ལྡི་ལིའི་ཞབས་འདྲེན་དང་རྒྱ་གར་གྱི་ངོ་ཚ།

                         _____ལྡི་ལིའི་བཙན་གཡེམ་གྱོད་གཞི།

           དོན་རྐྱེན་དངོས།

  སྤྱི་ལོ་ 2012 ཟླ་ 12 ཚེས་ 16 གི་དགོང་དྲོ་ལྷོ་ལྡི་ལིར་བུ་མོ་རང་ལོ་ཉེར་གསུམ་ཡིན་པ་ཞིག་ལ་མི་དྲུག་གིས་བཙན་གཡེམ་བྱས་པ་དང་། བཙན་གཡེམ་བྱས་རྗེས་ཁོ་མོའི་མོ་མཚན་ནང་ལྕགས་ཧྲེང་བཙུགས་པ་སོགས་ཉེས་རྡུང་ཚབ་ཆེན་བཏང་ནས་གཞུང་ལམ་སྟེང་དམར་ཧྲེང་དུ་གཡུག་ནས་ཕྱིན་ཡོད་པ་རེད། ___ANI[1] གསར་ཁང་།
         ང་དང་ཚགས་པར།
  གོང་དུ་ཞུས་པ་ནི་གནས་ཚུལ་དངོས་དེ་ཡིན། གྱོད་གཞི་དེའི་གནས་ཚུལ་རྣམས་སྤྱིར་བཏང་གནས་ཚུལ་གཞན་ལྟར་ཅིག་ཅར་དུ་ཉིན་གཅིག་ལ་གསར་འགྱུར་དུ་ཐོན་ཐབས་མེད་པས། ཉིན་རེ་བཞིན་ཉེན་རྟོག་པའི་བརྟག་དཔྱད་མྱུལ་ཞིབ་ཀྱི་འབྲས་བུ་དང་། གསར་འགོད་པའི་བཅར་འདྲི་དང་ཞིབ་འཇུག་ལས་ང་ཚོས་ཉིན་རེའི་ཚགས་པར་དང་བརྙན་འཕྲིན་ལས་གནས་ཚུལ་དེ་དག་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ཀྱི་ཡོད། འོན་ཀྱང་། གསར་འགྱུར་གྱི་བྲོ་བ་དང་གསར་འགྱུར་རྩོམ་འབྲིའི་ཐད་ནས་བཤད་ན། གསར་འགྱུར་གྱི་རྩོམ་འབྲི་དང་དེའི་འབྲི་ཐབས་བཅས་ཀྱིས་ངའི་ཡིད་དབང་གཏིང་ནས་འཕྲོག་པར་བྱས་བྱུང་། གསར་འགྱུར་དེ་དག་གི་བརྒྱུད་རིམ་ལ་འགྱུར་ལྡོག་ཧ་ཅང་མང་བས་དེ་རིང་མཐོང་བ་དེ་སང་ཉིན་འགྱུར་བ་དང་། སང་ཉིན་ཤེས་པ་དེ་གནངས་ཉིན་དོན་དངོས་མིན་པ་སོགས། ཧ་ཅང་འཁྲུག་ཆ་དོད་པའི་རང་བཞིན་ལྡན་ཡོད། དེ་ལྟར་ཉིན་རེ་བཞིན་གསར་འགྱུར་གལ་ཆེན་དེ་དག་གི་མཇུག་འཕྲོ་མི་མཐོང་སྔོན་ནས་ཤེས་འདོད་ཀྱི་བསམ་པས་ང་རང་སྡོད་དུ་མི་འཇུག
  གནས་སྟངས་དེའི་འོག་ནས་ངས་ཉིན་རེའི་གསར་འགྱུར་གལ་ཆེན་དེ་དག་ཆད་ལྷག་མེད་པར་ཀློག་གི་ཡོད་ཅིང་། རང་ཉིད་ཀྱི་བསམ་བློ་དང་ཀླད་པ་བེད་སྤྱོད་བྱས་ནས་སྔོན་དཔག་ཀྱང་མི་ཉུང་བ་ཞིག་བྱེད་ཀྱིན་ཡོད། བྱེད་སྟངས་དེས་རང་ཉིད་ཀྱིས་གནས་ཚུལ་དང་གྱོད་གཞིར་ལྟ་སྟངས་ཡར་རྒྱས་འགྲོ་གི་ཡོད་པ་དང་། སྤྱི་ཚོགས་ཀྱི་ལྟ་རྒྱ་མཐོང་རྒྱ་ཆེ་རུ་འགྲོ་གི་འདུག དཔེར་ན། ངས་དེ་རིང་ཚོད་དཔག་བྱས་པ་དེ་སང་ཉིན་གྱི་གསར་འགྱུར་མཐོང་སྐབས་དངོས་གནས་རེད་འདུག་ན། སེམས་ནང་གི་དགའ་བའམ་བློ་སྤོབས་ཆེ་རུ་འགྲོ་ཐུབ་ཀྱི་འདུག གང་ཡིན་ཟེར་ན་རང་ཉིད་ཀྱི་བློ་སྒོ་ཁྱོན་ཡོངས་ནས་ཕྱེ་ཐབས་བྱེད་པར་སྤྲོ་བས་ཡིན་ལ་དེང་གི་དུས་འདིར་དེ་ལྟར་ཡིན་ཡང་དགོས།
  སྤྱིར་གྱོད་གཞིའི་རང་བཞིན་ཅན་གྱི་གསར་འགྱུར་ཡིན་ན། མཇུག་འབྲས་སྔོན་ལ་ཐོན་ནས་དེ་ནས་འབྱུང་རྐྱེན་རྩད་གཅོད་ཀྱི་ལམ་ནས་གནས་ཚུལ་གྱི་རྒྱུ་རྐྱེན་ལ་ཕྱིར་འགྲོ་གི་ཡོད་པ་དང་། མཐའ་མར་གསར་འགྱུར་དེའི་རྒྱུ་རྐྱེན་ར་འཕྲོད་པ་དང་ལྷན་སློབ་གསོ་དང་ཤུགས་རྐྱེན་དེ་སྤྱི་ཚོགས་ནང་ལྷག་གི་ཡོད། ངས་ཐེངས་དེའི་གསར་འགྱུར་གྱི་མཇུག་འབྲས་ནས་བྱུང་རྐྱེན་བར་ཆད་ལྷག་མེད་པར་བཀླགས་པས། མགོ་ནས་མཇུག་བར་གྱི་གནས་ཚུལ་རྣམས། གོ་བདེ་ཁ་གསལ་གྱི་རང་བཞིན་སྤྱད་དེ་གསར་འགྱུར་དེ་མཁྱེན་ཡངས་ཀློག་པ་པོའི་ཚོའི་མིག་ལམ་ན། ཞིབ་པར་གང་ཤེས་གང་མཐོང་དང་། བསྒྱུར་སྒྲིག་གི་ལམ་ནས་འབུལ་རྒྱུ་ཡིན། དེ་ཡང་གསར་འགྱུར་གྱི་ནུས་པ་ནི་རྨོངས་གཉིད་ལས་སད་ཟིན་པའི་སྤྱི་ཚོགས་ནང་ཧ་ཅང་ཤུགས་ཆེའི་རང་བཞིན་ཅན་གྱི་སྒོ་ནས་ཁྱབ་ཡོད་པས། དམིགས་བསལ་སྐབས་དེའི་གསར་འགྱུར་དེས་རྒྱ་གར་ཁྱོན་ཡོངས་ཡོམ་པར་བྱས་ཤིང་། གསར་འགྱུར་མི་སྣ་རང་ལོ་ཉེར་གསུམ་ཡིན་པའི་བུད་མེད་དེ་རྒྱ་གར་བུད་མེད་ས་ཡ་མང་པོའི་སེམས་གཏིང་གི་དཔའ་མོར་གྱུར་སོང་།
 
