དྲ་འབུ་འགོག་མཁན་དང་པོ་དེ་སོ་སོ་ཡིན།

འཇིགས་མེད་ནུབ་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-20

   དྲ་འབུ་ཟེར་བའི་ཐ་སྙད་འདི་བོད་ལ་མཚོན་ན་གསར་བ་ཞིག་ཡིན། ང་ལ་ཡང་དེ་མཚུངས་ཡིན། ངས་ཐ་སྙད་འདི་ཐོག་མར་མཐོང་བའི་དུས་ཚོད་ནི། ཕལ་ཆེར་ཕྱི་ལོ་ཉིས་སྟོང་དྲུག་གི་ཡས་མས་རེད། སྐབས་དེ་ནི། བོད་ལ་དྲ་བའི་རིག་གནས་དར་འགོ་ཚུགས་པའམ་དར་ཁྱབ་འགྲོ་བཞིན་པའི་སྐབས་ཤིག་རེད། དྲ་ཚིགས་ཁག་ཏུ། རང་གི་མིང་སྐུང་ནས་གཞན་ལ་ཚིག་རྩུབ་དང་དམའ་འབེབས། མཚང་འབྲུ་བཅས་བྱེད་མཁན་གྱི་རིགས་ལ་དྲ་འབུ་བྱས་བའི་མིང་ཞིག་བཏགས་ཡོད་པ་འདྲ། དྲ་ཚིགས་དང་ཟིན་བྲིས་ཁག་ཏུ་དྲ་འབུ་ཇེ་མང་དུ་ཕྱིན་པ་དང་མཉམ་དུ། དྲ་བའི་རྩོམ་སྒྲིག་པ་ཚོར་ལས་ཀ་ཇེ་མང་དུ་ཕྱིན་ཡོད། ངས་ཀྱང་དྲ་འབུ་ཚར་གཅོད་ཀྱི་སྒང་ལ་དུས་ཚོད་མང་པོ་བཏང་མྱོང་། འོན་ཀྱང་། ཞིབ་ཏུ་བསམ་ན། རྩོམ་སྒྲིག་པས་དྲ་འབུ་འགོག་པ་ནི་རིམ་པ་གཉིས་པ་དེ་རེད། རིམ་པ་དང་པོ་ནི་དྲ་འབུར་བརྫུས་མཁན་གྱི་གང་ཟག་དེ་ལ་ཐུག་ཡོད། གནད་དོན་འདི་དེ་རིང་སང་ཉིན་ངས་གླེང་བཞིན་པའི་དྲ་བའི་ཉེན་སྲུང་ཐད་ཀྱི་དྲ་འབུ་ཟེར་བ་དེ་ལ་སྦྱར་ན་གཅིག་མཚུངས་ལྟ་བུ་ཞིག་རེད།
   འདིར་ངེད་ཀྱི་གླེང་གཞི་གཙོ་བོ་ནི། གློག་ཀླད་དམ་ལག་འཁྱེར་ཁ་པར་སོགས་ཀྱི་སྟེང་གི་དྲ་འབུ་ཟེར་བ་དེ་ཡིན། དྲ་འབུ་དེས་རིགས་ཀྱིས། ཆུང་ས་ནས་མི་སྒེར་བའི་གསང་བ་རྐུ་འཁྱེར་དང་ཆེ་ས་ནས་ལུང་པའི་གསང་བ་བརྐུས་བའི་གནས་དོན་འབྱུང་གིན་ཡོད། དྲ་འབུ་ཟེར་བ་འདི་ཡང་དྲ་བ་ཟེར་བ་འདི་བྱུང་དང་དུས་མཉམ་དུ་བྱུང་ཡོད། དྲ་འབུ་བྱུང་བ་དང་དྲ་འབུ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། མི་རྣམས་ཀྱིས་དྲ་འབུ་འགོག་པའི་ཐབས་ཤེས་སྣ་དགུ་བྱེད་ཀྱི་ཡོད་ཅིང་། དེའི་ཁོངས་སུ་གློག་ཀླད་ཀྱི་བཟོ་ཚོང་ཁང་ཆེ་ཤོས་ཀུ་ཤུ་རྟགས་ཅན་དང་སྒེའུ་ཁུང་རྟགས་ཅན་གཉིས་ཀ་ཡང་ཚུད། ལྷག་པར་དུ། ཀུ་ཤུ་རྟགས་ཅན་གྱིས་དྲ་འབུ་འགོག་བྱེད་ཀྱི་མཉེན་ཆས”SOPHOS”ཟེར་བ་དང་སྒེའུ་ཁུང་རྟགས་ཅན་གྱིས་དྲ་འབུ་འགོག་བྱེད་ཀྱི་མཉེན་ཆས་”Microsoft