ཀློང་ཆེན་པ།(ཞར་བཀོད་གཅིག་ཡོད)

རྣོ་གྲི།(གསེར་རྟ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-04-07
    ---ཆེ་བ་དྲུག་ལྡན་གསང་སྔགས་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་པ་ཆེན་པོ་༧ཀུན་མཁྱེན་ཀློང་ཆེན་རབ་འབྱམས་རྗེས་སུ་དྲན་པ།
 
སྐྱེ་མེད་སྟོང་པ་ཉིད་ཀྱི་དབྱིངས་རིམ་ནས། །
འགག་མེད་ལོངས་སྤྱོད་རྫོགས་པ་མར་མེ་མཛད། །
སྣང་སྟོང་ཆུ་ཟླའི་རོལ་གར་སྤྲུལ་པའི་སྐུ། །
སྔ་འགྱུར་བསྟན་པའི་སྲོལ་འབྱེད་ཀློང་ཆེན་པ། །
 
ཆེ་བ་དྲུག་ལྡན་རྨད་བྱུང་བསྟན་པའི་ཁུར། །
ཡོངས་སུ་གསལ་མཛད་ཐུབ་དབང་གཉིས་པ་མཆོག །
གངས་ཅན་ལྗོངས་སུ་སྦས་པའི་ཚུལ་འཛིན་པ། །
བརྟུལ་ཞུགས་གྲུབ་པའི་རྣལ་འབྱོར་ཀློང་ཆེན་པ། །
 
ཀུན་བཟང་ཐུགས་ཀྱི་བསྟན་པ་རིན་ཆེན་འོད། །
སྔར་མེད་ལེགས་བཤད་གསར་བའི་དབྱངས་འགྲོས་ཀྱིས། །
ས་ཆེན་གོ་ལའི་ཁྱོན་ཀུན་འགེངས་བར་བྱེད། །
རྨད་བྱུང་གྲུབ་པའི་སློབ་དཔོན་ཀློང་ཆེན་པ། །
 
ལས་འཕྲོ་གཏེར་གྱི་ཆུ་བོ་གཡས་སུ་འཁྱིལ། །
སྨིན་གྲོལ་ཟབ་རྒྱས་གཏེར་མཛོད་ཀློང་དུ་རྡོལ། །
བཀའ་གཏེར་བསྟན་པའི་ཆུ་མགོ་རྙིང་མ་བའི། །
བསྟན་པའི་སྲོག་འཛིན་རྒྱལ་དབང་ཀློང་ཆེན་པ། །
 
ཆེ་བ་མཐར་ཐུག་ཀུན་བཟང་ཐུགས་ཀྱི་བཅུད། །
མི་ནུབ་སྲིད་མཐའི་བར་དུ་སྤེལ་མཁས་པའི། །
བགྲང་ཡས་གོང་ནས་མངོན་པར་སངས་རྒྱས་ཀྱང་། །
སྣ་ཚོགས་འགྲོ་བ་འདུལ་མཛད་ཀློང་ཆེན་པ། །
 
དབྱིངས་བཞུགས་ཌཀྐིའི་བརྡ་མཛོད་ཐུགས་སུ་འཁྱིལ། །
སྨོན་ལམ་གཏད་རྒྱའི་དབང་བསྐུར་དུས་སུ་སྨིན། །
སྤོབས་པའི་གཏེར་ཆེན་འབྱིན་ལ་མངའ་དབང་འབྱོར། །
དྲི་མེད་རྒྱལ་བསྟན་གསལ་མཛད་ཀློང་ཆེན་པ། །
 
མན་ངག་དྲོད་ཀྱི་ཁ་རླངས་མ་ཡལ་བར། །
སྔ་འགྱུར་བསྟན་པའི་མེ་ཆེན་སྦར་བ་ལ། །
ཐུགས་སྟོབས་གཞན་ལས་ལྷག་པའི་ལྷ་མཆོག་ཉིད། །
ཐུབ་བསྟན་གདུག་དཀར་འདེགས་མཁས་ཀློང་ཆེན་པ། །
 
