གསར་འགོད་པ་ཐང་དགེ་འབྲུག་ཐར་གྱིས་གླུ་བ་སྒྲོལ་མ་སྐྱབས་ལ་བཅར་འདྲི་བྱས་པ།

གསར་འགོད་པ་འབྲུག་ཐར། 琼迈文学网 2008-12-23

ཐང་དགེ་འབྲུག་ཐར།  བཀྲ་ཤིས་བདེ་ལེགས།
སྒྲོལ་མ་སྐྱབས།    བཀྲ་ཤིས་བདེ་ལེགས།
ཐང་དགེ་འབྲུག་ཐར།  ཁྱེད་རང་གངས་ལྗོངས་གཞོན་ནུའི་གླེང་སྟེགས་ལ་ཞུགས་དེ་ངེད་ཅག་གི་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ་ཞུ།   ཐོག་མར་ཁྱེད་རང་གླུ་གར་སྒྱུ་རྩལ་གྱི་ལམ་བུར་ཞུགས་པ་ནས་ཀུན་ལ་ཆ་ཡོད་རྒྱུས་ཡོད་དུ་གྱུར་བའི་བརྒྱུད་རིམ་དེའི་སྐོར་གྱི་ཁ་བརྡ་ཐུང་ངུ་ཞིག་བྱས་ན།
སྒྲོལ་མ་སྐྱབས། ཡ།   ང་རང་ཆུང་དུས་ནས་གླུ་གར་ལ་དགའ་མཁན་ཞིག་ཡིན།  ཕལ་ཆེར་རང་གི་ཁོར་ཡུག་དེའི་རྐྱེན་ནམ་མཚམས་གང་ཞིག་ནས་གླུ་གར་ལ་མོས་པ་ང་ལའང་དེ་འདྲའི་གསལ་ཆ་མི་འདུག  གང་ལྟར་སློབ་ཆུང་ནས་བཟུང་དུས་ཆེན་སོགས་ལ་དགེ་རྒན་གྱི་བཀོད་བསྒྲིགས་ལྟར་འདུ་ཚོགས་ནས་ཡིན་མིན་གྱི་གཞས་བཏང་མྱོང༌། དེ་ལྟར་སློབ་འབྲིང་དང་སློབ་ཆེན་བརྒྱུད་པའི་བར་དུ་རང་གི་འཛིན་གྲྭ་དང་སྡེ་ཁག་གི་ཚབ་དུ་གླུ་གར་གྱི་བྱ་འགུལསྣ་ཚོགས་ལ་ཞུགས་མྱོང༌། ད་སྐབས་ཕྱི་འདང་བརྒྱབ་ན་དེ་དག་ཀུན་ངོ་མས་སློབ་མའི་སློབ་ཞོར་གྱི་བྱ་འགུལ་ཙམ་རེད།༩༩ལོར་གཙོས་མི་རིགས་དགེ་ཐོན་སློབ་གྲྭ་མཐར་ཕྱིན་མ་ཐག་རྔ་བ་ཁུལ་ནོར་སྲིད་ལས་ཁུངས་ནས་བྱ་བའི་ལས་ལ་ཞུགས་ཤིང་ཞོར་དུ་གཟི་ཚ་སྡེ་དགུར་སོང་དེ་དངོས་སུ་གླུ་གར་གྱི་ལས་ལ་ཞུགས་པ་ཡིན།  སྐབས་དེར་གཟི་ཚ་སྡེ་དགུ་རུ་ནོར་སྲིད་ལས་ཁུངས་ཀྱིས་བསྒྲུབས་པའི་སྒྱུ་རྩལ་ཚོགས་པ་ཞིག་འདུག  ང་རིམ་བཞིན་དེ་ལ་སོང་དེ་གཞས་གཏོང་བའི་བྱ་བ་གཉེར་ཞིང་དེ་ལྟར་ཆེད་ལས་གཞས་པའི་ཕྱོགས་སུ་འབད་པ་བྱས་པ་ཡིན།  