟོང་གི་བསགས་འབྲས་ཡོད།།
བསམ་བསམ་ན་ཁྱོད་རང་དེ་གར་གཏོགས།།
ཉུལ་ཉུལ་ནས་སྲིད་བའི་མཐའ་ལ་གཏུགས།།
ཡིད་དགེ་བའི་བསགས་པ་ཁྱེད་ལོས་ཡིན།།
ངས་དཀའ་སྡུག་རྔུལ་ཆུ་བཞུར་བཞུར་ནས།།
ཡང་སྟོང་ལོ་གཅིག་གི་གཡས་གཡོན་ནས།།
སྙིང་ལོ་ལོའི་དབུས་ཀྱི་དམར་ཐིག་ལགས།།
བརྗེད་ལོས་འགྲོ་བསམ་པ་ཁྱོན་ནས་མེད།།
འདི་མི་བརྗེད་བརྗེད་ཀྱང་མི་ཆོག་ལགས།།
      ༢༠༢༠/༡༡/༡༡/ཉིན་གནའ་མཁར་ཟི་ལིང་ནས་བྲིས།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྩེ་ཆུའི་འགྲམ་གྱི་སྒྲོལ་མ།

2020-11-25 སོག་སྨྱུག(མཚོ་ལྷོ) ཀློག་གྲངས། མཆན ཡོད།
གཞི་མེ་ཏོག་པད་མ་རང་འགྲིག་ཅན།།
ལུས་རྟེན་འབྲེལ་རི་མོ་རང་བྱོན་ཅན།།
ངའི་སྐྱེ་བ་སྔོན་མའི་ལས་འཕྲོ་ལགས།།
ཁྱོད་ཟླ་བ་བཞིན་དུ་ཚེས་དགོས་ཤིང་།།
ཁྱོད་ཉི་མ་བཞིན་དུ་གསལ་དགོས་ཡ།།
དུས་རྒྱུན་དུ་འཁོར་བའི་རླུང་ཁ་ནས།།
སྐྱིད་མི་རྟག་ཆུ་རིས་དེད་དེད་མཐར།།
དགུན་ཁ་བའི་གདོང་ལ་ཐུག་སོང་ན།།
ཁྱོས་འབྱུང་བཞི་བདེ་ཐང་མ་ཡིན་ན།།
སེམས་མི་བདེ་ཨོ་ལོ་དྲན་ཞིང་སྨྲེང་།།

ཚེ་མི་རྟག་མེ་སྟག་མཆེད་མཆེད་ནས།།
དབྱར་ཆར་ཟིམ་སིལ་བ་ཁྲོམ་ཁྲོམ་མ།།
ངག་འདར་བའི་ཚུལ་གྱིས་འབོད་པ་དེ།།
ཕྱི་སྡེ་བའི་དབུས་སུ་མཆེད་ཀྱང་རུང་།།
ནང་འཛུམ་པའི་མེ་ཏོག་ཁྱོད་གཅིག་པུ།།
ཞོགས་སྐྱ་རེངས་ཤིག་གི་མདུན་རྒྱབ་ཏུ།།
ང་ཁྱོད་དང་གཏན་ཏུ་གྱེས་དགོས་ཀྱང་།།
ཚེ་འདི་ཕྱི་གཉིས་ཀྱི་བར་མཚམས་ནས།།
ང་ཁྱོད་དང་ལྷན་འཛོམས་བྱུང་དགོས་ཀྱེ།།
སེམས་བདེ་མོ་གཏམ་ཞིག་ཡོད་ན་ལེཊ།།

ངའི་དྭངས་གཙང་འཛུམ་ཆུང་ལྷད་མེད་མ།།
ཆུ་བསིལ་མ་བཞིན་དུ་ཁྱོད་འདྲེན་དགོས།།
གཏམ་སེམས་ངོར་འཕྲོད་པའི་སྐར་ཆུང་མ།།
སྟོན་སྡོང་ལོ་འགུལ་བཞིན་གང་སར་སྤུར།།
འཇིགས་མི་འཇིཊ་མ་གསུང་མི་བདེ་ཨང་།།
ཡུལ་རྩེ་གཞུང་ཕྱུག་མོ་གཡང་གི་བརྒྱན།།
ཁྱོས་དུངས་སེམས་གཙང་མ་ཁོ་བོའི་རུམ།།
དབང་ཡོད་མེད་ཟེར་ན་དེ་འདྲར་ཆགས།།
ལས་ཡོད་མེད་བསམ་ན་རིམ་གྱིས་རྫོགས།།
འདིར་དཔེ་འཇོག་མེ་ལོང་གོར་གོར་ཡིན།།

དབྱངས་མུ་ཏིག་ཕྲེང་བའི་ཕྲེང་ཐག་ཁྱོད།།
ངས་ཉིན་མཚན་མེད་པར་སྐེ་ལ་བཏེགས།།
གདོན་ཡོད་ཀི་བསམ་པའི་སོམ་ཉི་དཀོན།།
ཡང་མེད་ཀི་བསམ་ཅང་དེ་འདྲར་ཆགས།།
སྤྱིར་ལས་འབྲས་ཟེར་བ་ཡོད་དགོས་ཨང་།།
ངས་སྙིང་སྡུག་དྲན་ཞིང་གདུང་གདུང་ནས།།
ངས་དཔེ་ཐོག་དཔེ་འཇོག་བྱས་བྱས་མཐར།།
ཡིད་དྭངས་གསལ་མེ་ལོང་ཆག་ཀྲུམ་ཤོར།།
སྐྱིད་འཁོར་བའི་བཟི་ཁ་བཙན་ཞིང་བཙན།།
ལོ་ཟླ་བའི་འཁོར་ཕྱོགས་གཅིག་རེད་ཨང་།།

ཡུལ་ཚུལ་ཁྲིམས་ལྗོན་པའི་ནགས་ཚལ་དུ།།
དགེ་མེ་ཏོག་སྟོང་གི་བསགས་འབྲས་ཡོད།།
བསམ་བསམ་ན་ཁྱོད་རང་དེ་གར་གཏོགས།།
ཉུལ་ཉུལ་ནས་སྲིད་བའི་མཐའ་ལ་གཏུགས།།
ཡིད་དགེ་བའི་བསགས་པ་ཁྱེད་ལོས་ཡིན།།
ངས་དཀའ་སྡུག་རྔུལ་ཆུ་བཞུར་བཞུར་ནས།།
ཡང་སྟོང་ལོ་གཅིག་གི་གཡས་གཡོན་ནས།།
སྙིང་ལོ་ལོའི་དབུས་ཀྱི་དམར་ཐིག་ལགས།།
བརྗེད་ལོས་འགྲོ་བསམ་པ་ཁྱོན་ནས་མེད།།
འདི་མི་བརྗེད་བརྗེད་ཀྱང་མི་ཆོག་ལགས།།
      ༢༠༢༠/༡༡/༡༡/ཉིན་གནའ་མཁར་ཟི་ལིང་ནས་བྲིས།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།