          ཁོ་མོའི་མི་ཚེའི་འོད་སྣང་།
   ཁོ་མོའི་ཕ་ཡུལ་ནི་རྒྱ་གར་གྱི་མངའ་སྡེ་ Uttar Pardesh ཨུ་དར་པར་དེ་ཤི་ནས་ཡིན་པ་དང་ཁོ་མོའི་ནང་མི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལྷོ་ནུབ་ཀྱི་གྲལ་རིམ་བར་མའི་ཁྱིམ་ཚང་སྡོད་སའི་ས་ཁུལ་དུ་གནས་སྤོས་བྱས་ནས་ལོ་ 75 ཙམ་ཕྱིན་འདུག ཁོ་མོས་སློབ་ཕྲུག་གཞན་ལ་ཟུར་ཁྲིད་བྱས་ཏེ་རང་ཉིད་ཀྱི་མཐོ་སློབ་ཀྱི་སློབ་ཡོན་བསགས་ཡོད་པ་དང་། མཐར་ཁོ་མོའི་ཕ་ཡིས་ཁོ་མོའི་སློབ་སྦྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ་མཐོང་བས། དངུལ་ཁང་ནས་དངུལ་བུན་གཡར་ཏེ་མུ་མཐུད་ཁོ་མོའི་མཐོ་རིམ་སློབ་སྦྱོང་མཐའ་སྐྱེལ་བྱེད་རྒྱུའི་དམ་བཅའ་བཞག་འདུག
   སྨན་པའི་རབ་འབྱམས་པ་ཐོན་རྗེས་མོ་རང་དྷེ་ར་རྡུན་དུ་ Dehradun སེམས་ཁམས་སྨན་པའི་ཆེད་སྦྱོང་བྱེད་པར་ཕྱིན་འདུག ཕྱིར་ལྡི་ལིར་ལོག་རྗེས་མོ་རང་ནུབ་ལྡི་ལིའི་སྒེར་གྱི་སྨན་ཁང་ཞིག་ཏུ་སྨན་པ་གཞོན་པའི་ལས་ཀ་བྱེད་འགོ་བརྩམས།
 མོ་རང་ནི་ནང་མིའི་ནང་ནས་ཕྲུ་གུ་རྒན་ཤོས་དེ་ཆགས་འདུག་ཅིང་། མོ་རང་གིས་ཕ་མས་མོ་རང་གི་ཤེས་ཡོན་གྱི་ནུས་ཤུགས་དེས་བུ་སྤུན་གཞན་གཉིས་ལ་ལེགས་པའི་ཆ་ནས་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་ཅེས་བརྗོད་སོང་། དེ་བཞིན་ནང་མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་ཕྲུ་གུ་དེ་མ་འོངས་པར་ལས་ཀ་ལེགས་པོ་ཞིག་རག་ནས་མདུན་ལམ་ལེགས་པོ་ཡོང་ན་བསམ་པ་བཞིན། ཁོ་མོའི་ཕ་མས་ཀྱང་ཁོ་མོར་རེ་བ་དེ་ལྟར་བཅོལ་འདུག __ANI གསར་ཁང་།
          གློག་བརྙན་ནས་བཙན་གཡེམ།
   སྤྱི་ལོ་ 2012 ཟླ་ 12 ཚེས་ 16 ཉིན་གྱི་དགོང་མོ་ཁོ་མོ་དང་ཁོ་མོའི་གྲོགས་པོ་ཞིག་གློག་བརྙན་བལྟ་བར་ཕྱིན་ཏེ་ཁྱིམ་ལ་ལོག་འགོ་བརྩམས།
   ལྷོ་ལྡི་ལི་ས་ཀེ་ཀྲི་ Saket ས་གནས་སུ་གློག་བརྙན་བལྟས་ནས་མན་རེ་ཀ་ Munrika ས་གནས་སུ་འབྱོར་འདུག ས་གནས་དེར་རྒྱུན་གཏན་ནས་སྒེར་གྱི་སྤྱི་སྤྱོད་རླངས་འཁོར་ལམ་ཟུར་དུ་བཀག་ནས་འཇོག་གི་ཡོད། སྐབས་དེ་དུས་དགོང་དྲོ་ཕྱི་པོ་གང་འཚམ་ཡང་ཆགས་ཟིན་ཡོད་པ་རེད་འདུག
   ཁོང་གཉིས་ཀྱིས་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་དུ་འཛུལ་བ་དང་། དེའི་ནང་སྔོན་ནས་ཕོ་གཞོན་དྲུག་སོ་སོས་རླངས་འཁོར་གྱི་སྒེ་ཡོལ་བཀག་པ་སོགས་གྲ་སྒྲིག་ཆ་ཚང་བྱས་ཟིན་ཡོད་པ་རེད་འདུག
   སྤྱི་སྤྱོད་རླངས་འཁོར་དེ་ཉི་མའི་དགུང་དུ་སློབ་ཕྲུག་དབོར་གྱི་ཡོད་པ་དང་། ཕྱི་དྲོ་སྤྱི་སྤྱོད་རླངས་འཁོར་དེ་ལས་མིའི་ལག་ཏུ་བཞག་ནས་སྦྱིན་བདག་ངོ་མ་ནང་དུ་ལོག་ཕྱིན་ཡོད་པ་རེད། ཉེན་རྟོག་པས་བརྗོད་གསལ་ལ། ཁོ་གཉིས་རླངས་འཁོར་ནང་འཛུལ་བ་དང་མི་དེ་དག་གིས་ཁོ་མོ་རླངས་འཁོར་གྱི་མཇུག་ཏུ་དྲུད་ནས་བཙན་གཡེམ་བྱེད་རྩིས་བྱེད་སྐབས་ཁོ་མོས་གཡོལ་ཐབས་བྱས་པས་ཉེས་རྡུང་ཧ་ཅང་བཏང་ཡོད་པ་དང་། ཁོ་མོའི་གྲོགས་པོ་དེས་ཁོང་ཚོར་རྒོལ་ཐབས་བྱས་ཀྱང་གླགས་མི་འཁེལ་བར་ཁོ་རང་ལ་ཡང་ཉེས་རྡུང་དྲག་པོ་བཏང་འདུག