ལོ་ངོ་བཞི་ལ་གཟི་ཚ་སྡེ་དགུ་ནས་གླུ་གར་གྱི་བྱ་བ་གཉེར་ཞིང༌། ༢༠༠༣ལོར་སི་ཁྲོན་མི་རིགས་གླུ་གར་ཚོགས་པའི་གདན་ཞུས་ལྟར་ཁྲི་འདུ་གྲོང་ཁྱེར་ལ་སོང་སྟེ་མི་རིགས་གླུ་གར་ཚོགས་པ་ནས་གཞས་པའི་བྱ་བ་གཉེར་བ་ཡིན། ༢༠༠༦ལོར་ཕྱིར་རང་ཡུལ་ལ་ལོགས་པ་ཡིན།  བྱ་བའི་ལས་ལ་ཞུགས་པ་ནས་ད་ལྟའི་བར་རང་གིས་གོ་སྐབས་བཙལ་དེ་ལོ་རེའི་ཟླ་གཉིས་ཙམ་བེད་སྤྱད་དེ་སི་ཁྲོན་རོལ་དབྱངས་སློབ་གླིང་གི་དགེ་རྒན་འགའ་རེར་བརྟེན་ནས་རང་གི་ཆེད་ལས་ཕྱོགས་ལ་འབད་པ་ཧུར་ཐག་བྱས་མྱོང༌། གང་ལྟར་ད་སྐབས་བོད་ཡུལ་ན་ཚང་མས་ཚོར་བཞིན་པའི་ངའི་གླུ་ངག་གི་བགས་ཆགས་འདིའང་རྨི་ལམ་ཞིག་གི་ཟོལ་གྱིས་ཐོབ་པ་ཞིག་གཏན་ནས་མིན། 
ཐང་དགེ་འབྲུག་ཐར།  གངས་ཅན་པ་ཞེས་པའི་གླུ་གཞས་དེ་དང་མཉམ་དུ་ཁྱེད་གྱི་མཚན་སྙན་གྲགས་ཀྱང་གློ་བུར་དུ་བོད་ཁམས་ཡོངས་མ་ཟད་བོད་པ་ཡོད་སའི་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་ཡོད་པ་རེད།གཞས་དེ་ལ་དེ་འདྲའི་ཡིད་འགུགས་ཀྱི་ནུས་པ་ལྡན་དོན་སྐོར་ལ་ཁྱོད་ཀྱིས་གླུ་གཞས་སྒྱུ་རྩལ་གྱི་ཕྱོགས་ནས་དེ་ལ་གདེངས་འཇོག་ག་འདྲ་བྱེད་གྱིན་ཡོད།
སྒྲོལ་མ་སྐྱབས།  གཞས་འདི་ང་རང་ཉིད་ལ་མཚོན་ན་དངོས་གནས་མདུན་ཕྱོགས་གི་ལམ་བུ་ཅི་འདྲའི་ཀྱག་ཀྱོག་ཆེ་རུང་སྒྱུ་རྩལ་གྱི་ལམ་སྣ་འདིར་མུ་མཐུད་དུ་འཇུག་དགོས་པའི་རྒྱུ་རྐྱེན་ཉག་གཅིག་ཡིན།མི་རིགས་འདིས་རང་ཉིད་ལ་འདི་འདྲའི་གདེངས་འཇོག་ཐོབ་ཡོད་ན།ད་སྐབས་ཀྱི་གནས་ཚུལ་ངོས་ནས་བསམ་ན་ལྷག་དོན་མུ་མཐུད་དུ་གཞས་གཏོང་རྒྱུ་འདི་རང་གིས་གདམས་ཀ་བྱ་རྒྱུ་ཁོ་ན་ཙམ་ཞིག་མ་རེད། གཞས་གཏོང་རྒྱུར་དགའ་མིན་གྱི་དོན་དག་ཞིག་དེ་ལས་ཀྱང་མ་རེད།དེ་ནི་མི་རིགས་ཀྱིས་རང་ཉིད་ལ་གནང་པའི་འོས་འགན་ཞིག་དུ་བསམ་བཞིན་ཡོད།  