གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡོ་རོབ་ཀྱི་བུ་མོ་ཞིག་ལ་འཁྲིག་སྲེད་ཀྱི་སྐོར་ནས་བཅར་འདྲི་བྱས་པ།

2011-12-21 16:14:00 རྨ་དུག་ལྕེ། ཀློག་གྲངས། མཆན ཡོད།

1 དྲི་བ།  མིང་དང་ལོ་རྒྱུས་མདོར་བསྡུས་ཤིག་གསུང་རོགས།

  ལན། ངའི་མིང་ལ་་་་་་་་དགོས་དབང་ཞིག་གིས་མིང་འདིར་འགོད་ཐབས་བྲལ་བར་ཀློག་པ་པོར་དགོངས་དག་ཞུ་་་་་་་་་་་་་་་ཟེར་ཞིང་ཧྥ་རན་སའི་ཤར་ཕྱོགས་ནས་1980 ལོར་སྐྱེས།ངའི་ཨ་ཕ་ཧྥ་རན་སིའི་མི་དང་ཨ་མ་སི་ཁོ་ལན་ཌི་ནས་འདིར་མནའ་མར་ཡོང་བ་ཞིག་ཡིན།ང་ཚོར་དེང་སང་འབྲེལ་བ་དེ་ཙམ་མེད།  སློབ་གྲྭ་འགྲིམས་པའི་ལོ་རྒྱུས་དང་ཕ་མའི་གནས་ཚུལ་དེ་ཙམ་གལ་ཆེན་མ་རེད་འདོད།

2 དྲི་བ། ཁྱེད་རང་ལ་གང་དྲིས་པ་དེར་དྲང་ཐད་ནས་ལན་འདེབས་གནང་བ་ལས་ང་ལ་ངོ་དགའ་ལྟ་བུའི་བཟང་རྫུའི་ངོ་འབག་འོག་ནས་དོན་དངོས་མི་འདོར་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

 ལན། དེར་སེམས་ཁྲལ་མ་གནང་།ཁྱེད་ཀྱིས་འགན་ཆེ་མདོག་གིས་ང་ལ་དྲི་བ་ཞིག་འདྲི་བའི་གོ་སྐབས་སྤྲོད་ཅེས་ཉིན་ཤས་འགོར་སོང་། འོན་ཀྱང་ང་བྲེལ་བའི་དབང་གིས་དེ་རིང་བར་ལན་འདེབས་པའི་གོ་སྐབས་མ་རེག་པར་དགོངས་དག་ཞུ། གང་ལྟར་ངའི་ལན་འདི་ལ་འགན་ལེན་གྱིན་ཡོད་པས། སེམས་ཁྲལ་མ་གནང་རོགས།

 3 དྲི་བ། ཁྱེད་རང་བོད་ལ་དོ་སྣང་བྱུང་སྟངས་དང་བོད་ལ་དགའ་བོ་ཡོད་པའི་རྒྱུ་མཚན།
 
ལན། ལོ་ཤས་གོང་ནས་ངས་ཕེ་རིས་སིར་(Paris)ལས་ཀ་བྱས་པ་ཡིན།  2008 ལོར་བཀྲ་ཤིས་ཟེར་བའི་བོད་པ་ཞིག་ངོ་ཤེས་སོང་།ངས་ཐོག་མར་ཁོ་མཐོང་བ་དང་མི་འདི་ཕལ་ཆེར་American Indian (ཨ་མི་རི་ཀའི་གདོད་མའི་མི་རིགས་བོད་པ་དང་གདོང་དབྱིབས་འདྲ་བོ་ཡོད་པ་ཞིག)ཟེར་བའི་མི་རིགས་དེ་རེད་བསམ་སོང་། ང་མི་རིགས་དེར་ཧ་ཅང་དགའ་བོ་ཡོད་ལ། མི་རིགས་དེའི་རིག་གཞུང་དང་ལྷག་པར་མི་རིགས་དེའི་གཞས་ལ་དགའ་བོ་ཡོད།ངས་བཀྲ་ཤིས་ལ་ཁྱེད་རང་ཕ་ཡུལ་གང་ནས་ཡིན་དྲིས་པས། ཁོས་ང་རང་བོད་པ་ཡིན་ཟེར་གི་འདུགསྐབས་དེར་ངའི་སེམས་ལ་བརྗོད་མི་ཤེས་པའི་དགའ་སྤྲོ་ཞིག་སྐྱེས་སོང་།གང་ཞེ་ན་འཛམ་གླིང་འདིར American Indian མ་ཡིན་པའི་མི་རིགས་དེ་དང་གཅིག་པ་ཞིག་ཡོད་པ་རེད་ཨང་བསམ་སོང་། སྐབས་དེར་ངས་སེམས་གཏིང་ནས་དཀོན་མཆོག་ལ་བཀའ་དྲིན་ཞུས་པ་ཡིན། གང་ཞེ་ན་དཀོན་མཆོག་གིས་ང་ལ་གོ་སྐབས་འདི་འདྲ་ཞིག་སྤྲད་པ་དངོས་གནས་ང་ལ་མཚོན་ན་ཡ་མཚན་རེད།