   དེ་ལྟར་སྐར་མ་ 40 དེའི་རིང་རླངས་འཁོར་འགྲོ་གིན་འགྲོ་གིན་ཁོ་མོར་ཁོང་ཚོ་རེ་མོས་ཀྱིས་བཙན་གཡེམ་བྱས་འདུག་ཅིང་། ད་དུང་བྱ་ངན་གྱི་འདོད་པ་མ་ཚིམས་པར་ཁོ་མོར་ལྕགས་ཧྲེང་གིས་ཉེས་རྡུང་ཚབས་ཆེན་བཏང་ཞིང་མཚན་མའི་ནང་ལྕགས་ཧྲེང་བཙུགས་པ་སོགས་སྡུག་སྦྱོང་ཚད་མེད་བཏང་འདུག ཕྱིས་སུ་ཉེན་རྟོག་པས་ཤེས་གསལ་ལྟར་ན། ཡིད་སྐྱོ་བའི་གནད་དོན་དེ་མ་བྱུང་བའི་སྔོན་དུ་རླངས་འཁོར་དེ་རང་གི་མིས་ན་གཞོན་ཞིག་འཕྲོག་བཅོམ་བྱས་འདུག་ཅིང་ན་གཞོན་དེས་ཉེན་རྟོག་པར་ཞུ་གཏུག་བྱས་ཀྱང་། ཉེན་རྟོག་པས་ཁོ་རང་ལ་ཁ་ཡ་དང་དོ་སྣང་བྱས་མི་འདུག
   མཐར་ཁོང་ཚོའི་ཆགས་སེམས་སྨྱོན་པ་དེ་ཚིམས་རྗེས། ཡང་བསྐྱར་ཁོ་མོར་ཉེས་རྡུང་ཧ་ཅང་བཏང་ནས་རོ་བཞིན་བཟོས་ཏེ་ཁོང་གཉིས་ལྷན་དུ་དམར་ཧྲེང་ངང་ལམ་ཟུར་དུ་གཡུགས་ནས་བྲོས་ཕྱིན་འདུག  ཁོང་གཉིས་དམར་ཧྲེང་ངང་ལུས་པོ་ཁྲག་གིས་ཚོས་ཤིང་ལམ་ཟུར་དུ་རོགས་པ་ཅི་ཡང་མི་རག་པར་ལུས་པའི་སྐབས་རྒྱ་གར་གཞུང་། གཞུང་ལམ་སྐོར་སྲུང་ National Highway Patrol མི་སྣས་མཐོང་སྟེ་ཉེན་རྟོག་པ་གཞན་དག་ལ་བརྡ་ལན་བཏང་འདུག
   སྡུག་རྩུབ་ཆེ་བའི་གྱོད་གཞི་དེ་ཡོངས་ཁྱབ་ཕྱིན་རྗེས། རྒྱ་གར་རྒྱལ་ཡོངས་ཧ་ལས་ཧོན་འཐོར་གྱི་གནས་སུ་གྱར་ཡོད་པ་རེད། ཁོ་མོ་ཐོག་མར་འཁྱེར་སའི་སབ་ཏར་ཇུང་ Safdarjung སྨན་ཁང་གི་སྨན་པས་ད་བར་བཙན་གཡེམ་བྱུང་བའི་གྱོད་གཞིའི་ནང་ཁོ་མོ་ལྟ་བུའི་གནས་སྟངས་སུ་གྱར་བ་མཐོང་མྱོང་མེད་ཅེས་བརྗོད་འདུག  མོ་རང་མགྱོགས་མྱུར་སྨན་ཁང་དུ་འབྱོར་ཡོད་ཀྱང་མོ་རང་གི་གཟུགས་པོའི་གནས་སྟངས་མུ་མཐུད་ཛ་དྲག་ཏུ་སོང་ཡོད་འདུག
   འོན་ཀྱང་ཁོ་མོའི་གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡང་། ཁོ་མོས་ནང་མིར་ཁོ་མོ་ནམ་ཡང་གནས་སྟངས་དེའི་འོག་ནས་ཤི་འདོད་མེད་ཅེས་ཆོད་སེམས་བརྟན་པོས་བརྗོད་འདུག དུས་སྐབས་དེ་དང་བསྟུན་ནས་རྒྱལ་གར་རྒྱལ་ས་ལྡི་ལིའི་ India gate ཨིན་ཀྲི་ཡ་གད་ཀྲི་ལ་མི་དམངས་ཁྲི་ཚོ་མང་པོ་འཛོམས་ནས་ངོ་རྒོལ་བྱས་པ་དང་། སྲང་ལམ་དག་ནས་གང་བྱུང་དུ་རྡོ་གཞུས་པ་སོགས་ངོ་རྒོལ་དེ་ཡང་རིམ་བཞིན་དྲག་པོར་གྱུར་ནས། མཐར་ཉེན་རྟོག་པ་གཅིག་གི་རང་སྲོག་ཀྱང་ངོ་རྒོལ་གྱི་ཁྲོད་ནས་ཤོར་ཡོད་པ་རེད། དེ་ནི་ད་བར་གྱི་ལྡི་ལིར་མི་དམངས་འདུ་འཛོམས་བྱུང་བ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག
   ཉིན་བཅུའི་རིང་རྒྱ་གར་སྨན་ཁང་ནས་གང་ཐུབ་ཅི་ཐུབ་ཀྱིས་ཁོ་མོར་སྨན་བཅོས་བྱས་ཀྱང་འབྲས་བུ་མ་ཐོན་པར་མཐར་སྤྱི་ལོ་ 2012 ཟླ་ 12 ཚེས་ 26 རེས་གཟའ་ལྷག་པའི་ཉིན། ཁོ་མོ་སྐྱོབ་ཐབས་ཐ་མ་དེ་བྱེད་ཆེད་ Singapore སེང་གྷ་པོར་གྱི་སྨན་ཁང་ Mount Elizabeth Hospital ཞེས་པར་ཁྲིད།
   འོན་ཀྱང་། ཁོ་མོ་སེང་གྷ་པོར་གྱི་སྨན་ཁང་གི་སྒོ་འཛུལ་དུས་ནས་ཧ་ཅང་ཕྱི་དྲགས་ཤིང་། ཁོ་མོའི་དབུགས་ཀྱི་རྒྱུ་བ་རིམ་བཞིན་འགག་འགྲོ་བའི་སྒང་ལ་རེད་འདུག དེ་ལྟར་ཁོ་མོས་ཉིན་གཉིས་རིང་ཤི་རྗེ་དང་འཐབ་རྩོད་དྲག་པོ་བྱས་མཐར། རེས་གཟའ་སྤེན་པའི་སྔ་དྲོ་རྒྱ་གར་གྱི་ཆུ་ཚོད་ (4:45am) ཐོག་ཁོ་མོ་འཇིག་རྟེན་ཕྱི་མའི་ལྔ་ལམ་དུ་གཤེགས་སོང་། ཞེས་སྨན་ཁང་གི་འགོ་གཙོ་སྨན་པ་ཀེལ་ཝིན་ལོ་ཡིས་ཁྱབ་བསྒྲགས་བྱས་སོང་།[2]