དེར་བརྟེན་གངས་ཅན་པ་ཞེས་པའི་གླུ་འདི་ང་རང་ཉིད་ལ་མཚོན་ན་རྨི་ལམ་གྱི་སྤོབས་པ་ལྟ་བུ་ཡིན།སྒྱུ་རྩལ་རིན་ཐང་ཕྱོགས་ནས་དེ་འདྲའི་གདེངས་འཇོག་བྱེད་ཤེས་ས་མ་རེད།གཞས་འདི་གྲགས་དོན་གྱི་ཆ་ནས་ཕལ་ཆེར་མི་རིགས་འདིའི་བླ་སྲོག་དང་སེམས་ཁམས་ལས་དབང་ལ་འབྲེལ་བ་ཆེན་པོ་ཡོད་པས་ཡིན་རྒྱུ་རེད།དེ་གཙོ་བོ་ཚིག་གི་ཆ་དང་སྐད་གདངས་ཀྱི་ཉམས་འགྱུར་དོད་པའི་ཆ་ཨེ་ཡིན་བསམ་གྱིན་ཡོད།དེ་མིན་གཞས་གདངས་ཁོ་ནའི་ཆ་ནས་བཤད་ན་མི་རིགས་འདིའི་གདངས་གྱི་སྒྱུ་རྩལ་དང་ཤ་འདྲེས་རུས་འདྲེས་ལ་སོང་ཡོད་པའི་ཁྱད་ཆོས་གང་ཡང་ཡོད་པ་མ་རེད།གཙོ་བོ་དུས་བབ་དང་སེམས་ཁམས།གཞས་གྱི་སྤྱི་ཁོག་གི་དོན་སྙིང་གསུམ་དེ་མཉམ་པོར་གནས་ཡོད་པས་དེ་ལ་ཡིད་འགུག་གི་ནུས་པ་ལྡན་པ་ཨེ་ཡིན་བསམ་གྱིན་ཡོད།དེ་མིན་ན་མི་རྣམས་ཀྱིས་གཞས་གདངས་དང་རོལ་མོ་ནི་ཐུན་མོང་གི་སྐད་རིགས་ཞིག་ལ་ངོས་འཛིན་གྱིན་འདུག  འོན་ཀྱང་གངས་ཅན་པའི་གཞས་གདངས་ཁོ་ན་ལས་མི་རིགས་ཤིག་གམ་སེམས་ཀྱི་འགྱུར་བ་གང་འདྲ་ཞིག་མཚོན་བཞིན་པ་ཧ་ཅང་བཤད་ཁག་པོ་རེད།   དེར་བརྟེན་གཞས་གདངས་དེ་ཚིག་ལ་བརྟེན་ནས་ཀུན་ཀྱིས་གཟེངས་སུ་བསྟོད་བཞིན་པ་ལས་རོལ་མོའི་ངོས་ནས་བཤད་ན་གཞས་གདངས་དེ་འདྲའི་ཁྱད་ཆོས་ཡོད་པ་ཞིག་དུ་བསམ་གྱིན་མེད།
ཐང་དགེ་འབྲུག་ཐར།  ད་ལོ་མཚོ་སྔོན་བརྙན་འཕྲིན་ཁང་གིས་བསྡུས་པའི་ལོ་གསར་དགོང་ཚོགས་ལ་ཞུགས་ཨེ་ཡོད། 
སྒྲོལ་མ་སྐྱབས   ད་ལོ་དམིགས་བསལ་གྱིས་ཞུགས་པ་ཡིན།   གཞས་ཀྱི་ཆ་ནས་དགོང་ཚོགས་སུ་ཞུགས་ཐུབ་མིན་ལ་དཀའ་ལས་ཁག་པོ་བྱུང་སོང༌། ཡིན་ཡང་ཆེས་མཐའ་མཇུག་གོ་སྐབས་རེག་ཐུབ་པ་བྱུང༌།ངས་ཕ་ཡུལ་ཞེས་པའི་གླུ་གཞས་ཤིག་བླངས་ཡོད།དུས་གང་ལ་ཐོན་ན་དེ་དང་མཐུན་པའི་གཞས་ཤིག་གཏོང་ཐུབ་པ་བྱུང་ན་དེ་ནི་ང་ལ་མཚོན་ན་རང་གིས་བརྗོད་འདོད་པའི་སྐད་ཆ་ཞིག་ཤོད་ཐུབ་སོང་བའམ་རང་གིས་བརྩོན་བཞིན་པའི་སྒྱུ་རྩལ་ལ་ཐོད་བརྒལ་ཐུབ་སོང་བ་ལྟར་ཧ་ཅང་ཡིད་བདེ་བའི་ཚོར་བ་ཞིག་འདུག  