འཛམ་གླིང་གི་སློབ་ཆེན་ཨང་དང་བོ་ཧར་བུར་སྒྲུ་སློབ་གྲྭ་ཆེན་མོ།

རྨ་མགུར་སངས་རྒྱམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-13

  ཧར་བུར་སྒྲུ་(Harvard) སློབ་གྲྭ་ཆེན་མོ་ནི།     ཨ་མེ་རི་ཁའི་སྒེར་གྱི་ཞིབ་འཇུག་སློབ་གྲྭ་ཆེན་མོ་ཞིག་ཡིན་པ་དང་།      དེ་ནི་ཨ་རིའི་མངའ་སྡེ་མ་སུ་ཆོ་སུ་ཀྲིའི་(Massachusetts) གྲོང་ཁྱེར་ཁམ་རྦུ་རི་ཇུའི་ནང་དུ་སྤྱི་ལོ་༡༦༣༦་ལོར་གསར་འཛུགས་གནང་བ་རེད།     ཧར་བུར་སྒྲུ་སློབ་གྲྭ་ཆེན་མོ་ནི་ཨ་རིའི་ནང་དུ་ཤེས་ཡོན་སློབ་སྦྱོང་བྱེད་པའི་ལྟེ་གནས་རྙིང་ཤོས་དེ་ཆགས་པ་དང་།      རྒྱལ་ཁབ་འདིའི་ནང་དུ་ཁྲིམས་དང་མཐུན་པར་གསར་འཛུགས་གནང་བའི་ཚོགས་སྡེ་ཨང་དང་བོ་དེ་གྱུར་ཡོད།     སྐུ་ཞབས་ཧར་བུར་སྒྲུ་ཡི་ལོ་རྒྱུས་དང་།    ཤུགས་རྐྱེན།    རྒྱུ་ནོར་དག་གིས་སློབ་གླིང་འདི་ནི་འཛམ་གླིང་གི་ནང་དུ་ཤིན་ཏུ་སྙན་གྲགས་ཆེ་བའི་སློབ་གྲྭ་ཆེན་མོ་མང་བོའི་ཁྲོད་ཀྱི་གཅིག་ཏུ་བཟོས་ཡོད།      སློབ་གླིང་འདིའི་སྦྱིན་བདག་དང་བོ་སྐུ་ཞབས་ཧར་བུར་སྒྲུ་ནི་ཨིན་ཡུལ་དུ་སྐྱེས་ནས་ཨེ་མན་ནོལ་སློབ་གླིང་དུ་སློབ་སྦྱོང་བྱས་པ་དང་།     རྗེས་སུ་ཨ་རིའི་མངའ་སྡེ་མ་སུ་ཆོ་སུ་ཀྲིའི་ནང་དུ་གནས་སྤོར་བྱས་པ་རེད།     ཁོང་ལ་གློ་ནད་ཀྱི་སྙུན་གཞི་བྱུང་བ་ལ་བརྟེན་ནས་སྤྱི་ལོ་༡༦༣༦་ལོར་སྐུ་གྲོངས་པ་དང་ཁོང་གི་ཤུལ་རྫས་མཐའ་དག་སློབ་གླིང་དེའི་ཐེབས་རྩར་བཞག་པ་རེད།     ཁོང་གི་མཚན་ཧར་བུར་སྒྲུ་ཞེས་པ་དེ་སློབ་གླིང་གི་མིང་ལ་བཏགས་པ་རེད།    དེར་བརྟེན།   ཁོང་ནི་སློབ་གླིང་འདི་གསར་འཛུགས་བྱེད་མཁན་མིན་ནའང་གལ་ཆེ་བའི་སྦྱིན་བདག་དང་བོ་དེ་ཆགས་ཡོད།     སྤྱི་ལོ་༡༨༢༨་ལོར་ཧར་བུར་སྒྲུ་སློབ་གླིང་གི་སློབ་མ་ཟུར་པ་རྣམས་ཀྱིས་སློབ་གླིང་གི་ཚོམས་ཁང་གི་མདུན་དུ་ཁོང་ལ་རྡོ་ཞུན་གྱི་དྲན་རྟེན་འདྲ་གཟུགས་གསར་སྐྲུན་གནང་བ་རེད།     དེ་ལྟར་དུ་ཧར་བུར་སྒྲུ་སློབ་གླིང་འདི་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་ནས་ད་ལྟ་ཧར་བུར་སྒྲུ་སློབ་གྲྭ་ཆེན་མོ་ལ་སློབ་གླིང་གི་སྡེ་ཚན་བཅུ་གཉིས་ཡོད་པ་དང་།     