   ཉིན་བཅུ་གསུམ་རིང་ཁོ་མོས་མི་ཚེའི་ཆེད་དུ་འཐབ་རྩོད་དྲག་པོ་བྱས་པའི་བརྒྱུད་རིམ་ནང་། སྨན་པ་ཚང་མ་ཁོ་མོའི་བློ་སྟོབས་ལ་ཧ་ལས་ཤིང་ཡིད་སྨོན་ཤོར་འདུག སྨན་པ་ཚང་མས་ཁ་གཅིག་གྲགས་ཀྱིས་ཁོ་མོ་ནི་བློ་སྟོབས་ཅན་གྱི་བུད་མེད་ཅིག་རེད་ཅེས་བརྗོད། སྤྱིར་རྒྱུན་དུ་བཙན་གཡེམ་གྱི་དོན་རྐྱེན་བྱུང་ན་བུད་མེད་མང་ཤོས་ཤིག་གིས་རང་ཤི་རྒྱག་གི་ཡོད་པ་དང་། བཙན་གཡེམ་བྱུང་རྗེས་འཇིག་རྟེན་འདིར་གསོན་མི་གསོན་མེད་པའི་ལྟ་སྟངས་ཡོངས་ཁྱབ་གཅིག་འཁྱེར་གྱི་ཡོད་པས། དེ་རེས་ཁོ་མོས་གནས་སྟངས་ཧ་ཅང་སྐྱོ་པོ་དེའི་འོག་ནས་བློ་སྟོབས་དེ་འདྲ་ཞིག་བསྐྱེད་པས་རྒྱ་གར་རྒྱལ་ཡོངས་ཀྱིས་ཁོ་མོར་དཔའ་མོའི་གོ་མིང་སྟེར་ཅིང་། རྒྱ་གར་གྱི་བུད་མེད་ས་ཡ་མང་པོའི་སྙིང་དབུས་སུ་བློ་སྟོབས་རླབས་ཆེན་རེ་སྦྱིན་ཡོད། དེ་བཞིན་རྒྱ་གར་གཞུང་གི་དཔོན་པོ་ཀུན་གྱིས་ཁ་གཅིག་གྲགས་ཀྱིས་ཁོ་མོར་རྒྱ་གར་གྱི་གཅེས་ཕྲུག་ཏུ་འབོད་བཞིན་ཡོད་པ་རེད།
   དེ་ལྟར་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་ཕྲུག་ཚོགས་པ། བུད་མེད་ཚོགས་པ། མི་དམངས་ཚོགས་པ། ལྐོག་ཟ་རུལ་སུངས་ངོ་རྒོལ་ཚོགས་པ་སོགས་ཚོགས་པ་ཚང་མས་མཐའ་གཅིག་ཏུ་ཁོ་མོའི་རྒྱབ་ཏུ་ལངས་ནས། ཉེས་ཅན་པ་ཚང་མར་སྲོག་ཁྲིམས་སམ་ཚེ་བཙོན་གྱི་ཉེས་ཆད་གཏོང་དགོས་པ་དང་། བཙན་གཡེམ་གྱི་གྱོད་གཞི་ཕྱིན་ཆད་ཉུང་དུ་གཏོང་དགོས་པའི་ཐད་ཀྱི་ཁྲིམས་བཟོ་ཚགས་ཚུད་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་ཡོད་ཅིང་རྒྱ་གར་གཞུང་ཕྱོགས་ནས་ཀྱང་ཁས་ལེན་དང་། དང་ལེན་གང་ཐུབ་བྱས་ཡོད་པ་རེད།
   དེ་ལྟར་ཁོ་མོ་འདས་རྐྱེན་གྱི་གནད་དོན་གཙོ་དག་ནི། ཀླད་པ་སྦོས་པའམ་སྐྲངས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། དེ་ནས་སྙིང་དང་། སྙིང་ནས་གློ་བར་རྨས་སྐྱོན་ཆེན་པོ་བྱུང་སྟེ་མཐར་ཚེ་མ་ཟིན་པའི་གནས་སུ་གྱར་ཡོད། དམིགས་བསལ་གྲོད་སྨད་ལའང་རྨས་སྐྱོན་ཆེན་པོ་ཕོག་འདུག ཁོ་མོའི་མི་ཚེའི་ཆེས་མཐའ་མའི་ཆུ་ཚོད་ཁ་ཤས་དེའི་ནང་། གོང་གི་རྨས་སྐྱོན་དེ་དག་གིས་རྐྱེན་པས་རིམ་བཞིན་གཟུགས་པོའི་ནང་སྲོག་རླུང་ oxygen གི་འགལ་ཟླ་ནག་རྫས་འབར་རླངས་ carbon dioxide མང་དུ་སོང་ནས་སྲོག་རླུང་རིམ་བཞིན་ཇེ་ཉུང་དུ་གྱུར་འདུག སྤྱིའི་ཆ་ནས་མི་དཀྱུས་མར་སྲོག་རླུང་གི་གྲངས་ཚད་ 90-100 བར་དགོས་ཀྱང་ཁོ་མོའི་སྲོག་རླུང་གི་གྲངས་ཚད་ 40-50 བར་ཆག་ཡོད་འདུག གནས་སྟངས་དེས་གཟུགས་པོའི་ཆ་སྙོམས་སྟངས་འཛིན་ཡོངས་སུ་འཁྲུགས་ནས་གཟུགས་པོའི་ནང་སྐྱུར་རྗས་ཧ་ཅང་འཕེལ་འདུག་ཅེས་གནས་ཚུལ་བྱུང་ཁུངས་ཀྱིས་གསལ་བཤད་བྱས་འདུག གནད་དོན་དེས་ཁོ་མོ་འདས་རྐྱེན་གཉིས་སུ་བསྡུས་ཆོག་གི་འདུག དང་པོ། གློ་བར་གཉེན་ཁ་རྒྱས་པ་དང་། གཉིས་ནས་ཀླད་པའི་ལས་ཀ་ལྡབ་འགྱུར་མང་པོ་ཉམས་པའི་རྐྱེན་བྱས་ཏེ་སྲོག་དབུགས་གཏོང་བྱེད་ཀྱི་དབང་རྩའི་མ་ལག་ལ་གནོད་སྐྱོན་ཆེན་པོ་བཟོས་ཏེ། མཐར་ཁོ་མོའི་སྙིང་གིས་ལས་མཚམས་མ་བཞག་ཐབས་མེད་དུ་གྱུར་ཡོད་པ་རེད། __PTI[3] གསར་ཁང་།
 
           ཁོ་མོ་འདས་པ་དང་རྒྱ་གར་གྱི་རྒྱལ་ཡོངས་ཀྱི་མྱ་ངན།
  སྤྱི་ལོ་ 2012 ཟླ་ 12 ཚེས་ 29 ཉིན་ཁོ་མོའི་སྐུ་ཕུང་ལ་པུར་ཞིབ་བྱས་ཟིན་རྗེས་ཁོ་མོའི་ནང་མི་དང་རྒྱ་གར་གཞུང་གི་དམིགས་བསལ་ལས་བྱེད་མང་པོས། ཁོ་མོའི་སྐུ་ཕུང་ཐད་ཀར་དམིགས་བསལ་རྒྱ་གར་གཞུང་གིས་ཆེད་གཏོང་གནམ་གྲུའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱིར་དབོར་ཡོད། ཡིད་སྐྱོའི་གནས་ཚུལ་དེས་རྒྱ་གར་རྒྱལ་ཡོངས་སྡུག་བསྔལ་གྱི་ནང་དུ་བསྐྱལ་ཡོད་པ་དང་། མི་དམངས་ཁྲི་ཚོ་མང་པོས་ལྡི་ལིའི་ཕྱི་དྲོའི་གྲང་ངར་ལ་མི་ལྟོས་པར་འདུ་འཛོམས་ཆེན་པོ་བྱས་ཏེ། པུར་སྒམ་རས་ཁེབས་ཀྱིས་གཡོགས་པ་ཁྱེར་བ་དང་། ཞི་བའི་ངོ་རྒོལ་དང་མར་མེའི་ཁྲོམ་སྐོར་གྱི་སྣེ་ཁྲིད་དེ་ཁོ་མོར་དྲན་གསོ་དང་མྱ་ངན་གྱི་གསོལ་འདེབས་རྒྱ་ཆེ་ཞིག་སྤེལ། རྒྱ་གར་གྱི་གསར་ཁང་ཚང་མས་ཁ་གཅིག་གྲགས་ཀྱིས། ཐེངས་འདིའི་ཡིད་སྐྱོའི་གནས་ཚུལ་དེ་འགྲེམས་སྤེལ་བྱེད་དུས་ཁོ་ཚོ་ཚང་མ་ཡིད་སེམས་ཧ་ཅང་སྐྱོ་གི་འདུག་ཅེས་གླེང་།