རྒྱུ་མཚན་ཧ་ཅང་སླ་མོ་ཞིག་རེད།གཞས་ཞེས་པ་མ་གཞི་ནས་གཏན་འཁེལ་གྱིས་སྤྲོ་ཚོགས་ཀྱི་ངོ་བོ་ནས་ཕུལ་དགོས་པ་ཞིག་མ་རེད།དེ་རྩོམ་རིག་དང་ཆ་འདྲ་བ་ཞིག་ཡོད་པ་ནི་གཞས་ལའང་དགའ་སྐྱོ་ཆགས་སྡང་གི་ཉིང་བཅུད་ཡོད་པ་རེད།དེར་བརྟེན་མཐར་གཏུགས་ན་རང་གི་སེམས་ཀྱི་འགྱུར་བ་མཚོན་ཐུབ་སོང་བ་དེ་རེད།
ཐང་དགེ་འབྲུག་ཐར།  མི་རྣམས་ཀྱིས་ཁྱེད་ཀྱིས་གངས་ཅན་པ་བླངས་ཚུན་ཆད་ནས་དེ་དང་ཆ་འདྲ་བའི་གཞས་གཅིག་ཀྱང་གཏོང་ཐུབ་མ་བྱུང་ལ༌།དེ་ལས་ཐོད་བརྒལ་བྱ་དགོས་ན་ཧ་ཅང་ཁག་པོ་འདུག་ཟེར། དེར་ཁྱོད་རང་ཉིད་ལ་ལྟ་ཚུལ་ག་འདྲ་ཡོད།ཐོད་བརྒལ་གྱི་ཕྱོགས་ནས་བསམ་བློ་བཏང་ཨེ་མྱོང༌།
སྒྲོལ་མ་སྐྱབས།  ངས་འབད་པ་བྱེད་བཞིན་ཡོད།༢༠༠༥ལོར་གངས་ཅན་པ་བླངས་ཚུན་ཆད་ནས་ད་རེག་བར་དུ་སྒྱུ་རྩལ་འཚོལ་སྙེགས་ཀྱི་ལམ་བུར་ཞུགས་ཏེ་སེམས་པ་ནམ་ཡང་ལྷོད་མ་མྱོང༌།ཡིན་ཡང་ངས་བསམ་ན་ཐོད་བརྒལ་ཞེས་པ་དེ་ང་གཅིག་པུ་ལ་ཐུགས་ཡོད་པའི་གནད་དོན་ཞིག་གཏན་ནས་མ་རེད།  ལྷག་པར་དུ་ཐོད་བརྒལ་ཐུབ་པའམ་གཞན་གྱིས་ཐོད་བརྒལ་ཞིག་ལ་བརྩི་བའི་གཞས་དེ་ང་གཅིག་པུར་རྒྱུད་དེ་གཏོང་དགོས་པ་ཞིག་དེ་བས་ཀྱང་མ་རེད་བསམ་བཞིན་ཡོད།འདི་གཙོ་བོ་སྒྱུ་རྩལ་གཉེར་མཁན་གྱི་རང་རིགས་གི་སྤུན་ཟླ་ལྷན་རྒྱས་ཀུན་ལ་འབྲེལ་བ་ཡོད་པ་ཞིག་རེད།  གཞས་དེ་འདྲ་ཞིག་སུ་ཡིས་འབྲི་ཐུབ་ན་སུ་ཡིས་དབྱངས་སྦྱར་ན།སུ་ཡིས་གཏོང་ཐུབ་ན་ཚང་མ་ཕུན་སུམ་ཚོགས་པའི་ཡན་ལག་རེད།   མདོར་བསྡུས་ན་མི་རིགས་འདི་ལ་ཞབས་འདེགས་ཤིག་བསྒྲུབས་ཨེ་ཐུབ་ཀྱི་དམིགས་ཡུལ་དེ་རེད།ངས་བསམ་ན་བརྩམས་ཆོས་གང་འདྲ་ཞིག་ཡིན་ནའང་དེ་ལ་རིན་ཐང་ལྡན་ན་གཟི་བརྗིད་དམ་རིག་གནས་ཀྱི་རིན་ཐང་མཐར་གཏུགས་ན་མི་རིགས་དེའི་ཡིན་འདུག   དེར་བརྟེན་འདི་ལ་དོ་སྣང་དང་གླུ་གཞས་སྒྱུ་རྩལ་གྱི་མཛེས་སྡུག་གི་ཞིང་ཁམས་ཤིག་བསྐྲུན་ཐུབ་མིན་ང་ཚོའི་མི་རབས་འདི་ལ་ཐུག་འདུག་པར་བསམ།
