མེ་ལོང་ནང་གི་ཤྭ་ཡུ་མོ།

སྦྲང་བུ།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-10-12
འདི་ནས་ཁ་བ་འབབ་ཅིང་འཁྱག་པར་གྱུར།།
རི་ནས་གྲང་རླུང་ལྡང་ཞིང་འཁྱག་པར་གྱུར།།
ནང་སེམས་ཞི་བའི་ལས་དེ་འཁྱག་པའི་ཚེ།།
ཐག་རིང་མེ་ལོང་ནང་གི་ཡུ་མོ་ལགས།།
འཁྱག་པར་ཨེ་འདུག་རླུང་ལ་འཕྲིན་པ་བསྐུར།།

རྣམ་རྟོག་རི་མོའི་གམ་དུ་སླེབས་པའི་ཚེ།།
མི་སྨྲ་བརྟུལ་ཞུགས་འཛིན་པའི་ལྷ་མོ་ཁོང་།།
དབྱངས་ཅན་ལ་མོ་སྒང་དུ་རི་དྭགས་སྤྲུལ།།

རབ་ཏུ་གསང་བའི་གྲོལ་བ་རུ།།
ཡིད་འོང་ལས་ཀྱི་ལྗོན་པ་ལྡེམ།།
མཚན་མོའི་སྐར་མ་སྤྲོ་གར་ཅན།།
དགའ་འཛིན་པདྨའི་རྫིང་བུ་ཁ།།
སྨིན་མ་ཆགས་པའི་གཞས་ཤིག་བཀུག།
རྒུད་པ་བྲལ་བའི་སྙིང་བོ་ཅན།།
སྒྱུ་འཕྲུལ་གན་དུ་བཏབ་པའི་ཚེ།།
མཛེས་པའི་མེ་ལོང་བཅོས་སུ་མེད།།

གཡུ་ལོ་རྒྱས་ཀྱང་ཐ་དད་སྣང་།།
ཡིད་ཀྱི་དྲི་མ་གང་ནས་དག།
གཡུ་ལོ་བཀོད་པའི་ནགས་མའི་ཚལ།།
རྣལ་འབྱོར་དེ་དང་ཡུ་མོའི་གར།།
སྣང་སྲིད་གཉིས་སུ་མཛེས་པས་ཁྱབ།།

ཟླ་བའི་ཞལ་རས་ཚང་ཚིང་ནགས་སུ་ལྷུང་།།
ཀ་ལ་པིང་ཀ་རྣ་བའི་གྲོགས་སུ་བརྟན།།
སྒྱུ་མའི་རང་སྣང་འབར་བའི་ལས་ཀྱི་གར།།།
མེ་ལོང་སྐྱ་བོའི་སྟེང་ནས་རག་ཙམ་གསལ།།
གང་ཞིག་མ་གཡེལ་རྙི་ལས་མ་ཤོར་གོང་།།
དབྱངས་ཀྱི་ཆུ་འཛིན་ཡིད་ཀྱིས་བཟུང་བའི་ཚེ།།
སྲེེད་ལྡན་ངག་གི་ཐོགས་རེག་དང་བྲལ་མེད།།

སྒྱུ་མའི་གཞིས་ཀྱི་བར་སྣང་དུ།།
ཉེ་བར་འཁྲུངས་བའི་ཁྲུང་ཁྲུང་ཁོང་།།
ལས་ཀྱི་རྣམ་སྨིན་དཀར་ནག་ཅན།།
སྲོད་ཀའི་མཚམས་སུ་སྨིན་པའི་ཚེ།།
ཨུཏྤལ་སེམས་གཞས་ས་རུ་རྒྱུ།།
རྨུ་ཐག་བརྒྱུད་ནས་གསོན་བྱུང་ངམ།།

འདི་ནས་ཐུག་བྱུང་མ་ཟེེར་རོགས།།
གླིང་གི་མཚོ་མོའི་ཉག་ག་ཅན།།
ཁྲུང་ཁྲུང་ཁྱོད་རང་འཕུར་ལམ་འདུག།
མ་དྲིས་ངག་གི་བརྗོད་པའི་གན།།
སྔ་ཕྱི་གཉིས་ཀྱི་ལན་ཆགས་འདུག།
རྫོགས་ཚིག་ལས་ཀྱི་ལ་མོའི་འདབས།།
ཤྭ་བ་ཡུ་མོའི་དྲན་པ་གསལ།།
དྲན་པ་གསལ་བའི་གོ་རིམ་ནང་།།
སྨྲེང་བ་བརྒྱ་རྩ་གར་དུ་བཤམས།།