 4དྲི་བ།  ཁྱེད་རང་ཡུ་རོབ་ནས་འཚར་ལོང་བྱུང་ཞིང་མགོ་སེར་མ་ཞིག་ཡིན་ལ།ནུབ་ཕྱོགས་ཀྱི་སློབ་གསོས་བསྐྱངས་པ་ཞིག་ཡིན་པས་ངོས་ནས་ཨེ་ཤ་ཡ་དང་ལྷག་པར་དུ་བོད་ཀྱི་སྐོར་ལ་ཧྥ་རན་སི་དང་བསྡུར་ན་ཆེས་མ་འདྲ་ས་ག་རེ་འདུག 

 ལན། སྤྱིར་མི་འདྲ་ས་མང་པོ་འདུག ཕལ་ཆེར་འཚོ་བ་རོལ་སྟངས་དང་དགའ་རོགས་སྒྲིག་སྟངས། ཕྱོགས་མང་པོ་ཞིག་ནས་རྦད་དེ་ཐ་ཐད་རེད།དཔེར་ན་བོད་པ་ཚོར་རྒན་བཀུར་གྱི་འདུ་ཤེས་དེ་བློ་ཡིད་ལས་འདས་པ་ཞིག་འདུག་ལ།ལྷག་པར་དུ་གྲོགས་པོ་ནང་ཕན་ཚུན་གྱི་འབྲེལ་བ་དེ་སྐད་ཆ་ཚིག་ཁ་ཤས་ཤིག་གིས་བརྗོད་ཐུབ་པ་ཞིག་མ་རེད། འཛམ་བུ་གླིང་འདིར་བོད་མི་རིགས་ཟེར་བ་ཞིག་ཡོད་པ་འདི་འཛམ་གླིང་མི་མང་གི་བསོད་ནམས་རེད་བསམ་གྱི་ཡོད། དཔེར་ན་ང་རྡ་རམ་ས་ལར་ཕྱིན་པ་ཡིན།ཐེག་ཆེན་གཙུགས་ལག་ཁང་གི་སྒོ་ཆེན་ནས་ཡར་འཛུལ་བ་དང་ངས་སངས་རྒྱས་ཀྱི་བྱིན་རླབས་ཚོར་ཐུབ་ཀྱི་འདུག  ཚོར་བ་དེས་ང་ཉིན་མོའི་ཟས་ཀྱང་བརྗེད་འགྲོ་གི་འདུགངས་རྒྱུན་དུ་གཙུག་ལག་ཁང་དུ་བསྐོར་བ་བྱས་ཤིང་དེ་རུ་བསྒོམ་བརྒྱབ་ནས་བསྡད་པ་ཡིན།དེ་ནི་ང་ལ་མཚོན་ན་མི་ཚེ་འདིའི་ནང་གི་སྤྲོ་སྣང་ཆེ་ཤོས་ཤིག་ཡིན། (སྐབས་འདིར་བུ་མོ་འདིའི་མིག་ཆུ་ཤམ་ཤམ་དུ་བཞུར་སོང་།) གང་ལྟར་མེག་ལོར་གྷན་ཅིའི་སྲང་ལམ་ཡོད་ཚད་ནས་སངས་རྒྱས་ཀྱི་བྱིན་རླབས་ཚོར་གྱི་འདུག

 5 དྲི་བ། ད་ནི་ཆགས་སྲེད་དམ་བརྩེ་དུང་གི་ཕྱོགས་ནས་དྲི་བ་འདྲི་གི་ཡིན།ཁྱེད་ལ་མཚོན་ན་བརྩེ་བ་དང་འདོད་སྲེད་གཉིས་ཀྱི་ཁྱད་པར་ངོས་འཛིན་ཅི་འདྲ་ཞིག་བྱེད་ཀྱིན་ཡོད།

 ལན། ཧཧཧ། ཆགས་སྲེད་ནི་ཕྱི་ཡི་ཚོར་བ་ཙམ་རེད། དཔེར་ན་མགོ་ལ་ཟ་འཕྲུག་ལངས་པ་དང་གཅིག་པ་རེད།དེའི་ཕྱིར་ཆགས་པ་ལངས་པའི་སྐབས་སུ་མི་སུ་ཞིག་དང་གོ་སྐབས་རེག་ན་འཁྲིག་སྤྱོད་བྱེད་ཆོག་པ་ཞིག་རེད། དེ་ནི་གལ་ཆེན་པོ་དེ་འདྲ་ཞིག་ལ་མཐོང་གི་མེད། འོན་ཀྱང་བརྩེ་དུང་ཟེར་བ་དེ་ནང་གི་སེམས་ཚོར་དངོས་ཤིག་རེད། མི་ཞིག་ལ་མཚོན་ན་དེ་ཆེས་གལ་ཆེ་ཤོས་ཤིག་རེད། དེས་ཕྱིར་མི་སུ་ཡིན་མཉམ་དུ་འཁྲིག་སྲེད་བྱེད་ཆོག་མོད།བརྩེ་བ་སྤྲོད་ཆོག་ཆོག་དེ་འདྲ་ཡོད་པ་མ་རེད། བརྩེ་བ་དངོས་དེ་རང་ཉིད་ཆེས་དགའ་སའི་མི་དེར་སྤྲོད་དགོས་རེད།