ཐང་དགེ་འབྲུག་ཐར། གོ་ཐོས་སུ་ཁྱེད་ཀྱིས་མི་འགྱང་བར་ཆེད་བསྒྲིགས་བརྙན་འཁོར་ཞིག་ཕུད་གྲབས་འདུག་ཟེར༌།  དེ་ན་དེའི་ཕྱོགས་ནས་ཁ་བརྡ་ཕྲན་ཙམ་བྱས་ན།
སྒྲོལ་མ་སྐྱབས། རེད། ཆེད་བསྒྲིགས་འདི་གྲ་བསྒྲིགས་བྱས་དེ་ཕལ་ཆེར་ལོ་ངོ་གསུམ་སོན་འདུག   གཙོ་བོ་ཕ་སྐད་ཀྱི་ལམ་ནས་གྱེར་རྒྱུ་དེ་ཡིན།གཞས་ཚིག་གཙོ་བོ་སྐུ་ཞབས་སྨན་བླ་སྐྱབས་དང་ཅོ་ནེ་ཡུམ་ཚེ་རིང༌།  འབྲོང༌།ད་དུང་འབའ་གཞུང་ཁྱུང་ཐར་རྒྱལ་སོགས་ཀྱིས་མཐུན་རྐྱེན་སྦྱར་ནི་རེད། གཞས་གདངས་ཚང་མ་རང་གིས་སྦྱར་བ་ཡིན།གཞས་བཅུ་གཉིས་ཡོད།གཞན་དང་མི་འདྲ་ས་གཙོ་བོ་རང་གི་གཞས་གདངས་བརྩམས་ཆོས་ཆེད་བསྒྲིགས་ཤིག་ཡིན།
ཐང་དགེ་འབྲུག་ཐར།  དེ་ན་གཞས་གདངས་དེ་དག་སྦྱོར་སྐབས་ཁྱོད་རང་ཉིད་ཀྱིས་གནས་ཚུལ་གང་འདྲ་ཞིག་གི་འོག་ནས་སྦྱར་བ་ཡིན།  གླུ་གཞས་དེ་དག་གི་རྒྱབ་ལྗོངས་ལ་གཞན་དང་མི་མཚུངས་བའི་གཏམ་རྒྱུད་རེ་བཤད་རྒྱུ་ཨེ་ཡོད།ཡང་ན་རྐྱེན་གཞན་པ་འདྲ་ཨེ་ཡོད།
སྒྲོལ་མ་སྐྱབས།  གཞན་དང་མི་མཚུངས་ས་ཡོད་མེད་ངས་ཀྱང་མི་ཤེས།དབྱངས་ཀྱི་སྦྱོར་ལུགས་ཀྱང་རྨང་གཞི་ཙམ་ལས་མང་པོ་མང་པོ་ཞིག་ཤེས་ཀྱིན་མེད།ང་སློབ་ཆེན་ན་ཡོད་དུས་ཆེད་ལས་རྩོམ་རིག་དང་ཡིག་བསྒྱུར་རེད།རྗེས་སོར་སི་ཁྲོན་ལ་སོང་བ་ནས་དབྱངས་ཀྱི་ཤེས་བྱ་རེ་སྦྱང་ནི་རེད།    