   ལྡི་ལིའི་ཉེན་རྟོག་པས་ཁོ་མོའི་གྱོད་གཞི་དེ་མི་གསོད་གྱོད་གཞིའི་སྡེ་ཚན་ནང་ཐོ་འགོད་བྱས་ཡོད་པ་དང་། བཙན་གཡེམ་བྱེད་མཁན་གྱི་མི་དྲུག་པོ་གཅིག་ཀྱང་མ་ལུས་པར་འཛིན་བཟུང་བྱས་ཟིན་ཡོད། རྒྱ་གར་གཞུང་གི་ཆེས་མཐོའི་མི་སྣ་མང་པོས་ཐད་ཀར་ཁོ་མོའི་ནང་མིར་སེམས་གསོའི་ཁ་ཏ་བྱས་ཡོད་ཅིང་། ཐད་ཀར་གསར་འགོད་གསལ་བསྒྲགས་བརྒྱུད་ནས་བརྗོད་དོན།
   རྒྱ་གར་གྱི་སྲིད་འཛིན་པར་ནབ་མ་ཁུར་ཇི་ Parnab Mukherjee ཡིས། ཁོ་མོ་ནི་མི་ཚེ་དང་རང་ཉིད་ཀྱི་ཆེ་མཐོང་གི་ཆེད། སྲོག་དབུགས་ཀྱི་རྒྱུ་བ་ཐ་མར་ཡང་འཐབ་རྩོད་བྱེད་མཁན་གྱི་རྒྱ་གར་གྱི་བུད་མེད་ན་གཞོན་ལེགས་ཤོས་ཀྱི་དཔེ་མཚོན་མི་སྣ་ཡིན་ཞིང་། ཁོ་མོ་གྲོངས་པ་དེ་དོན་སྟོང་དུ་འགྱུར་མི་སྲིད་ལ་ང་ཚོས་གང་ཐུབ་ཀྱི་གནད་དོན་དེར་ཐག་གཅོད་ནན་ཏན་བྱ་རྒྱུ་མ་ཟད།  ཕྱིས་འབྱུང་གནས་ཚུལ་དེ་འདྲ་བ་བསྐྱར་དུ་མི་ཡོང་བ་བྱེད་རྒྱུའི་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།
   རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཧ་མི་ཏི་ཨན་སར་རི་ Hamid Ansari ཡིས། ཐེངས་འདིའི་བྱུས་ཉེས་དེས། ང་ཚོས་ངེས་པར་དུ་སྤྱི་ཚོགས་ཀྱི་ཞན་ཆ་ཡར་རྒྱས་སུ་གཏོང་དགོས་པར་བཙན་དེད་བྱེད་ཅིང་། འགྲོ་བ་མིའི་ཐོབ་ཐང་བརྡལ་གཤིག་གཏོང་མཁན་དང་གེགས་བར་བྱེད་མཁན་བྱུང་བ་མཐའ་དག་ཁྲིམས་ཐོག་ནས་དོན་མཐུན་གྱི་ལག་ལེན་ངེས་པར་དུ་བསྟར་དགོས་ཀྱི་རེད་ཅེས་བརྗོད་སོང་།
   རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་ Manmohan Singh གིས། གལ་སྲིད་ང་ཚོས་སྐྱོ་གདུང་དེ་དང་ནུས་ཤུགས་དེ་དོན་ཕན་ལྡན་པའི་ལག་བསྟར་ཞིག་ལ་བསྒྱུར་ཐུབ་ན། དེ་ནི་ཁོ་མོར་དྲན་གསོ་ལེགས་ཤོས་དེ་བྱས་པ་རེད། ང་ཚོས་ངེས་པར་དུ་ཕྱོགས་ལྷུང་མེད་པར་བགྲོ་གླེང་དང་རྩད་གཅོད་མཐིལ་ཕྱིན་པ་བྱས་ཏེ། ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློའི་འཁྱེར་སོ་ལ་ལེགས་བཅོས་ངེས་པར་དུ་བྱེད་དགོས། ཞེས་བརྗོད་སོང་།
   རྒྱ་གར་གྱི་ཀོང་ར་སི་ཆབ་སྲིད་ཚོགས་པའི་སྲིད་འཛིན་སོ་ནི་ཡ་གྷན་དི་ Sonia Gandhi ཡིས། དོན་རྐྱེན་དེས་ངོ་ཚོས་སྤྱི་ཚོགས་ཀྱི་བསམ་བློའི་འཁྱེར་སོ་སྐྱུག་བྲོ་པོ་ཕོ་ཡིས་མོ་ལ་རང་སྣང་གང་དྲན་གྱི་བཙན་གཡེམ་བྱེད་པ་ཆག་ཡང་དུ་གཏོང་བར་ཕར་རྒོལ་ནན་ཏན་བྱེད་དགོས་པའི་སྐུལ་མ་གཏིང་ནས་གཏོང་གི་ཡོད། ང་ཚོའི་རྒྱལ་ཁབ་ཀྱི་བུད་མེད་གཅེས་ཕྲུག་མ་མོ་རང་ལ་ང་ཚོས་བདེན་པ་འཐོབ་པ་བྱེད་ཀྱི་ཡིན། ཞེས་བརྗོད་སོང་། __Indian Express གསར་ཁང་།
 
         གླེང་སློང་གལ་ཆེན་དང་བཙན་གཡེམ་གྱོད་གཞིའི་ཁྲིམས་བཟོ།