 6 དྲི་བ། ཁྱེད་རང་གིས་བརྩེ་དུང་ལ་བལྟ་སྟངས་ཤིག་གསུངས་རོགས།
 
ལན། ང་ལ་དམིགས་བསལ་བརྩེ་དུང་ལ་འདི་འདྲ་ཞིག་དགོས་ཀྱི་རེད་ཅེས་བརྗོད་ཁག་པོ་འདུག འོན་ཀྱང་བརྩེ་དུང་མེད་པའི་མི་ཞིག་ལ་མཚོན་ན་སྣུམ་མེད་པའི་རླངས་འཁོར་ལྟ་བུ་ཞིག་རེད།མི་ཚེར་དོན་སྙིང་དེ་ཙམ་ཡོད་པ་མ་རེད།

 7 དྲི་བ། ཁྱེད་ཀྱིས་ཟླ་གཉིས་རིང་གི་རྡ་སའི་འགྲུལ་བཞུད་ཁྲོད་བོད་པ་11 དང་དགའ་རོགས་བསྒྲིགས་འདུག་ལ།བོད་མོ་ཞིག་ལ་མཚོན་ན་ཟླ་གཉིས་རིང་དགའ་རོགས་11 ཕར་ཞོགས་མི་ཚེ་གཅིག་ལ་དགའ་རོགས་11 བསྒྲིགས་མ་མྱོང་མཁན་མང་པོ་ཞེ་དྲག་རེད།  དེའི་ཕྱིར་གནས་ཚུལ་འདི་བོད་ལ་མཚོན་ན་ཧ་ལས་དགོས་པའི་གནས་ཚུལ་ཞིག་རེད་མོད།ཁྱེད་ཀྱི་ཡུལ་ལུང་ལ་མཚོན་ན་གནས་ཚུལ་འདི་རྒྱུན་ལྡན་ཞིག་རེད་དམ།

 ལན། དགོངས་དག ངའི་ཐེངས་འདིའི་འགྲུལ་བཞུད་ཁྲོད་བོད་རིགས་11 མཉམ་དུ་འཁྲིག་སྲེད་བྱས་པ་ལས་དགའ་རོགས་བསྒྲིགས་མེད། དེའི་ཁྲོད་དུ་ང་ལ་དགའ་རོགས་གཅིག་ཁོ་ན་ལས་མེད།ཁོང་ནི་ཆེས་ཡིད་དུ་འོངས་པའི་བོད་པའི་ཕོ་གསར་ཞིག་རེད་ལ། ཁོང་གི་ངོ་གདོང་དེ་མི་གཞན་སུ་དང་མི་འདྲ་བ་ཞིག་རེད། ལྷག་པར་དུ་ཁོའི་གད་མོ་ཤོར་སྟངས་དེས་ང་དྲན་པ་འཐོར་ལ་ཁད་དུ་ཐེངས་མང་བཅུག་སོང་།

 8 དྲི་བ། ངས་གསལ་བོར་ཧ་གོ་བ་ཞིག་ལ། འདོད་བདེ་སྟེར་ཐབས་སྟེང་ནས་མགོ་སེར་དང་བསྡུར་ན་བོད་པ་ཆེས་རྗེས་ལུས་ཡིན་པ་དེ་རེད།འོན་ཀྱང་ཁྱེད་ཀྱིས་མགོ་སེར་ལས་བོད་པའི་བུ་ལ་དགའ་བོ་བྱེད་དགོས་དོན་ཅི་ཡིན།  

 ལན།ང་ལ་མཚོན་ན་བོད་པའི་བུ་ཡིས་འཁྲིག་སྤྱོད་ཀྱི་སྒྱུ་རྩལ་ལམ་ཐབས་ལམ་དེ་མགོ་སེར་ལས་རྗེས་ལུས་གཏན་ནས་མ་རེད། བོད་པའི་ཕོ་གསར་ཁ་ཤས་ཀྱིས་ངའི་ལུས་ལ་མེ་འབར་བ་ལྟ་བུའི་འདོད་བདེ་སྟེར་མྱོང་། འོན་ཀྱང་བོད་པའི་ཕོ་གསར་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་ཕོ་མཚན་དེ་ཙམ་ཆེན་པོ་མེད་པ་དེ་རེད།

