ལྷ་ཁང་ནང་གི་དམར་གསོད་དང་སུག

  ཨ་རིའི་ནང་སུག་མི་གྲངས་འབུམ་ལྔ་(500,000)ཡོད་ལ། དེའི་ཁྲོད་ཀྱི་ཉིས་སྟོང་ལྔ་བརྒྱ་ཙམ་མངའ་སྡེ་ཝེ་སུ་ཁན་སེན་ན་གནས་བསྡོད་བྱས་ཡོད། ཁོ་ཚོ་ནམ་རྒྱུན་གཟའ་ཉི་མའི་ཉིན་ལྷ་ཁང་ནང་འཛོམས་ནས་ཆོས་འདོན་པར་བྱེད།
  ༢༠༡༢་ལོའི་ཟླ་༨་ཚེས་༥་རེས་གཟའ་ཉི་མའི་ཉིན་ཡང་འཁོར་ཡུག་གཙང་ཞིང་ཞི་བདེ་འཁྱིལ་བའི་ལྷ་ཁང་ནང་སུག་རྣམས་ཀྱིས་ཆོས་ཏོན་ནས་བསྡད་ཡོད།
  ལྷ་ཁང་ནང་མི་དཀར་ཞིག་གིས་ཚོད་མེད་དུ་མེ་མདའ་བརྒྱབས་ནས་སུག་མི་རིགས་དྲུག་དང་ཉེན་རྟག་པ་ཞིག་དམར་གསོད་བྱས་ནས་སུག་མི་གཞན་གསུམ་ལ་རྨས་སྐྱོན་ཚབ་ཆེན་བཟོས། ལྷ་ཁང་གི་ཕྱི་ནང་རོ་ཡིས་བཀང་སྟེ་ཁྲག་གིས་བརྫིས་ནས་ལག་དམར་བས་རང་སྲོག་བཅད་འདུག
  ཕྱི་བཞུགས་བོད་པ་ཞིག་ཡིན་ཚེ་སུག་མི་རིགས་ཟེར་ན་སེམས་ངོར་ལྷིང་ངེར་ཤར་ཡོང་།
  རྒྱུ་མཚན་གང་ཟེར་ན་། ཁོ་ཚོའི་གནས་ཡུལ་གཙོ་བོ་ཕྱི་བཞུགས་བོད་པའི་ལྟེ་གནས་དང་ཐག་མི་རིང་བའི་རྒྱ་གར་བྱང་ཕྱོགས་སུ་བོད་ཀྱི་སེང་གེ་ཁ་འབབ་ཆུ་རྒྱུན་ལ་གཞན་པའི་ཆུ་བོ་ལྔ་འདྲེས་སའི་བརྒྱུད་དུ་ཡོད་ལ། ས་ཁུལ་དེའི་མིང་ལ་ཕན་འཇབ་(punjab)ཟེར་ཞིང་། དེ་ནི་ཆུ་བོ་ལྔ་ཞེས་བའི་དོན་ཡིན།    ད་དུང་སུག་མི་རིགས་ངེས་འཛིན་པ་ལ་དཔེ་མཚོན་སླ་ཤས་ཞིག་ཡོད་པ་ནི་དེང་སྐབས་རྒྱ་གར་གྱི་སྲིད་བློན་རྒྱ་བོ་མགོ་ལ་རས་དཀྲིས་ཡོད་མཁན་ཁོང་སུག་མི་རིགས་ཞིག་རེད། ཕལ་ཆེར་མི་མང་ཆེ་བས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁོང་མཐོང་ཡོད་ཤག་རེད།
  སྤྱིར་སུག་ནི་ཆོས་ལུགས་ཞིག་གི་མིང་ཡིན་ལ། ཆོས་དེ་ལ་དད་པ་བྱེད་མཁན་རྣམས་ལ་སུག་མི་རིགས་ཞེས་འབོད།     སུག་ཆོས་ལུགས་ནི་གུ་རུ་ནཱ་ནག་(1469-1539)གིས་རྒྱ་གར་ནས་གསར་གཏོན་བྱས་བ་རེད། གུ་རུ་ནཱ་ནག་ཁོང་ཕལ་ཆེར་རྒྱལ་བ་སྐུ་འཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དང་དུས་ཐོག་གཅིག་རེད།   ཁོང་ལ་སྤྲུལ་བ་དང་མངོན་མཁྱེན་ལྡན་པར་བཤད།    ༡༤༩༩་ལོར་གུ་རུ་ནཱ་ནག་ཁོང་རྒྱ་གར་ནས་ཕྱོགས་བཞི་ལ་ཕེབས། བྱང་ཕྱོགས་སུ་བོད་ཀྱི་ལྷ་ས་དང་བསམ་ཡས་སོགས་སུ་ཕེབས་མྱོང་ཟེར།   དེང་སྐབས་འཛམ་གླིང་ཐོག་གུ་རུ་ནཱ་ནག་གི་རྗེས་འབྲང་བ་སུག་མི་རིགས་ས་ཡ་སུམ་ཅུ་(30,000,000)་ཡོད།  ཁོ་ཚོར་ཤེས་ཡོན་ལྡན་ཞིང་དཔལ་འབྱོར་གྱིས་ཕྱུག་པས་ཁོ་ཚོ་ས་གནས་གང་ལ་ཐོན་ན་ཡང་སྤྱི་ཚོགས་དེའི་མཐོ་རིམ་སྤྱི་ཚོགས་ཀྱི་གྲོས་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་གྲོས་རེད།    