   སྤྱིར་རེས་གཟའ་སྤེན་པ་གང་ཡིན་གྲོང་ཁྱེར་སྡེ་ཁུལ་གྱི་མཚན་ཚོགས་དུས་ཚོད་ཡིན་པ་དང་།  ཐེངས་དེའི་རེས་གཟའ་སྤེན་པ་ ( ཚེས་30 ) དེ་སྤྱི་ལོའི་ལོ་གསར་གྱི་ཉིན་གཉིས་ཀྱི་སྔོན་ལ་ཏག་ཏག་ཁེལ་ཡོད་པས་དམིགས་བསལ་གྱི་སྤྲོ་ཚོགས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་རྒྱུའི་དུས་ཚོད་ཅིག་ཡིན་མོད།  ཚེས་ཉེར་དགུའི་ཁོ་མོ་འདས་པའི་ཡིད་སྐྱོའི་གནས་ཚུལ་དེས་རྒྱ་གར་རྒྱལ་ཡོངས་ཀྱིས་ལོ་གསར་གྱི་སྲུང་རྩི་མེད་པར་མྱ་ངན་གྱི་ལས་འགུལ་རྒྱ་ཆེར་སྤེལ་ཞིང་། ཕྱིན་ཆད་བུད་མེད་ཀྱི་བདེ་སྲུང་ལས་ཆར་དོ་དམ་དུ་གཏོང་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་ཡོད། ལྡི་ལི་ཙམ་མ་ཟད་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གཞན། LUCKNOW ལག་ནོའོ།  SIMLA  སིམ་ལ། KOLKATA ཀོལ་ཀ་ཏ། JAUNPUR ཇོན་པུར། KOCHI ཀོ་ཆི་སོགས་སུ་མྱ་ངན་གྱི་འདུ་ཚོགས་ཧ་ཅང་ཆེན་པོ་འདུས་ཏེ་ཉེས་ཅན་པར་ཁྲིམས་གཅོད་ནན་ཏན་གཏོང་དགོས་པའི་འབོད་ཚིག་འཕྲེད་དར་དང་། བུད་མེད་ཀྱི་བདེ་སྲུང་ལ་གཞུང་དམངས་གཉིས་ཀས་འགན་ལེན་གང་ཐུབ་བྱེད་དགོས་པའི་རྣམ་པ་ཤུགས་ཆེར་སྟོན་ཡོད་པ་རེད།
   རྒྱ་གར་གཞུང་གི་དམར་ཤོག་ཚོགས་པའི་གྲོས་ཚོགས་ཚོགས་མི་རྒན་པ་ CPI MP[4] Garudas Dasgupta ག་རུ་གྲ་སི། ད་སི་གུབ་ཏ་ཡིས། གྲོས་ཚོགས་ཀྱིས་ངེས་པར་དུ་གནད་དོན་དེའི་ཐོག་ཚོགས་འདུ་དང་བགྲོ་གླེང་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། མི་དམངས་དང་དམིགས་བསལ་གཞོན་སྐྱེས་དག་གི་དགོས་འདུན་ལ་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས་ཚུལ་བརྗོད་སོང་།
   དེ་བཞིན་རྒྱ་གར་གཞུང་དམར་ཤོག་ཆབ་སྲིད་ཚོགས་པ་ CPM[5] ཡིས་བརྗོད་དོན། ད་ཐེངས་ཀྱི་གྱོད་གཞི་དེར་ངེས་པར་དུ་ཁྲིམས་ཐག་ནན་ཏན་གཅོད་དགོས་པ་དང་། གལ་སྲིད་ང་ཚོའི་གཞུང་གི་བདེ་སྲུང་མི་སྣས་དུས་ཐོག་ཏུ་སྐོར་སྲུང་ལེགས་པོ་བྱས་ཡོད་ན་དེ་འདྲ་བའི་གནད་དོན་ཚབས་ཆེན་དེ་འདྲ་ཡོང་སྟངས་མེད་པ་རེད། ཅེས་བརྗོད་སོང་།
   ད་དུང་མུ་མཐུད་བརྗོད་དོན། གཞུང་གིས་གནོད་འཚེ་ཕོག་མཁན་གྱི་ནང་མིར་རོགས་སྐྱོར་གང་ཐུབ་བྱེད་དགོས་པ་དང་། གྱོད་གཞི་དེ་འདྲ་བ་དེ་ཙམ་མིན་པར་། ད་ལྟའི་ཆར་རྒྱ་གར་ནང་ཁྲིམས་འགལ་གྱོད་གཞི་ཁྱོན་གྱི་ནང་ནས་འཁྲིག་སྤྱོད་དང་འབྲེལ་བའི་གྱོད་གཞི་ནི་འཕེལ་མགྱོགས་ཤོས་དེ་ཆགས་ཡོད་ཅེས་བརྗོད་སོང་།
   ཨོ་རི་ས་མངའ་སྡེའི་བློན་ཆེན་ Naveen Patnaik ན་ཝིན་པཀྲི་ནི་ཡག་གིས། བློ་སྟོབས་ཅན་གྱི་བུད་མེད་དེ་གྲོངས་པ་ནི་ལྡི་ལིའི་བྱུས་ཉེས་གཅིག་རེད།  ངེས་པར་དུས་ཐོག་ཏུ་ཐག་གཅོད་ནན་ཏན་དང་། དེ་འདྲ་བའི་གྱོད་གཞི་ཚབ་ཆེན་དེའི་རིགས་ལ་ནམ་ཡང་ཁ་གཏད་ལྷོད་པ་མེད་པར་གཅོག་དགོས་ཞེས་བརྗོད་སོང་།
   DMK ( Dravida Munnetra Kazhagam[6] ) ཡི་ཚོགས་གཙོ་ M Karunanidhi ཨེམ། ཀ་རུན་ན་ནི་རྡི་ཡིས། ཉེས་ཅན་དེ་དག་ལ་ངེས་པར་དུ་ཁྲིམས་གཅོད་ནན་ཏན་གཏོང་དགོས་ལ། མི་ཚེ་གང་པོ་བཙོན་བཅུག་བྱས་ནས་འགྱོད་གདུང་གི་གླིང་ལ་གྱར་དགོས་པ་བཟོ་དགོས། ཞེས་བརྗོད་སོང་།
   Lok Janshakti Party ཆབ་སྲིད་ཚོགས་པ་ཡི་ཚོགས་གཙོ་ Ramvilas Paswan རམ་ཝི་ལ་སི། པསི་ཝན་ཡིས། བུད་མེད་ལ་གནོད་འཚེ་གཏོང་བའི་གྱོད་གཞི་དེའི་རིགས་ལ།  ཁྲིམས་བཙན་པོ་བཟོ་དགོས་པའི་དུས་ལ་སླེབས་ཡོད། ད་ཐེངས་ཀྱི་གྱོད་གཞི་དེས་ང་ཚོའི་མིག་ཕྱེས་ཡོད། ཅེས་བརྗོད་སོང་།
   Bahujan Samaj Party གྱི་ཚོགས་གཙོ་ Mayawati མ་ཡ་ཝ་ཏི་ཡིས། ང་ཚོའི་གཞུང་གིས་དུས་འགྱངས་མེད་པར་ངེས་པར་དུ། བུད་མེད་ཀྱི་ཚབས་ཆེན་གྱོད་གཞི་དེའི་རིགས་ལ་ཁྲིམས་གཅོད་ནན་ཏན་གཏོང་དགོས། ཞེས་བརྗོད་སོང་།