ཡིན་ཡང་གལ་ཏེ་བདག་གི་དབྱངས་སྦྱོར་ལུགས་དེ་ཚིག་གཅིག་གིས་བརྗོད་རྒྱུ་ན་གཙོ་བོ་སེམས་ཀྱི་ཚོར་བ་ཞིག་རེད། འདི་དག་ཡོད་ཚད་ཞིབ་མོར་བསམ་ན་རང་གིས་རྩོམ་རིག་མི་འཁྱོངས་ནའང་རྩོམ་རིག་གི་བསམ་གཞིགས་གཏོང་སྟངས་དེ་བདག་གི་གཞས་གདངས་སྦྱོར་བའི་ཕྱོགས་ལ་ཕན་ཆེན་པོ་ཞིག་ཐོགས་ཡོད་ས་རེད་བསམ་བཞིན་ཡོད།ངས་མཚམས་རེར་ཕྱི་འདང་རེ་བརྒྱབ་ཚེ་བདག་གིས་སྦྱོར་བཞིན་པའི་དབྱངས་དེ་དག་གི་གོ་རིམ་གཙོ་བོ།ཚིག་གི་བརྗོད་བྱ་དང་གོ་རིམ་ལ་བསམ་ཏེ།སྦྱོར་ཐེངས་གཅིག་གིས་སྦྱར་ཡོང་བ་དག་དག་རེད།དེར་བརྟེན་ཆེད་ལས་སྒྱུ་རྩལ་བས་བལྟས་ན་ཅི་འདྲ་ཡིན་པ་ང་ལའང་གདེངས་ཚོད་གང་ཡང་མེད།   ཡོད་ཚད་ཚོར་བ་ཞིག་ཡིན།ཧ་ཧ་ཧ།
ཐང་དགེ་འབྲུག་ཐར།  ཡ་བཀའ་དྲིན་ཆེ།  དེ་ན་ཆེས་མཐའ་མཇུག་ཁྱེད་ཀྱིས་དྲ་གྲོགས་ལྷན་རྒྱས་དང་ཡུལ་མི་སྤུན་ཟླ་ཡོངས་ལ་རང་གིས་བརྗོད་འདོད་པའི་སྐད་ཆ་འགའ་བཤད་ན།
སྒྲོལ་མ་སྐྱབས། དྲ་གྲོགས་རྣམ་པ།ཡུལ་མི་ལྷན་རྒྱས་རྣམ་པ།མི་ཡུལ་ཆེ་དྲགས་ལ་རང་ཉིད་ཆུང་དྲགས་ན་ཡང།རང་གི་བགོ་སྐལ་དུ་གྱུར་བའི་ལམ་བུ་འདི་ནས་ངས་ད་དུང་མུ་མཐུད་དུ་ཁྱེད་ཀྱི་བླ་སྲོག་ནས་འབོད་རྩིས་ཡོད།ང་རང་ཁེར་རྐྱང་དུ་བགྲོད་སའི་ལམ་བུ་འདིའི་རྒྱབ་ལྗོངས་ཁྱེད་ཅག་ཡིན་པ་ལས་སྐར་འོད་ལམ་ཆེན་དང་ཁྲ་ཚོན་གློག་ཞུན་འོག་གི་གར་སྟེགས་ཁྲ་ཁྲ་དེ་མིན། དེར་བརྟེན་ཁྱེད་ཀྱིས་ང་ལ་གདོང་གྲོགས་མཛོད་ཅིག  ལམ་སྣ་སྐྱོངས་ཤིག   ཐེངས་འདིར་རྩམ་པ་ཕ་ཡུལ་ཞེས་པའི་ལེགས་སྐྱེས་ཞིག་གཅེས་སུ་ཕུལ་བའང་ཕ་ཟས་སྦྲང་དཀར་རྩམ་པའི་བཅུད་དུ་འཁུམས་པར་ཤོག        བཀྲ་ཤིས་བདེ་ལེགས།

  སྦྲེལ་མཐུད། གླུ་བ་སྒྲོལ་མ་སྐྱབས་ཀྱི་བོད་གླུའི་ཆེད་བསྒྲིགས་བརྙན་འཁོར<<རྩམ་པ>>ཞེས་པ་འགྲེམ་སྤེལ་བྱས་པ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གསར་འགོད་པ་ཐང་དགེ་འབྲུག་ཐར་གྱིས་གླུ་བ་སྒྲོལ་མ་སྐྱབས་ལ་བཅར་འདྲི་བྱས་པ།

2008-12-23 གསར་འགོད་པ་འབྲུག་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།