མགུར་རེར་ནང་ལ་མགུར་མ་དབྱངས་ཅན་མ།།
སེམས་སུ་འབབ་ཚེ་ངག་གི་རྡོ་བ་བཞད།།
བར་སྐོར་སེམས་གཞས་ཁྲོམ་དུ་བཞད་པའི་ཚེ།།
ཚངས་དབྱངས་རྒྱ་མཚོ་དེ་ཡི་གཏམ་ཞིག་དྲན།།
གྱེས་ཁ་གཡུ་ཡིས་བཀོད་པའི་སྐྱེད་མོས་ཚལ།།
ཕྱི་གསལ་ནང་གསལ་ཅན་གྱི་ཟློས་གར་ཞིག།
ར་སའི་འཕྲུལ་སྣང་གམ་དུ་འཁྲབ་པ་རྨིས།།
མ་སྐྱེས་ཨ་མ་ཟེར་བའི་ཇ་ཡི་མཁར།།
ཟློས་གར་ལས་ཀྱི་འཇའ་ཚོན་འཁྲབ་པ་རྨིས།།

མེ་ལོང་དེ་ཡང་ས་རུ་ལྷུང་།།
ཁ་དོག་དེ་ཡང་འགྱུར་བ་འདུག།
ལག་ཏུ་བཟུང་བའི་བརྩེ་བ་དེ།།
ས་རུ་འབབ་ཚེ་གང་ཞིག་འགྱུར།།
ཡིད་ལ་བྲིས་པའི་རླབས་ཕྲེང་དེ།།
གཙང་བོའི་བྲུག་ཅིང་གང་སར་བཞུར།།

ལྷ་མོའི་ཁམས་སུ་འབབ་པའི་ཚེ།།
རིན་ཆེན་ལ་མོའི་རི་འདབས་སུ།།
སེམས་གཞས་ངག་ཅིག་བདག་ལ་གནང་།།
མྱ་ངན་ཐང་གི་ཡིག་འབྲུ་ལ།།
དབུས་ལམ་དཀར་པོའི་ཉིན་ཞག་ཏུ།།
ངལ་དུབ་མགུར་ལ་ཁྱོད་རང་གླེང་།།

ལྷ་སའི་ཡུལ་ནས་ཕེབས་བྱུང་ངམ།།
སྨྲེང་བ་བཞེང་མཁན་ཨེ་ཡིན་ནམ།།
གཡུ་ཆུང་ངག་གི་པི་ཝང་ཅན།།
བདག་ལ་གནང་བ་གཞུག་ཏུ་ལུས།།
ཚངས་རྒྱམ་སྨྲེང་བའི་བར་སྐོར་གླིང་།།
བརྩེ་བའི་རྡོ་བ་བཞད་འདུག་གམ།།

ཇི་གའི་ལས་ཀྱི་ཚང་ཚིང་ནགས།།
བདག་ཉིད་དབང་བའི་ནགས་མའི་ཚལ།།
ཡིག་འབྲུ་ནག་པོའི་སྐྱེ་བར་བླངས།།
ཁྱོད་རང་མཚོན་པའི་ཡིག་འབྲུ་ཡིན།།

ཁྲུང་ཁྲུང་དཀར་མོའི་འཕུར་ལམ་ཡག་ཅིག་རྣམ་པའི་གར་དེ་ཡིད་གར་འོང་།།
འཕུར་གྱིན་འཕུར་ཚེ་སྐྱོ་གར་མེ་ལོང་མེ་ཏོག་གླིང་ནས་དལ་གྱིས་ཤར།།
མ་དམིགས་ངག་གིས་སྡང་བའི་སེམས་བྱུང་ལ་མོའི་མཚམས་ནས་ཆད་པའི་ཚེ།།
མ་རྙིང་ཨུཏྤལ་ངག་ཏུ་ལྷུང་འདུག་ཡུན་ཚད་མེ་ལོང་བློ་རུ་འཁྲུལ།།