   གྱོད་གཞི་དེའི་ནུས་པས་རྒྱ་གར་རྒྱལ་ཡོངས་ཀྱིས་བུད་མེད་ཀྱི་བདེ་སྲུང་གླེང་ཞིང་། དེའི་སྐོར་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་གཞུང་དམངས་གཉིས་ཀའི་ངོས་ནས་གཞི་རྒྱ་ཆེན་པོ་བྱུང་ཡོད་པ་རེད། དེ་མཚུངས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བུད་མེད་བདེ་འཇགས་ཞབས་ཞུ་ཚན་པ་ཞིག་ཀྱང་ལྡི་ལིའི་བློན་ཆེན་ Sheila Dikshit ཤི་ལ་རྡིག་ཤིཏི་ཡི་ཐད་ཀའི་བཀའ་བཀོད་འོག་ཉིན་དེ་རང་ལ་་ཆེད་བཙུགས་བྱས་ཟིན་ཅིང་། གལ་སྲིད་བུད་མེད་སུ་འདྲ་ཞིག་ལ་གཞན་གྱིས་སུན་གཙེར་གྱི་དཀའ་ངལ་འཕྲད་ཚེ་ཐད་ཀར་རིན་མེད་ཨང་གྲངས་ 181 བསྣུན་ན་རོགས་རམ་སླེབས་ཀྱི་ཡོད་པ་རེད། ཐོག་མའི་ཆར་ཨང་གྲངས་དེ་ 167 ཡིན་པ་དང་། རྒྱ་གར་གཞུང་ཁ་པར་ལྷན་ཁང་གི་ངོས་ནས་ལོ་གཉིས་ཀྱི་ནང་གྲངས་གནས་རིམ་པ་གསུམ་ཅན་གྱི་ཨང་གྲངས་སྤྲད་པ་དང་པོ་དེ་ཆགས་ཀྱི་ཡོད་འདུག  ཕྱིས་སུ་བློན་ཆེན་ལྕམ་སྐུ་ཤི་ལ་རྡིག་ཤི་ཏི་ཡིས་ཨང་གྲངས་དེ་ལས་དྲན་སླ་བ་ཞིག་དགོས་པའི་རེ་སྐུལ་ཞུས་པ་ལྟར་ 181 སྤྲད་ཡོད་པ་རེད།
   ཡང་རྒྱ་གར་གྱི་གྲོང་ཁྱེར་ཇེ་པུར་ལ་ Jaipur ཡང་ Operation Garima  ག་རི་མ་ལས་འགུལ་ཞེས་པའི་མིང་ཐོག་ནས་བུད་མེད་བདེ་འཇགས་ཞབས་ཞུ་ཚོགས་པ་ཞིག་ཀྱང་ཆེད་བཙུགས་བྱས་ཟིན་འདུག རིན་མེད་ཨང་གྲངས་ 7891091111 ཡི་ཐོག་ལ་ཁ་པར་བཏང་ན་དུས་ཐོག་རོགས་རམ་སླེབས་ཀྱི་ཡོད་པ་རེད། __PTI གསར་ཁང་།
   དེ་བཞིན་སྤྱི་ལོ་ 2013 ཟླ་ 1 ཚེས་ 3 ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་[7]དུ་ཡང་བུད་མེད་ཀྱི་བདེ་སྲུང་ཆེད་  1091 གི་ཁ་པར་ཞབས་ཞུ་ཞིག་ཀྱང་དབུ་འཛུགས་བྱས་ཡོད་པ་རེད་འདུག མངའ་སྡེའི་བློན་ཆེན་ཨ་ཤོ་ཁ་ R. Ashoka ཡིས་བརྗོད་གསལ་ལ་ཁ་པར་གྱི་ལམ་ནས་མྱུར་སྐྱོབ་ཞབས་ཞུ་དེ་མི་དམངས་ཚང་མའི་ཆེད་དུ་ཡིན། དམིགས་བསལ་བུད་མེད་ཀྱི་ཆེད་དུ་དམིགས་པ་ཡིན་ཞེས་བརྗོད་འདུག
 
         ཁྲིམས་ཆད།
   དེ་རིང་སྤྱི་ལོ་ 2013 ཟླ་ 1 ཚེས་ 3 ཉིན་ཉེས་ཅན་པ་མི་ལྔ་ལ། བཙན་གཡེམ། བཙན་ཁྲིད། དམར་གསོད་བཅས་ཀྱི་ཉེས་ཁྲིམས་ཕོག་ཡོད་པའི་བཅད་ཁྲ་བསྒྲགས་ཡོད་པ་དང་། ཉེས་ཅན་པ་ལྔ་པོར་སྲོག་ཐོག་ཉེས་ཆད་ཕོག་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཉེས་ཅན་པ་གཅིག་རང་ལོ་བཅོ་བརྒྱད་ལ་སོན་མེད་པའི་ཐེ་ཚོམ་འོག་ཉེན་རྟོག་པས་རུས་པར་བརྟག་དཔྱད་བྱེད་རྒྱུའི་བཀའ་བཀོད་བཏང་འདུག
   དེ་ཉིན་ཉེས་ཅན་པ་ཁྲིམས་ཁང་དུ་ཁྲིད་མེད་པ་དང་གསར་འགོད་པར་ཁྲིམས་ཁང་གི་སྐོར་སྲུང་བར་སྐད་ཆ་དྲིས་སྐབས། བདེ་འཇགས་ཀྱི་ཆེད་དུ་ཉེས་ཅན་པ་དེ་དག་ཁྲིམས་ཁང་དུ་ཁྲིད་ཡོད་པ་མ་རེད་ཅེས་བརྗོད་འདུག
   ཁྲིམས་ཆད་ཐ་མ་ལྡི་ལི་ Saket ས་ཀེ་ཀྲི་རྫོང་ཁྲིམས་ཁང་ནས་གཏོང་རྒྱུ་ཡིན་པ་རེད། གསར་ལམ་ཁག་ནས་གསལ་ཚཱུལ་ཐོན་གསལ་ལྟར་ན། ཁྲིམས་ཆད་ཀྱི་བཅད་ཁྲ་དང་དཔང་རྟགས་ཚ་ཆང་བསྡོམས་ན་ཁྲིམས་ཡིག་ཤོག་བུ་སྟོང་ལས་བརྒལ་བ་ཡོད་པ་དང་། གྱོད་གཞི་ལྷག་སྐབས་དངོས་སུ་མཐོང་མཁན་གྱི་དཔང་རྟགས་མི་གྲངས་སུམ་ཅུ་ཙམ་ཡོད་པ་རེད་འདུག