 9 དྲི་བ། སྤྱིར་ནུབ་ཕྱོགས་པ་དང་མི་ནག་ལ་བལྟས་ན་བོད་པའི་ཕོ་མཚན་ཧ་ཅང་ཆུང་ཆུང་རེད།ད་དུང་མགོ་སེར་དང་མི་ནག་ལ་བལྟས་ན་བོད་པའི་བུ་ཚོར་ཁུ་བ་མྱུར་བར་བཤད་ཀྱིན་པ་གོ་ཐོས་བྱུང་།དེ་བདེན་པ་རེད་དམ།

 ལན། ངས་གོང་དུ་བརྗོད་ཟིན་པ་ལྟར་རེད། བོད་པའི་བུ་ཡི་ཕོ་མཚན་དེ་ཙམ་ཆེན་པོ་མ་རེད་མོད།ང་ལ་མཚོན་ན་འགྲིག་གི་འདུག  མགོ་སེར་མའི་ཁྲོད་དུ་ཕོ་མཚན་ཆེན་པོའི་རིགས་ལ་དགའ་བོ་ཡོད་མཁན་ཡོད་སྲིད་པ་ཞིག་རེད།སྤྱིར་བུ་མོ་རེ་རེའི་མོ་མཚན་གྱི་ཆེ་ཆུང་དང་གཏིང་ཟབ་ཚད་མི་འདྲ་བས་དེ་ལ་དཔག་པའི་རང་ཉིད་ཀྱི་དགའ་ཕྱོགས་ཤིག་ཡོད་ངེས་རེད། ཁུ་བ་མྱུར་མིན་ཀྱི་ཐད་ཆགས་སྲེད་ཡུན་རིང་བྱས་མ་བྱས་ལ་རག་ལས་པ་ཞིག་རེད་སྙམ། དཔེར་ན་འཁྲིག་སྲེད་དང་པོ་བྱེད་སྐབས་ཁུ་བ་མྱུར་ཏུ་འཆོར་སྲིད་མོད། ཐེངས་གཉིས་པ་དང་གསུམ་པར་རང་བཞིན་གྱིས་ཁུ་བ་འཐོན་པར་འགོར་གི་རེད།

 10 དྲི་བ། ཁྱེད་རང་ལ་མཚོན་ན་ཕོ་མཚན་མཁྲེགས་པོ་ལ་དགའ་བོ་ཡོད་དམ།རིང་པོ་ལ་དགའ་བོ་ཡོད། ཡང་ན་མཁྲེགས་རིང་གཉིས་འཛོམས་ལ་དགའ་བོ་ཡོད།

 ལན། (oh shit) ང་ལ་དེའི་སྐོར་དམིགས་བསལ་ཤོད་རྒྱུ་ཅང་མེད་མོད། གང་ལྟར་མཁྲེགས་པོ་ཡོད་ན་ཡག་པོ་འདུག ཧཧཧཧཧ ཁྱེད་ཀྱིས་དྲི་བ་དེས་ངའི་ངོ་གདོང་ཚ་བོ་བཟོས་སོང་།

 11 དྲི་བ། བུ་ཞིག་ལ་མཚོན་ན་བུ་མོར་འདོད་བདེ་ཆེས་ཟབ་ཤོས་དེ་སྤྲད་དགོས་ན་ཐབས་ལམ་ཅི་འདྲ་ཞིག་ཡག་པོ་འདུག དཔེ་དེ་ཁྱེད་རང་ཉིད་ཀྱི་སྟེང་ནས་བཤད་རོགས།