ཨ་གསར་ངག་གི་ཐག་རིང་དུ།།
རྨས་མ་ཅན་དེ་གང་ནས་འདྲོགས།།
ཡིད་འོང་ལ་ཡི་རྐེད་པ་རུ།།
གཏམ་རྒྱུད་ཁག་ཅིག་གསལ་བོར་རྨིས།།

གསར་བོར་སྣང་བའི་གཏམ་རྒྱུད་དུ།།
མཛེས་པ་ལས་ཀྱིས་དབང་པོ་བཀུག།
ནང་སེམས་ཤིག་ཏུ་གར་མ་ཅན།།
གླིང་དཀར་སྟོད་ནས་མ་རྙེད་ཀྱང་།།
མཛེས་པའི་གཞི་རུ་འདང་བར་སྙམ།།

གཞས་པའི་གདངས་སུ་ལྷ་མོའི་སྐོར་ཅིག་ཁྱོད་ཉིད་སྤྲུལ།།
དབྱངས་རྟ་དེ་ཡང་བཀུག་ཅིང་བཀུག་ཚེ་ཁྱོད་དང་འབྲེལ།།
བར་སྐོར་གླིང་གི་གཞས་ཆུང་དེ་དང་འབྲེལ་བ་ཆགས།།
སྨུག་པ་ཅན་གྱི་ལ་མོའི་འདབས་སུ་སླེབས་པའི་ཚེ།།
བརྩེ་བའི་གཏམ་ཞིག་ནང་སེམས་དྭངས་ཏེ་ཡོལ་བ་དྲན།།

ཐམས་ཅད་ངག་ལས་མ་བཅད་པ།།
ཟླ་བའི་ཞལ་ལས་མཐོང་བའི་ཚེ།།
ནང་སེམས་དེ་ཡང་བརྐུས་མ་ཆགས།།
ཟླ་བའི་གན་ནས་བལྟས་པའི་ཚེ།།
ཐམས་ཅད་འཕྲོག་པའི་མཚན་དཔེ་ཅན།།
ནང་སེམས་དོན་གྱི་གྲོང་བའི་མཐའ།།
ལྷ་མོ་ཕེབས་ཀྱང་འགྲན་ཡ་མེད།།
       2021 9 24
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མེ་ལོང་ནང་གི་ཤྭ་ཡུ་མོ།

2021-10-12 སྦྲང་བུ།(དཀར་མཛེས) ཀློག་གྲངས། མཆན ཡོད།
འདི་ནས་ཁ་བ་འབབ་ཅིང་འཁྱག་པར་གྱུར།།
རི་ནས་གྲང་རླུང་ལྡང་ཞིང་འཁྱག་པར་གྱུར།།
ནང་སེམས་ཞི་བའི་ལས་དེ་འཁྱག་པའི་ཚེ།།
ཐག་རིང་མེ་ལོང་ནང་གི་ཡུ་མོ་ལགས།།
འཁྱག་པར་ཨེ་འདུག་རླུང་ལ་འཕྲིན་པ་བསྐུར།།

རྣམ་རྟོག་རི་མོའི་གམ་དུ་སླེབས་པའི་ཚེ།།
མི་སྨྲ་བརྟུལ་ཞུགས་འཛིན་པའི་ལྷ་མོ་ཁོང་།།
དབྱངས་ཅན་ལ་མོ་སྒང་དུ་རི་དྭགས་སྤྲུལ།།

རབ་ཏུ་གསང་བའི་གྲོལ་བ་རུ།།
ཡིད་འོང་ལས་ཀྱི་ལྗོན་པ་ལྡེམ།།
མཚན་མོའི་སྐར་མ་སྤྲོ་གར་ཅན།།
དགའ་འཛིན་པདྨའི་རྫིང་བུ་ཁ།།
སྨིན་མ་ཆགས་པའི་གཞས་ཤིག་བཀུག།
རྒུད་པ་བྲལ་བའི་སྙིང་བོ་ཅན།།
སྒྱུ་འཕྲུལ་གན་དུ་བཏབ་པའི་ཚེ།།
མཛེས་པའི་མེ་ལོང་བཅོས་སུ་མེད།།

གཡུ་ལོ་རྒྱས་ཀྱང་ཐ་དད་སྣང་།།
ཡིད་ཀྱི་དྲི་མ་གང་ནས་དག།
གཡུ་ལོ་བཀོད་པའི་ནགས་མའི་ཚལ།།
རྣལ་འབྱོར་དེ་དང་ཡུ་མོའི་གར།།
སྣང་སྲིད་གཉིས་སུ་མཛེས་པས་ཁྱབ།།