Essentials”ཟེར་བ་གཉིས་གསར་བཟོ་བྱས་ཡོད། འོན་ཀྱང་། དྲ་འབུ་འགོག་པའི་སྟ་གོན་སོ་སོ་སྒེར་གྱིས་མ་བྱས་ན། དྲ་འབུ་འགོག་བྱེད་ཀྱི་མཉེན་ཆས་ཡོད་ན་ཡང་། ཕན་ཐོགས་རྒྱ་ཆེར་ཡོང་གི་མ་རེད། དེར་བརྟེན། ངེད་ཀྱིས་དྲ་འབུ་འགོག་མཁན་དང་པོ་དེ་སོ་སོ་རེད་ཟེར་གི་ཡོད།
   དྲ་འབུ་འགོག་མཁན་དང་པོ་དེ་སོ་སོ་ཡིན་པའི་སྐོར་ཞིབ་ཕྲ་མ་གླེང་སྔོན་ལ། ང་ཚོས་དྲ་འབུ་ཡོང་ས་ཁག་ལ་བསྐྱར་བལྟ་ཞིག་བྱེད། ཁ་སྔོན། ངེད་ཀྱིས་རྩོམ་ཡིག་ཁ་ཤས་ཀྱི་ནང་དུ་དྲ་འབུའི་སྐོར་དང་དེའི་ཡོངས་ཁུངས་སྐོར་སོགས་མང་པོ་གླེང་ཡོད། གནད་དོན་རེ་གཉིས་ཀྱི་སྒང་ལ་ཞིབ་ཕྲ་ཡང་གླེང་ཡོད། དེའི་ཁྲོད་ཀྱི་གཅིག་ནི་ཟུར་སྣོན་དང་ཁ་བྲལ་ཟེར་བ་དེ་ཡིན། ཟུར་སྣོན་དང་ཁ་བྲལ་ཟེར་དོན་ནི། དྲ་འབུ་མང་པོ་ཞིག་ཟུར་སྣོན་བརྒྱུད་ནས་ཡོང་གི་ཡོད་པ་རེད། དེར་བརྟེན། ཟུར་སྣོན་ཁ་ཕྱེས་བ་ཡིན་ན། ཁྱེད་ཀྱི་གློག་ཀླད་སྟེང་ལ་དྲ་འབུ་འཛུལ་གི་རེད། དྲ་འབུ་འཛུལ་བའི་མཇུག་འབྲས་ནི། ཁྱོད་ཀྱི་ཡིག་ཆ་དང་སྒེར་གྱི་གནས་ཚུལ་དེ་ཚོ་བརྐུ་ལ་ཤོར་གི་རེད། ཁྱོད་ཀྱི་གནས་ཚུལ་བརྐུས་བ་ཙམ་མ་ཡིན་པར། ཁྱོད་ཀྱི་གྲོགས་པོ་དང་ཁྱོད་དང་མཉམ་དུ་གླེང་མོལ་བྱེད་མཁན་དག་གི་གནས་ཚུལ་ཡང་འཁྱེར་གི་རེད། མཇུག་འབྲས་འདི་དག་མདོར་ན་ཡ་ང་བ་ཞིག་ཡིན་ནི་རེད། མཇུག་འབྲས་ཡ་ང་བ་འདི་དག་འགོག་དགོས་ན། དང་པོ་སོ་སོ་ནས་འགོ་བཙུགས་དགོས་རེད། དེ་ཡང་སོ་སོས་ཟུར་སྣོན་ཁ་ཕྱེས་ན་དྲ་འབུ་བཀག་ཚར་བ་རེད། དྲ་འབུ་འགོག་བྱེད་ཀྱི་མཉེན་ཆས་ཀྱང་འབྲེལ་བ་ཡོད་མ་རེད། རྒྱུ་མཚན་འདི་འདྲའི་དབང་གིས། སོ་སོ་དྲ་འབུ་འགོག་མཁན་དང་པོ་དེ་སོ་སོ་རེད་ཟེར་གི་ཡོད།
   དོན་དག་གཞན་གཅིག་ནི། འབྲེལ་ཐག་གང་རུང་ལ་མ་བསྣུན་སྔོན་ལ་བསམ་བློ་ཐོངས་ཟེར་བ་དེ་ཡིན། ང་ཚོར་གོམས་གཤིས་ངན་པ་ཞིག་ཡོད་པ་ནི། སོ་སོའི་གློག་འཕྲིན་ཡིག་ཟམ་ལ་འབྱོར་བའི་འབྲེལ་ཐག་ཡོད་ཚད་ལ་བསྣུན་པ་དེ་རེད། དེ་ལ་བརྟེན་ནས། སོ་སོའི་གློག་ཀླད་དུ་དྲ་འབུ་འཛུལ་གི་ཡོད་པ་རེད། གལ་སྲིད་ཁྱོད་ནས་གཞན་ལ་འབྲེལ་ཐག་ཞིག་ངེས་པར་དུ་གཏོང་དགོས་ཚེ། འབྲེལ་ཐག་དེ་ཁ་གཏོར་ནས་གཏོང་རོགས། ( དཔེར་ན