 ལན། ང་ལ་མཚོན་ན་འདི་ལ་ཆ་རྐྱེན་གཙོ་བོ་གཉིས་མཐོང་གི་འདུག གཅིག འདི་གལ་ཆེ་ཤོས་ཡིན།གཙོ་བོ་བུ་དེའི་བུ་མོའི་དེར་ཆ་ཡོད་རྒྱུས་ཡོད་ཅིག་ཡིན་དགོས། གང་ཞེ་ན་ང་ལ་མཚོན་ན་ཆགས་སྲེད་སྐབས་ཅུང་ཟད་དྲག་ལས་རིགས་དགོས་མཁན་ཞིག་ཡིན། དཔེར་ན་ཐལ་ལྕག་གཞུ་བ་དང་། སོ་འདེབས་པ།ད་དུང་མཚན་མ་ནང་འཇུག་སྐབས་ཤུགས་ཀྱིས་བསྣུན་པ།ནུ་མ་དང་འཕོང་མགོ་ད་དུང་བྱ་ལེ་སོགས་ལ་འཕུར་མཉེད་སྐབས་ལག་འཇམ་བྱེད་པ་ལས་ཅུང་ཟད་རྩུབ་ལས་རིགས་ལ་དགའ་བོ་ཡོད། ད་དུང་ཁ་དང་ལྕེ་མཛུབ་མོ་སོགས་ཀྱིས་མཚན་མ་དང་བཤང་ལམ་སོགས་ལས་ཆགས་སྲེད་སློང་རྒྱུ་ཡང་གལ་ཆེན་པོ་རེད་མོད།ངའི་ཚོར་སྣང་ལ་བོད་པའི་བུ་མང་ཆེ་བས་བཤང་ལམ་ལ་མི་བྱེད་པ་དང་དེར་མཛུབ་མོ་དང་ལྕེ་ཡིས་བྱ་བ་མི་བྱེད་པ་དེ་རེད། དེ་ནི་ཅུང་ཟད་དགོད་བྲོ་བ་ཞིག་རེད། ང་ཆེས་མི་དགའ་ས་ཞིག་ཡོད་པ་ནི་འཁྲུགས་སྲེད་དངོས་སུ་བྱེད་སྐབས་སྐད་ཆ་ཤོད་པ་དང་ལེ་ལོའི་རྣམ་འགྱུར་མངོན་པ་འདི་གཉིས་ཡིན།གཉིས་པ་ནི། གལ་སྲིད་རང་ཉིད་ཀྱི་འཁྲིག་སྲེད་བྱེད་སའི་བུ་མོ་དེར་ཆ་རྒྱུས་དེ་ཙམ་མེད་ན་འཁྲིག་སྤྱོད་མ་བྱས་པའི་སྔོན་ལ་མོ་དང་སྐད་ཆ་དྲིས་ནས་རྒྱུས་ལོན་བྱ་རྒྱུ་དེ་རེད།  ཡང་གཅིག་བཤད་ན་རྩུབ་ལས་ལ་མི་དགའ་བའི་བུ་མོའང་མང་པོ་རེད་བསམ་གི་འདུག
 
12 དྲི་བ། བུ་མོ་ཁ་ཤས་ཀྱིས་བཤད་ན།མཚན་མ་གཉིས་སྦྱོར་ལས་འཇིབ་ལྡག་ཡག་པོ་འདུག་ཟེར་གིན་འདུག།ཁྱེད་ལ་མཚོན་ན་དེ་གཉིས་ཀྱི་གང་ཞིག་ཡག་པོ་འདུག

 ལན། ང་ལ་དམིགས་བསལ་འདི་ཡག་པོ་འདུག་ཅེས་ཤོད་རྒྱུ་མེད། དེ་གཉིས་ཀ་ཡག་པོ་འདུག
 ས་འདིར་བུ་མོ་ནང་ཕན་ཚུན་བར་དགའ་རོགས་བསྒྲིགས་ནས་བུ་ལ་དོ་སྣང་མི་བྱེད་པའམ་བུ་དང་མཉམ་དུ་འཁྲིག་སྤྱོད་མི་བྱེད་མཁན་མང་པོ་རེད།ཡང་བུ་དང་བུ་མོ་གཉིས་ཀར་དགའ་རོགས་སྒྲིག་མཁན་མང་པོ་ཡོད་རེད། ཁྱེད་ཀྱིས་དེ་ཚོར་དྲིས་ན་དྲི་བ་འདིའི་ལན་ང་ལས་གསལ་བོ་ཞིག་རེག་གི་རེད། ངས་སྔར་བུ་མོ་ཞིག་དང་དྲ་ཐོག་ནས་དགའ་རོགས་བསྒྲིགས་མྱོང་མོད། དངོས་སུ་ཉལ་ནས་འདོད་བདེར་རོལ་མྱོང་མེད། ཁྱེད་ཀྱི་དྲི་བ་འདི་ཕལ་ཆེར་མཚན་མཐུན་ཆགས་སྤྱོད་བྱེད་མཁན་ཞིག་ལ་འདྲི་རྒྱུ་ཞིག་རེད།

 13 དྲི་བ། ཁྱེད་རང་ལ་མཚོན་ལ་འཁྲིག་སྲེད་བྱེད་པའི་དུས་ཡུན་ཅི་ཙམ་ཞིག་ཏག་ཏག་རེད།མང་མ་དྲགས་པ་དང་ཉུང་མ་དྲགས་པ།

 ལན།དེ་ལ་ཆུ་ཚོད་དང་སྐར་མ་བྱས་ནས་ཚོད་ཏག་ཏག་ཅིག་ཤོད་རྒྱུ་མེད་མོད།སྐར་མ་ཉི་ཤུ་ནས་སུམ་ཅུ་འདྲ་བོ་ཡིན་རྒྱུ་རེད། དུས་ཡུན་རིང་དྲགས་ན་ཉོབ་ཀི་འདུག