ཟླ་བའི་ཞལ་རས་ཚང་ཚིང་ནགས་སུ་ལྷུང་།།
ཀ་ལ་པིང་ཀ་རྣ་བའི་གྲོགས་སུ་བརྟན།།
སྒྱུ་མའི་རང་སྣང་འབར་བའི་ལས་ཀྱི་གར།།།
མེ་ལོང་སྐྱ་བོའི་སྟེང་ནས་རག་ཙམ་གསལ།།
གང་ཞིག་མ་གཡེལ་རྙི་ལས་མ་ཤོར་གོང་།།
དབྱངས་ཀྱི་ཆུ་འཛིན་ཡིད་ཀྱིས་བཟུང་བའི་ཚེ།།
སྲེེད་ལྡན་ངག་གི་ཐོགས་རེག་དང་བྲལ་མེད།།

སྒྱུ་མའི་གཞིས་ཀྱི་བར་སྣང་དུ།།
ཉེ་བར་འཁྲུངས་བའི་ཁྲུང་ཁྲུང་ཁོང་།།
ལས་ཀྱི་རྣམ་སྨིན་དཀར་ནག་ཅན།།
སྲོད་ཀའི་མཚམས་སུ་སྨིན་པའི་ཚེ།།
ཨུཏྤལ་སེམས་གཞས་ས་རུ་རྒྱུ།།
རྨུ་ཐག་བརྒྱུད་ནས་གསོན་བྱུང་ངམ།།

འདི་ནས་ཐུག་བྱུང་མ་ཟེེར་རོགས།།
གླིང་གི་མཚོ་མོའི་ཉག་ག་ཅན།།
ཁྲུང་ཁྲུང་ཁྱོད་རང་འཕུར་ལམ་འདུག།
མ་དྲིས་ངག་གི་བརྗོད་པའི་གན།།
སྔ་ཕྱི་གཉིས་ཀྱི་ལན་ཆགས་འདུག།
རྫོགས་ཚིག་ལས་ཀྱི་ལ་མོའི་འདབས།།
ཤྭ་བ་ཡུ་མོའི་དྲན་པ་གསལ།།
དྲན་པ་གསལ་བའི་གོ་རིམ་ནང་།།
སྨྲེང་བ་བརྒྱ་རྩ་གར་དུ་བཤམས།།

མགུར་རེར་ནང་ལ་མགུར་མ་དབྱངས་ཅན་མ།།
སེམས་སུ་འབབ་ཚེ་ངག་གི་རྡོ་བ་བཞད།།
བར་སྐོར་སེམས་གཞས་ཁྲོམ་དུ་བཞད་པའི་ཚེ།།
ཚངས་དབྱངས་རྒྱ་མཚོ་དེ་ཡི་གཏམ་ཞིག་དྲན།།
གྱེས་ཁ་གཡུ་ཡིས་བཀོད་པའི་སྐྱེད་མོས་ཚལ།།
ཕྱི་གསལ་ནང་གསལ་ཅན་གྱི་ཟློས་གར་ཞིག།
ར་སའི་འཕྲུལ་སྣང་གམ་དུ་འཁྲབ་པ་རྨིས།།
མ་སྐྱེས་ཨ་མ་ཟེར་བའི་ཇ་ཡི་མཁར།།
ཟློས་གར་ལས་ཀྱི་འཇའ་ཚོན་འཁྲབ་པ་རྨིས།།

མེ་ལོང་དེ་ཡང་ས་རུ་ལྷུང་།།
ཁ་དོག་དེ་ཡང་འགྱུར་བ་འདུག།
ལག་ཏུ་བཟུང་བའི་བརྩེ་བ་དེ།།
ས་རུ་འབབ་ཚེ་གང་ཞིག་འགྱུར།།
ཡིད་ལ་བྲིས་པའི་རླབས་ཕྲེང་དེ།།
གཙང་བོའི་བྲུག་ཅིང་གང་སར་བཞུར།།