འཛམ་གླིང་ཁྱོན་ཡོངས་ནས་ཕེབས་པའི་དགེ་རྒན་༢༡༠༠་ལྷག་དང་ལས་བྱེད་མི་སྣ་༡༢༠༠༠་ལྷག་ཡོད།    ཧར་བུར་སྒྲུ་སློབ་གྲྭ་ཆེན་མོའི་སློབ་མའི་གྲངས་འབོར་ནི་དངོས་སྦྱོང་སློབ་མ་༦༧༠༠་དང་།     ཞིབ་འཇུག་སློབ་མ་དང་དམིགས་བསལ་ཆེད་སྦྱོང་སློབ་མ་༡༤༥༠༠་ཡོད།    དེའི་ནང་དུ་ཁྱོན་བསྡོམས་སློབ་མ་༢༡༠༠༠་ཡོད།      ཧར་བུར་སྒྲུ་སློབ་གྲྭ་ཆེན་མོའི་ནང་དུ་སློབ་ཡོན་གྱི་རོགས་དངུལ་མེད་པའི་སློབ་མ་རྣམས་ཀྱིས་ལོ་རེ་ལ་སློབ་ཡོན་གཅིག་བུར་ཨ་རིའི་སྒོར་མོ་༣༦༣༠༥་དང་སློབ་ཡོན་དང་སྡོད་ས་དང་ཟ་མ་སོགས་ཚང་མ་ལ་ཨ་སྒོར་༥༢༦༥༢་སྤྲོད་དགོས་ཀྱི་ཡོད།     ཧར་བུར་སྒྲུ་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་ཕྱིན་ཞིང་ད་ལྟ་འཚོ་བཞིན་པའི་སློབ་ཟུར་ཨ་རིའི་ནང་དུ་༢༧༡༠༠༠་དང་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་༥༢༠༠༠་ལྷག་ཡོད།     ད་དུང་།    ཧར་བུར་སྒྲུ་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་ཕྱིན་པའི་སློབ་མའི་ཁྲོད་དུ་དངོས་ཁམས་རིག་པ་དང་།    ལུས་ཁམས་རིག་པ།    གསོ་བ་རིག་པ།   རྩོམ་ཡིག་རིག་པ།    རྫས་འགྱུར་རིག་པ།   ཞི་བདེའི་ལས་དོན་སོགས་ཀྱི་ཐད་དུ་མཛད་རྗེས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་ལ་བརྟེན་ནས་ནོལ་རྦེལ་གཟེངས་རྟགས་བཞེས་མཁན་༧༥་བྱུང་ཡོད།     འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཀྱི་ཁྲོད་དུ་ད་ལྟའི་བར་དུ་ཨ་རིའི་སྲིད་འཛིན་༨་དང་རྒྱལ་ཁབ་གཞན་གྱི་སྲིད་འཛིན་༡༨་བྱུང་ཡོད།    ད་ལྟའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་རྦ་མ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་རྦན་ཁེ་མོན་གཉིས་ཀྱང་ཧར་བུར་སྒྲུ་ཁྲིམས་ལུགས་དང་སྲིད་སྐྱོང་སློབ་གླིང་ནས་ཐོན་པའི་སློབ་མ་ཟུར་པ་ཡིན་ནོ།   །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཛམ་གླིང་གི་སློབ་ཆེན་ཨང་དང་བོ་ཧར་བུར་སྒྲུ་སློབ་གྲྭ་ཆེན་མོ།

2012-05-13 རྨ་མགུར་སངས་རྒྱམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།