 14 དྲི་བ། དཔེར་ན་བུ་འཁྲིག་སྲེད་སྐར་མ་45 ཡས་མས་བྱེད་མཁན་ཞིག་དང་མཉམ་དུ་ཆགས་སྲེད་བྱས་ན་དུས་ཡུན་དེའི་ནང་དུ་ཁྱེད་ལ་འཁྲིག་བདེ་ཅི་ཙམ་འཐོབ་ཐུབ་ཀི་འདུག

 ལན།ངས་འཁྲིགས་སྤྱོད་བྱེད་ཐེངས་རེར་ཐེངས་གཉིས་ནས་གསུམ་བར་དུ་འདོད་བདེ་ཐོབ་ཀྱི་འདུགའོན་ཀྱང་སྐར་མ་45 ང་ལ་མཚོན་ན་དུས་ཡུན་ཅུང་ཟད་རིང་དྲགས་འདུག  འཁྲིག་སྤྱོད་གཅིག་དུས་ཡུན་རིང་པོ་ཞིག་ལ་བྱེད་པ་ལས།འོས་ཤིང་འཚམ་པའི་དུས་ཡུན་སྤྱད་ནས་ཐེངས་འགར་འཁྲིག་སྤྱོད་བྱས་ན་སྐྱིད་པོ་འདུག

 15 དྲི་བ་། ཁྱེད་རང་བུ་མོ་ཞིག་རེད། བོད་པ་དང་དགའ་རོགས་བསྒྲིགས་མྱོང་མཁན་ཞིག་རེད། དེའི་ཕྱིར་བོད་པའི་བུ་ཚོས་འདོད་བདེ་སྟེར་ཐབས་ཐད་ནས་མ་འདང་བའི་ཆ་ལ་ལམ་སྟོན་ཞིག་བྱེད་རོགས།

 ལན། མ་འདང་བའི་ཆ་ཟེར་ན་འདྲ།བོད་པ་ཚོས་འཁྲིག་སྤྱོད་ཟེར་བ་དེ་ངོ་ཚ་ཞིག་ལ་བརྩི་གི་འདུག  དེ་ནི་ང་ལ་མཚོན་ན་ཅུང་ཟད་སྣང་བར་འགྲོ་གི་མི་འདུག གང་ཞེ་ན་བོད་མི་ཚོའང་མི་གཞན་དག་དང་འདྲ་བར་འཁྲིག་སྲེད་ལ་དགའ་བོ་ཡོད་པར་མ་ཟད། ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཆེས་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད།དེའི་ཕྱིར་འདི་ལ་ངོ་ཚ་དང་འཛེམས་བག་བྱེད་དོན་མི་འདུག་སྙམ། འོན་ཀྱང་ངས་གསལ་བོར་བཤད་རྒྱུ་ཞིག་ལ། ངས་དེ་ཡག་པོ་མི་འདུག་ཅེས་བརྗོད་ཀྱི་མེད།ངས་བོད་པའི་ཡུལ་སྲོལ་གོམས་གཤིས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད།

 16 དྲི་བ། རྒྱ་གར་ནང་དུ་འཚར་ལོང་བྱུང་བའི་བོད་པའི་བུ་མོར་མཚོན་ན་བརྒྱ་ཆའི་དགུ་བཅུ་དངོས་སུ་ཆགས་སྲེད་བྱེད་དུས་ལོ་20ཡོལ་ཟིན་པ་རེད།ཡུལ་ལུང་འདིའི་བུ་མོ་ཞིག་གིས་ང་ལ་བཤད་ན་མོས་དངོས་སུ་མེ་ཏོག་མི་ཞིག་ལ་སྤྲད་དུས་ལོ་14 ཡིན་པ་དང་མོའི་གྲོགས་མོས་ཀྱང་ལོ་14སྟེང་ནས་དངོས་སུ་དགའ་རོགས་བསྒྲིགས་པ་རེད་ཟེར།  ཡུལ་ལུང་འདིར་བུ་མོ་ཚོས་དགའ་རོགས་བསྒྲིགས་པའི་ལོ་ཚོད་དེ་སྤྱི་ཡོངས་ཀྱི་ཆ་ནས་ཅི་ཙམ་རེད།  ཁྱེད་རང་གི་དངོས་སུ་མེ་ཏོག་གཞན་ལ་སྤྲོད་དུས་ཁྱེད་རང་ལོ་ཅི་ཙམ་ཡིན།