ལྷ་མོའི་ཁམས་སུ་འབབ་པའི་ཚེ།།
རིན་ཆེན་ལ་མོའི་རི་འདབས་སུ།།
སེམས་གཞས་ངག་ཅིག་བདག་ལ་གནང་།།
མྱ་ངན་ཐང་གི་ཡིག་འབྲུ་ལ།།
དབུས་ལམ་དཀར་པོའི་ཉིན་ཞག་ཏུ།།
ངལ་དུབ་མགུར་ལ་ཁྱོད་རང་གླེང་།།

ལྷ་སའི་ཡུལ་ནས་ཕེབས་བྱུང་ངམ།།
སྨྲེང་བ་བཞེང་མཁན་ཨེ་ཡིན་ནམ།།
གཡུ་ཆུང་ངག་གི་པི་ཝང་ཅན།།
བདག་ལ་གནང་བ་གཞུག་ཏུ་ལུས།།
ཚངས་རྒྱམ་སྨྲེང་བའི་བར་སྐོར་གླིང་།།
བརྩེ་བའི་རྡོ་བ་བཞད་འདུག་གམ།།

ཇི་གའི་ལས་ཀྱི་ཚང་ཚིང་ནགས།།
བདག་ཉིད་དབང་བའི་ནགས་མའི་ཚལ།།
ཡིག་འབྲུ་ནག་པོའི་སྐྱེ་བར་བླངས།།
ཁྱོད་རང་མཚོན་པའི་ཡིག་འབྲུ་ཡིན།།

ཁྲུང་ཁྲུང་དཀར་མོའི་འཕུར་ལམ་ཡག་ཅིག་རྣམ་པའི་གར་དེ་ཡིད་གར་འོང་།།
འཕུར་གྱིན་འཕུར་ཚེ་སྐྱོ་གར་མེ་ལོང་མེ་ཏོག་གླིང་ནས་དལ་གྱིས་ཤར།།
མ་དམིགས་ངག་གིས་སྡང་བའི་སེམས་བྱུང་ལ་མོའི་མཚམས་ནས་ཆད་པའི་ཚེ།།
མ་རྙིང་ཨུཏྤལ་ངག་ཏུ་ལྷུང་འདུག་ཡུན་ཚད་མེ་ལོང་བློ་རུ་འཁྲུལ།།

ཨ་གསར་ངག་གི་ཐག་རིང་དུ།།
རྨས་མ་ཅན་དེ་གང་ནས་འདྲོགས།།
ཡིད་འོང་ལ་ཡི་རྐེད་པ་རུ།།
གཏམ་རྒྱུད་ཁག་ཅིག་གསལ་བོར་རྨིས།།

གསར་བོར་སྣང་བའི་གཏམ་རྒྱུད་དུ།།
མཛེས་པ་ལས་ཀྱིས་དབང་པོ་བཀུག།
ནང་སེམས་ཤིག་ཏུ་གར་མ་ཅན།།
གླིང་དཀར་སྟོད་ནས་མ་རྙེད་ཀྱང་།།
མཛེས་པའི་གཞི་རུ་འདང་བར་སྙམ།།

གཞས་པའི་གདངས་སུ་ལྷ་མོའི་སྐོར་ཅིག་ཁྱོད་ཉིད་སྤྲུལ།།
དབྱངས་རྟ་དེ་ཡང་བཀུག་ཅིང་བཀུག་ཚེ་ཁྱོད་དང་འབྲེལ།།
བར་སྐོར་གླིང་གི་གཞས་ཆུང་དེ་དང་འབྲེལ་བ་ཆགས།།
སྨུག་པ་ཅན་གྱི་ལ་མོའི་འདབས་སུ་སླེབས་པའི་ཚེ།།
བརྩེ་བའི་གཏམ་ཞིག་ནང་སེམས་དྭངས་ཏེ་ཡོལ་བ་དྲན།།

ཐམས་ཅད་ངག་ལས་མ་བཅད་པ།།
ཟླ་བའི་ཞལ་ལས་མཐོང་བའི་ཚེ།།
ནང་སེམས་དེ་ཡང་བརྐུས་མ་ཆགས།།
ཟླ་བའི་གན་ནས་བལྟས་པའི་ཚེ།།
ཐམས་ཅད་འཕྲོག་པའི་མཚན་དཔེ་ཅན།།
ནང་སེམས་དོན་གྱི་གྲོང་བའི་མཐའ།།
ལྷ་མོ་ཕེབས་ཀྱང་འགྲན་ཡ་མེད།།
       2021 9 24
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།