   སྤྱི་ལོ་ 2013 ཟླ་ 1 ཚེས་ 2 རེས་གཟའ་ལྷག་པའི་ཉིན་བུད་མེད་སྟོང་ཕྲག་ལས་བརྒལ་བས། བཙན་གཡེམ་གྱི་གྱོད་གཞིར་ངོ་རྒོལ་དང་རྒྱ་གར་མི་དམངས་ཀྱི་བུད་མེད་ལ་ལྟ་སྟངས་འགྲིགས་ཀྱི་མེད་པའི་དགོས་འདུན་འོག་ལྡི་ལི་ནས་སེམས་པ་ཆེན་པོ་གྷན་རྡིའི་དྲན་གསོའི་བང་གསོ་ Rajghat བར་གོམ་བགྲོད་བྱས་ཡོད་པ་རེད་འདུག ལྡི་ལིའི་བློན་ཆེན་ལྕམ་སྐུ་ཤི་ལ་རྡིག་ཤིཏི་ཡི་ཡང་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཡོད་པ་མ་ཟད། བཙན་གཡེམ་འགོག་བྱེད་ཀྱི་ཁྲིམས་བཟོ་ལེགས་པོ་ཡོང་དགོས་པའི་བཀའ་བཀོད་གནང་ཡོད་པ་རེད།
   ཕྱིས་སུ་ཉེན་རྟོག་པས་བརྗོད་གསལ་ལྟར་ན་བུད་མེད་དེར་སྤྱི་སྤྱོད་རླངས་འཁོར་འགྲོ་གིན་འགྲོ་གིན་ཚུ་ཚོད་གཅིག་ཙམ་བཙན་གཡེམ་བྱས་ཡོད་པ་ར་འཕྲོད་བྱུང་ཡོད་པ་དང་། ཁོ་མོར་བཙན་གཡེམ་དང་ཉེས་རྡུང་ཧ་ཅང་ཚབ་ཆེ་བཏང་བའི་རྗེས་རླངས་འཁོར་གྱི་འཁོར་ལོའི་འོག་ལ་གཡུག་ནས་བསད་རྩིས་བྱས་ཀྱང་། རོགས་པ་སྐྱེས་པ་དེས་འཐེན་ཐུབ་ཙམ་བྱུང་ནས་བསྐྱབས་ཡོད་པ་རེད།
   ཉིན་བཅུ་བཞི་ཙམ་གྱི་རིང་ངོ་རྒོལ་བསྟུད་མར་བྱུང་བ་དང་། རྒྱ་གར་གཞུང་གིས་ཀྱང་མཚན་ལ་སྐོར་སྲུང་བ་མང་དུ་བཏང་བ། ཤེལ་ཡོལ་ཡོད་པའི་རླངས་འཁོར་གཏོང་མི་ཆོག་པ། རླངས་འཁོར་གྱི་ཤེལ་སྒོ་ནག་པོ་བཀག་སྡོམ། སྤྱི་སྤྱོད་རླངས་འཁོར་གཏོང་མཁན་དང་གླ་ལེན་མཁན་ལ་ཞིབ་བཤེར་བྱེད་བཞིན་པ་སོགས་ཀྱི་བདེ་སྲུང་དོ་དམ་ཞིབ་ཚགས་སུ་གཏོང་བཞིན་ཡོད་པ་རེད་འདུག དེ་བཞིན་རྒྱ་གར་གཞུང་གིས་རྒན་ཡོལ་ཞུས་ཟིན་པའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་ལམ་སྟོན་པར་བསྟེན་ནས། བཙན་གཡེམ་འགོག་པའི་ཁྲིམས་ཀྱི་ཐད་སྒྱུར་བཅོས་ཇི་ལྟར་བྱ་དགོས་མིན་དམིགས་བསལ་གྱི་ཁྲིམས་ཞིབ་ལྷན་ཚོགས་ཤིག་ཆེད་བཙུགས་བྱས་ཡོད་པ་རེད།  __BBC གསར་ཁང་།
      ཟུར་བཤད། ལོ་ཚོད་མ་ལོན་པའི་ཉེས་ཅན་པ་དེའི་གནད་དོན་དེ་མུ་མཐུད་རྩོད་རྙོག་ཅན་དུ་གྱུར་ཡོད་པ་དང་། ཕྱོགས་ཁག་གཅིག་གིས་ཁྲིམས་ཆད་འདྲ་མཉམ་གཏོང་དགོས་ཟེར་བ་དང་། དེ་བཞིན་བཙན་གཡེམ་བྱེད་པའི་ནུས་པ་ཡོད་པས་ཁྲིམས་ཆད་འཁུར་བའི་ནུས་པ་ལོས་དགོས་ཟེར། འོན་ཀྱང་། ན་གཞོན་ཁྲིམས་སྲུང་ཚོགས་པས་དེ་ལྟར་ལོ་ཚོད་ལ་མི་ལྟོས་པར་ཁྲིམས་ཆད་གཅིག་མཚུངས་གཏོང་དགོས་ཟེར་བ་ནི་རྒྱལ་ཁབ་ཚད་ལྡན་ཞིག་གི་སྐད་ཆ་མ་རེད། ང་ཚོས་ལོ་ཚོད་མ་ལོན་པའི་ཉེས་ཅན་པར་ནམ་ཡང་གུ་ཡངས་ཡོད་པ་ནི་ཁྲིམས་ཐོག་ནས་ར་སྤྲོད་བྱེད་ཀྱི་ཡོད་ཅེས་གླེང་གི་འདུག གཞན་ཉེས་ཅན་པ་ཚང་མར་ཁྲིམས་རྩོད་པ་ཐོབ་ཡོད་ཅིང་ད་ལྟའི་ཆར་ཁྲིམས་རྩོད་འགྲོ་བཞིན་ཡོད་པ་དང་། ཚོད་བགམ་བྱས་ན་ཁོང་ཚོར་སྲོག་ཁྲིམས་སམ་ཚེ་བཙོན་གྱི་ཉེས་པ་འཕོག་རྒྱུ་ནི་ཐག་ཆོད་པ་རེད། ཡིན་ན་ཡང་ཁྲིམས་ཆད་ངོ་མ་གཏན་འཁེལ་བར་ཉུང་མཐར་ལོ་ཤས་འགོར་རྒྱུའི་ཚོད་དཔག་བྱེད་ཐུབ།  
 
[1] Asian News International
[2] Doctor Kelvin Loh, chief executive of  Mount Elizabeth Hospital, Singapore
[3] Press Trust of India
[4] CPI MP: Communist Party of India, member of Parliament
[5] Communist Party of Marxist also use Communist Party of India ( CPI )
[6] རྒྱ་གར་གྱི་བདེན་དོན་ཆེད་ལས་འགུལ་བའི་ཆབ་སྲིད་ཚོགས་པ་རྙིང་ཤོས་དང་ཆབ་སྲིད་ཚོགས་པ་ཆེ་ཤོས་གཅིག་ཡིན་པ་རེད་འདུག
[7] Bangalore, Capital city of  Karnataka state

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྡི་ལིའི་ཞབས་འདྲེན་དང་རྒྱ་གར་གྱི་ངོ་ཚ།

2013-03-24 གངས་ནག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།