 ལན། སྤྱིར་ལོ་ཆུང་ཆུང་སྐབས་འཁྲིག་སྲེད་བྱེད་མཁན་དེ་ཡག་པོ་མི་འདུག འོན་ཀྱང་མིའི་མངོན་འདོད་སུས་ཀྱང་འགོག་ཐབས་མེད།ཡུལ་འདིར་མཚོན་ན་བུ་མོ་མང་པོ་ཞིག་གི་དགའ་རོགས་བསྒྲིགས་པའི་དུས་ཚོད་དེ་ཕལ་ཆེར་ལོ་16་དང་17་ཡས་མས་རེད། འོན་ཀྱང་དེའི་སྔོན་ལ་དགའ་རོགས་སྒྲིག་མཁན་ཀྱང་ཡོད་རེད།དེ་ཧྥ་རན་སི་གཅིག་བུ་མ་རེད། ངས་བལྟས་ན་མགོ་སེར་ཡུལ་ལུང་མང་ཆེ་བ་རེད། ཡིན་ནའང་ལོ་20རྗེས་ལ་མ་གཏོགས་དགའ་རོགས་མི་སྒྲིག་མཁན་བུ་མོ་ཡོད་སྲིད་པ་ཞིག་རེད།དགོངས་དག  ངས་ཐོག་མའི་དགའ་རོགས་སྒྲིག་པའི་ལོ་ཚད་དེ་གསང་བ་ཡིན།

 17དྲི་བ།  བུ་ཞིག་ལ་མཚོན་ན་དགའ་རོགས་དངོས་སུ་མ་སྒྲིག་སྔོན་ལ་བུ་མོའི་རྣམ་པ་དང་བྱད་གཟུགས་ལ་བལྟ་གི་རེད།དངོས་སུ་དགའ་རོགས་སྒྲིག་སྐབས་མཚན་མའི་དབྱིབས་དང་ཁ་དོག  ཆེ་ཆུང་།ད་དུང་གཡའ་ཆུ་མང་ཉུང་སོགས་ལས་བུ་མོ་དེར་བརྩེ་བ་ལྷག་མ་ཡོང་མི་ཡོང་གི་ཁྱད་པར་ཡོད་རེད།ཁྱེད་རང་ལ་མཚོན་ན་བུ་ཡི་བྱད་གཟུགས་ཕུད་ཕོ་མཚན་གྱི་གྲུབ་ཚུལ་དང་ཁ་དོག ད་དུང་ཆེ་ཆུང་སོགས་ལས་བུ་དེ་ལ་དམིགས་བསལ་བརྩེ་དུང་སླེབས་མ་སླེབས་ལ་རྗེས་འགྲོ་བྱེད་ཀྱི་འདུག་གམ།དཔེར་ན་ང་ལ་མཚོན་ན། མོ་མཚན་གྲིས་གཤགས་པ་ལྟ་བུ་ཁ་ཟུམ་ནས་ཡོད་པ་བྱ་ལེ་ཕྱི་ལ་མི་མངོན་པའི་རིགས་ལ་དགའ་བོ་ཡོད་ལ།མཚན་མའི་ནང་འཇམ་པོའི་རིགས་ལ་དེ་ཙམ་དགའ་བོ་མེད།

 ལན། གད་མོ་དང་བཅས། ང་དགའ་སའི་བུ་དེ་ཚོ་དམིགས་བསལ་གྱི་ཤ་རྩ་དཀར་མིན་དང་སེམས་པ་བཟང་མིན་དེ་འདྲ་མ་རེད། བུ་དེ་ཚོའི་ངོ་གདོང་ལས་ང་རང་ཉིད་ལ་འཐོབ་འོས་པའི་དམིགས་བསལ་ཁྱད་ཆོས་ཤིག་འཚོལ་གྱི་ཡོད། ངས་དབྱིན་སྐད་ཀྱི་ཐོག་ནས་སྐད་ཆ་དེ་ཤོད་ཐུབ་ཀྱི་མི་འདུག ཧྥ་སྐད་ཐོག་ནས་བཤད་ན་འདི་ལ།masculinité ཟེར་གྱི་ཡོད་རེད། (འདིའི་དོན་ནི་ཕོ་རབ་ཀྱི་ཉམས་ལ་གོ་བ་བླངས་ན་འགྲིག)  ཕོ་མཚན་གྱི་ཁ་དོག་ལ་ཁྱད་པར་མི་འདུག འོན་ཀྱང་དབྱིབས་དེ་གལ་ཆེན་པོ་རེད།ཕོ་མཚན་འགྲེངས་པའི་ཚེ། ཐད་ཀར་ཡོད་པ་དང་རྩེ་གྱེན་དུ་ཕྱོགས་ནས་གུག་ཡོད་པ།མར་གུག་ཡོད་པ།ཡང་ཁ་ཤས་ཤིག་གཡས་གཡོན་གང་རུང་ལ་གུག་ཡོད་པ་སོགས་རིགས་འདྲ་མིན་ཡོད་པའི་ནང་ནས་།གཡས་གཡོན་གང་རུང་ལ་གུག་ཡོད་པ་དེ་ཡག་པོ་འདུག ཧཧཧཧཧ དྲི་བ་ཚར་གྲབས་ཡོད་དམ། ལན། ད་དྲི་བ་གསུམ་ལས་མེད།