https: //youku. com/ འདི་ལྟར) གལ་སྲིད་ཁྱོད་ལ་འབྲེལ་ཐག་ཞིག་འབྱོར་ཚེ། འབྲེལ་ཐག་དེ་གཏོང་མཁན་ངོ་ཤེས་དེ་འདྲ་ཡིན་རུང་། དེར་བསྣུན་རྐྱང་མ་བྱས་པར་འབྲེལ་ཐག་དེ་དངོས་མ་ཡིན་མིན་ལ་བརྟག་དཔྱད་གཏོང་རྒྱུ་ཧ་ཅང་གལ་ཆེ། འདི་ཡང་དྲ་འབུ་འགོག་པའི་ཐབས་ལམ་ཞིག་ཡིན། ཐབས་ལམ་འདིའི་འགོ་འཛུགས་ས་ཡང་ཁྱོད་རང་ཡིན།
   ངེད་ཀྱིས་ད་དུང་མཉེན་ཆས་ཕབ་ལེན་གྱི་སྐོར་ལ་ཡང་སྔོན་ཆད་ཚིག་འགའ་བཤད་ཡོད། ང་ཚོས་སོ་སོའི་ལས་ཀའི་ཆེད་དུའམ་ཡང་ན་སོ་སོ་སྒེར་གྱི་སླད་དུ། དྲ་ཐོག་ནས་བེད་སྤྱོད་ཡག་པོ་ཡོད་པར་མཐོང་བ་མང་པོ་ཞིག་ཕབ་ལེན་བྱེད་ཀྱི་ཡོད་ལ། ང་ཚོས་མཉེན་ཆས་དེ་གང་ནས་ཕབ་ལེན་བྱེད་དང་དེ་བརྟན་པོ་ཅི་ཙམ་ཡོད་མེད་སོགས་ཀྱི་སྐོར་ལ་བསམ་བློ་དེ་ཙམ་གཏོང་གི་མེད། དྲ་འབུ་ཡོད་པའི་མཉེན་ཆས་རིགས་ཀྱིས་ང་ཚོའི་གློག་ཀླད་ཀྱི་མ་ལག་ཧྲིལ་བོ་དལ་བར་གཏོང་སྲིད་ལ་ང་ཚོའི་ཡིག་ཆ་ཁག་བརྐུ་འཁྱེར་ཡང་བྱེད་སྲིད། འདི་ཡིས་མཚམས་རེར། འཇབ་རྒོལ་བྱེད་མཁན་རྣམས་ལ་ང་ཚོའི་གློག་ཀླད་བརྒྱུད་གཞན་གྱི་གནས་ཚུལ་བརྐུ་བའི་ཟམ་པ་ལྟ་བུའི་མཐུན་རྐྱེན་ཡང་བསྐྲུན་སྲིད། དེར་བརྟེན། མཉེན་ཆས་ངོ་ཤེས་མི་ཤེས་གཉིས་ཀ་ཕབ་ལེན་བྱེད་རྒྱུ་མཚམས་འཇོག་དགོས་བ་མ་ཟད། གལ་སྲིད་ངེས་པར་དུ་ཕབ་ལེན་བྱེད་དགོས་ཚེ། མཉེན་ཆས་དེའི་ཁུངས་ཨ་མའམ་དྲ་ཚིགས་ངོ་མ་དེ་ནས་ཕབ་ལེན་བྱེད་དགོས། ལྷག་པར་དུ། ཁྱེད་ཀྱིས་ཕབ་ལེན་ཟིན་པའི་མཉེན་ཆས་ཡག་པོའི་རིགས་དེ་ཚོ་ཡང་དུས་ནས་དུས་སུ་གསར་སྣོན་བྱེད་རྒྱུ་ཧ་ཅང་གལ་ཆེ། འདི་ལྟར་བྱེད་པ་ལ་ཡང་འགོ་འཛུགས་ས་དེ་སོ་སོ་རང་ཉིད་ཡིན། མ་རེད་དམ། ད་དུང་། ཁྱེད་ཀྱི་གློག་ཀླད་ལ་ནམ་རྒྱུན་དང་མི་འདྲ་བའི་རྟགས་མཚན་མངོན་པའམ་ཡང་ན་དྲ་འབུ་སླེབས་ཡོད་པ་ཤེས་ཚེ། དེ་གཙང་བཟོ་བྱེད་པའི་ཐབས་ལམ་ཡག་ཤོས་དང་མགྱོགས་ཤོས་ནི། གློག་ཀླད་ཀྱི་བཀོལ་སྤྱོད་མ་ལག་(Operating system) བསྐྱར་འཇུག་བྱེད་རྒྱུ་དེ་ཡིན། འདི་ཡང་ཁྱེད་ཀྱིས་འགོ་འཛུགས་དགོས།