གངས་རི་ཐོད་དཀར་དབེན་པའི་དགའ་ཚལ་ནས། །
ཐུབ་བསྟན་གངས་དཀར་ལྷུན་པོ་ཕྱོགས་སུ་རྒྱས། །
སྡེ་གསུམ་ཀློང་དགུའི་མཛོད་ལ་དབང་འབྱོར་ཞིང་། །
ཚེ་གཅིག་ཟུང་འཇུག་གྲུབ་པའི་ཀློང་ཆེན་པ། །
 
ཀུན་བཟང་ཐུགས་ཀྱི་བསྟན་པ་འདི་ཉིད་དང་། །
མི་འབྲལ་མར་མེའི་འོད་དང་སྡོང་བུ་བཞིན། །
འགྲོགས་ནས་རང་སྣང་ཞིང་ཁམས་མངོན་གྱུར་དུས། །
ལུང་ཟིན་རྒྱལ་བའི་དབང་པོ་མཇལ་བར་ཤོག །
       ༢༠༢༢ལོའི་ཟླ༢ཚེས་༡༩ཉིན་རྣོ་གྲི་ནས་བྲིས་པ་དགེ་གྱུར་ཅིག །
 
ཚངས་དབྱངས་རྒྱ་མཚོ།
                   
སྐྱིད་ཆུའི་ངག་ཀྱལ་ལབ་པའི་སྒྲ་ལ་ཉན་ན། །
མ་སྐྱེས་ཨ་མའི་གསང་འཕྲིན་ཡིད་ལ་འཁོར་ཡོང་། །
གཡུ་ཐོག་ཟམ་ཆུང་སྟེང་གི་མིག་ཞགས་གཉོམ་པོ། །
རས་རྐྱང་གློ་ཁ་དྲན་པའི་བརྡ་དེ་ལོས་ཡིན། །
 
ལྷ་སའི་ཁྲོམ་གཟིགས་ཁང་གི་གཡུ་ཆུང་དྲུག་དཀར། །
འཕྱོངས་རྒྱས་ཟླ་བ་སྒྲོན་མའི་མགུལ་དུ་བསྒྲོན་ཡོད། །
ཡར་ཀླུང་བྱེ་མའི་གཞུང་ནས་མེ་ཏོག་བཞད་ཉིན། །
གཡུ་ཆུང་ལྷ་ལ་ཕུལ་ནས་སྐྱབས་འཇུག་ཞུ་རོགས། །
 
གཟིམ་ཆུང་སྒོ་ཐེམ་འགྲམ་གྱི་རྡོ་སྐས་ནར་མོ། །
སེམས་སོང་མ་སྐྱེས་ཨ་མའི་མིག་ཆུས་བརླན་མྱོང་། །
སྐྱོ་གཞས་དབྱངས་ལ་འཐེན་སའི་ཤོག་ལྷེ་རལ་བོ། །
གུ་ཡངས་ས་མཐའི་སྤྲང་པོའི་ཚེ་ནོམ་ལོས་ཡིན། །
 
རྫོང་རྒྱབ་ཀླུ་ཁང་ནང་ནས་མདའ་རྩེད་ངོམ་གྱིན། །
སྐྱིད་ཤོད་ལྷ་སའི་གྲོང་ནས་བག་ཡངས་ཉུལ་དུས། །
དད་འདུན་ལྷ་ལས་མཐོ་བའི་ཚངས་དབྱངས་རྒྱ་མཚོ། །
དག་སྣང་ཁབ་མིག་དོག་པོར་ཤོང་ཐབས་བྲལ་སོང་། །
 
འཁྲུལ་ཞིག་སེམས་ཀྱི་ནམ་མཁའ་དྭངས་གཙང་ཡིན་ཡང་། །
རྐང་རྡུལ་ཐོད་དུ་ལེན་པའི་དད་འདུན་གཙང་མ། །
སྐྱིད་ཆུ་ཡར་ལ་བཞུར་བའི་རླབས་དང་འགྲོགས་ནས། །
ཡར་ཀླུང་གཙང་བོའི་གཞུང་ནས་གྲམ་པར་ཐིམ་སོང་། །
                ༢༠༢༢ལོའི་ཟླ་༣ཚེས༡༨ཉིན།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀློང་ཆེན་པ།(ཞར་བཀོད་གཅིག་ཡོད)

2022-04-07 རྣོ་གྲི།(གསེར་རྟ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།