 18 དྲི་བ། བོད་པར་མཚོན་ན་ཆགས་སྲེད་ཆེ་བའི་རིགས་སམ་གང་ལྟར་འདོད་བརྩེ་ལ་ཚོད་མེད་དུ་ཞུགས་མཁན་ཚོར་སྤྱི་ཚོགས་ནང་མཐོང་སྣང་དེ་ཙམ་ཡག་པོ་མེད་མོད། ཧྥ་རན་སིའི་གཏམ་དཔེ་ཞིག་སྟེ།བརྩེ་དུང་མེད་པའི་མི་ཚེ་དེ་མེ་ཏོག་མེད་པའི་ལྡུམ་ར་ཡིན། ཟེར་གིན་ཡོད་རེད།ཁྱེད་ལ་མཚོན་ན་དེ་ག་རང་རེད་པས།

 ལན།ང་ལ་མཚོན་ན་མི་ཚེ་ལ་བརྩེ་དུང་མེད་ན་མི་ཚེ་ལ་སྤྲོ་སྣང་ཡོང་མི་སྲིད་པ་ཞིག་རེད་སྙམ། ངའི་འདིའི་དོན་ནི་མི་ཚེའི་བདེ་སྐྱིད་ཡོད་ཚད་བརྩེ་དུང་གི་སྟེང་ནས་འབྱུང་གི་ཡོད་པའི་དོན་མིན་མོད།བརྩེ་དུང་ནི་མི་ཚེའི་བདེ་སྐྱིད་ཀྱི་རྨང་གཞི་རེད་ཅེས་ངས་ཐག་བཅད་ནས་བཤད་སྤོབས།

 19 དྲི་བ།ངས་དྲི་བ་དྲིས་ལན་འདི་ང་རང་ཉིད་ཀྱི་ཟིན་བྲིས་སུ་འགོད་འདོད་ཡོད་ལ་མཉམ་དུ་ཁྱེད་ཀྱིས་པར་ཞིག་ཀྱང་འགོད་འཆར་ཡོད་ན།ཁྱེད་ལ་བསམ་འཆར་ཡོད་དམ།

 ལན། དྲི་བ་དེ་ཟིན་བྲིས་ནང་བཀོད་ན་ལོས་ཆོག་མོད། ངའི་པར་དང་མིང་མ་བཀོད་རོགས། གང་ཞེ་ན་ཁྱེད་ཀྱིས་གོང་དུ་བཤད་པ་བཞིན་བོད་པས་ཆགས་སྲེད་ལ་མཐོང་ཆུང་བྱེད་ཀྱི་ཡོད་པས། ང་བོད་པ་དང་འགྲོགས་འདྲིས་བྱེད་སྐབས་དཀའ་ངལ་འཕྲད་མི་ཡོང་ངམ་བསམ་གྱི་འདུག
2
 20 དྲི་བ། མཐའ་དོན་ཁྱེད་ཀྱིས་ཆུ་ཚོད་མང་པོ་འཕྲོ་བརླགས་བཏང་ནས་དྲི་བར་ལན་འདེབས་གནང་བར་ཐུགས་རྗེ་ཆེ་ཞུ། གོ་སྐབས་འདི་བརྒྱུད་ནས་བོད་པའི་ཕོ་གཞོན་མོ་གཞོན་ཚོར་བརྩེ་དུང་ལ་རོལ་སྟངས་ཕྱོགས་ནས་རེ་སྐུལ་འདྲ་ཡོད་དམ།

 ལན། དམིགས་བསལ་འབོད་སྐུལ་ཞུ་རྒྱུ་མེད་མོད།ངས་མཐོང་སྣང་ལ་བོད་པའི་བུ་དང་བུ་མོ་གཉིས་བསྡུར་ན་བོད་པའི་བུ་མོར་རང་དབང་ཆུང་བ་འདུག དེའི་ཤུགས་རྐྱེན་འོག་བོད་པའི་བུ་མོ་ཚོ་རང་ཁྱིམ་ནས་ཀྱང་འགྲུལ་བ་བཞིན་བྱ་སྤྱོད་དང་སྐད་ཆར་གཟབ་ནས་སྡོད་ཀྱི་འདུག དེ་ཡག་པོ་མི་འདུག  བོད་པའི་བུ་ཚོས་ངོས་ནས་དེ་ལ་ཐུགས་བསམ་བཞེས་རོགས་ཞུ་རྒྱུ་ཡིན།
  རྒྱ་ཆེ་བའི་ཀློག་པ་པོ་ཡོངས་ལ་དགོངས་སེལ་ཞུ་རྒྱུ་ཞིག་ལ།ངའི་ཐོག་མར་བུ་མོ་འདིའི་པར་དང་མིང་ཟིན་བྲིས་སུ་འགོད་འཆར་ཡོད་མོད།མོས་མོས་མཐུན་བྱས་མ་སོང་བས་ང་ལའང་ཐབས་ཤེས་ཟད་སོང་།

རྩོམ་ཁུངས། རྨ་དུག་ལྕེའི་པོད་ཁུག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།