   ད་དུང་ངས་དྲན་ངོར་ཡོད་པ་ཞིག་ལ། ངས་གསང་ཚིག་གི་སྐོར་ཞིག་རྩོམ་ཡིག་སྔ་མ་ཞིག་ཏུ་གླེང་ཡོད། དེ་ཡང་གཙོ་བོ། གློག་འཕྲིན་གྱི་གསང་ཚིག་དེ། བརྟན་པོ་དང་རིང་པོ། མགོ་རྙོག་པོ་ཅན་ཞིག་བཟོ་རྒྱུ་གལ་ཆེ་ཚུལ་དང་། ལྷག་པར་དུ། གསང་ཚིག་གི་ཁོངས་སུ། སོ་སོའི་ནང་མིའི་མིང་ལྟ་བུ་དང་སོ་སོའི་སྐྱེས་ཡུལ་གྱི་མིང་ལྟ་བུ། ཡང་ན་ལོ་རྒྱུས་ཀྱི་དུས་ཚོད་གལ་ཆེན་ལྟ་བུ། ད་དུང་སོ་སོ་སྒེར་དང་འབྲེལ་བའི་ཟླ་ཚེས་གལ་ཆེན་ལྟ་བུ་སོགས་གཏན་ནས་འཇུག་མི་ཉན་ལབ་ཡོད། དེའི་ཁ་སྣོན་ལྟ་བུར། ར་སྤྲོད་རིམ་པ་གཉིས་ཅན་གྱི་བྱེད་ལས་དེ་ཡང་ལག་ལེན་ལ་བསྟར་ལབ་ཡོད། དེ་ནི་གཙོ་བོ། ཨང་ཚབ་ཞིག་ཁྱོད་ཀྱི་ལག་འཁྱེར་ཁ་པར་སྟེང་ལ་འབྱོར་བ་དེ་བེད་སྤྱོད་མ་བཏང་བར། གློག་འཕྲིན་སོགས་ཀྱི་སྒོ་འབྱེད་མི་ཐུབ་པའི་བྱེད་ཐབས་ཤིག་ཡིན། གང་ལྟར། གསང་ཚིག་བརྟན་པོ་བཟོ་བའི་རིམ་པ་འདི་དག་ཚང་མ་དྲ་འབུ་འགོག་པའི་སླད་དུ་ཡིན་ཞིང་། དེ་ལག་ལེན་འཁྱོལ་བ་ལ་སོ་སོ་ནས་འགོ་འཛུགས་དགོས།
   ནང་པ་རྣམས་ཀྱིས་བརྩི་བཀུར་བྱེད་སའི། སྟོན་པ་ཤཱཀྱ་ཐུབ་པས་བདག་ཉིད་བདག་གི་མགོན་པོ་ཡིན་ཞེས་གསུངས་ཡོད་དྲན། ང་སྒེར་གྱི་བསམ་ཚུལ་ལ། གནས་ལུགས་ཅན་གྱི་གསུངས་འདི་འཇིག་རྟེན་གྱི་གནས་སྟངས་མང་པོའི་སྒང་ལ་སྦྱར་ན་འགྲིག་གི་འདོད། དྲ་འབུའི་གནད་དོན་འདི་ལ་ཡང་། བདག་ཉིད་བདག་གི་མགོན་པོ་ཡིན་པ་རེད། དེར་བརྟེན། ངེད་ཀྱིས་དྲ་འབུ་འགོག་མཁན་དང་པོ་དེ་སོ་སོ་རེད་ཟེར་གི་ཡོད།
        ངའི་གློག་འཕྲིན་ཁ་བྱང་། jigmeynubpa@gmail.com
         (འཇིགས་མེད་ནུབ་པ་ནི་ཡིག་སྒྱུར་དང་རྩོམ་འབྲི། རྩོམ་སྒྲིག་གི་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན།)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་འབུ་འགོག་མཁན་དང་པོ་དེ་སོ་སོ་ཡིན།

2013-11-20 འཇིགས་མེད་ནུབ་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།