དེ་མིན་སུག་མི་རིགས་ལ་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་ཁོར་ཡུག་གང་ལ་ཕྲད་ཡང་སློབ་སྤྱོང་ཇི་འདྲ་ཞིག་བྱས་ཀྱང་རང་གི་ཆོས་ལ་དད་པ་མི་འགྱུར་ཞིང་ལུགས་སྲོལ་མི་དོར་བ་དེ་ཡིན།  རྒྱ་གར་དང་ཡོ་རུབ། བྱང་ཨ་རི་སོགས་ས་ཆ་གང་ལ་སོང་ན་ཡང་མགོ་ལ་རས་མཐུག་པོ་ཞིག་གིས་དཀྲིས་ནས་སྨ་ར་ཆ་ཚང་བཞག་ཡོད་པ།     གཟུགས་སྟོབས་ཆེ་ཞིང་ཕོ་ཉམས་དོད་པའི་སུག་གི་སྐྱེས་བ་རྣམས་མིག་ལམ་ལ་མངོན་ཡོང་གིན་འདུག    སུག་གིས་རྒྱ་གར་གྱི་མི་གྲངས་བརྒྱ་ཆའི་གསུམ་ཙམ་ལས་ཟིན་མེད་ན་ཡང་རྒྱ་གར་གྱི་སྤྱི་ཚོགས་ནང་གོ་གནས་མཐོ་པོ་བཟུང་ཡོད་པ་མང་པོ་ཡོད།     དཔེར་ན།    དེ་སྔོན་གྱི་རྒྱ་གར་སྲིད་འཛིན་གྷེ་ནེ་ཟེ་དང་། དེང་སང་གི་སྲིད་བློན་མན་མོན་ཧན་སེན།  འཛམ་གླིང་ན་སྐད་གྲགས་ཆེ་བའི་དཔལ་འབྱོར་རིག་པ་བ་དང་དེང་སང་རྒྱ་གར་གྱི་འཆར་འགོད་མགོ་གཙོ་མན་ཏོག་སེན། མཉམ་འབྲེལ་རྒྱལ་ཚོགས་ནང་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་སོགས་སུག་ལ་མྱི་ཆེན་མང་པོ་ཡོད།
ལྷ་ཁང་ནང་དུ་གཤིས་རྒྱུད་དྲང་ཞིང་བྱམས་སེམས་ལྡན་པའི་སུག་གི་མྱི་དེ་རྣམས་དམར་གསོད་བྱེད་དགོས་པའི་རྒྱུ་མཚན་གསལ་བོ་མི་སུ་ཞིག་གིས་ཤེས་གིན་མེད་ན་ཡང་།    ཁོས་དྲ་ལམ་ནས་མི་དཀར་གྱི་ལ་རྒྱ་དང་མི་རིགས་རིང་ལུགས་ཤུགས་ཆེན་གླེང་ཡོད་པ་དང་སྟོབས་ལྡན་མི་དཀར་ཚོགས་པར་རློན་པར་བལྟས་ན་ཁོ་མི་དཀར་ལས་མི་རིགས་གཞན་ལ་མི་དགའ་བ་དང་།     ལྷག་པར་བྷན་ལཱ་ཏན་གྱི་མགོ་དཀྲིས་དང་འདྲ་བའི་མགོ་དཀྲིས་ཅན་གྱི་སུག་རྣམས་བྷན་ལཱ་ཏན་གྱི་ཕྱོགས་གཏོགས་ཞིག་རེད་བསམ་ནས་དམར་གསོད་བྱས་པ་རེད་ཟེར།      ཨ་རིའི་ནང་དགུ་བའི་བཅུ་གཅིག་གི་དོན་རྐྱེན་རྗེས་ནས་བཟུང་མགོ་དཀྲིས་གཅིག་འདྲ་ཡིན་པ་ཙམ་གྱིས་སུག་རྣམས་ཁ་ཆེ་བྷན་ལཱ་ཏན་གྱི་ཕྱོགས་སུ་བཅད་དེ་དོན་རྐྱེན་ཆེ་ཆུང་༧༠༠་ལྷག་བྱུང་ཡོད་པར་བསྒྲགས་འདུག
  རང་ཚུགས་ལྡན་ཞིང་རང་གི་ཆོས་ཀྱི་ཆེད་དུ་ཡོད་ཚད་གཏོང་ཕོད་པའི་སུག་མི་རྣམས་ཀྱི་བརྒྱ་ཆའི་བདུན་ཅུ་རྒྱ་གར་ནང་ཡོད་པ་ལས་གཞན་རྣམས་འཛམ་གླིང་གི་ས་ཁུལ་མང་པོར་གནས་བསྡོད་བྱས་ཡོད།     དཔེར་ན་།  དབྱིན་ཇི་ན་སུག་མི་གྲངས་760,000་་དང་།  ཁ་ན་ཊ་ན་600,000   མཱ་ལེ་ཞིས་ཡ་ན་100,000ཨོ་སི་ཊི་ལི་ཡ་ན་22,000 ཨི་ཊ་ལེ་ན་70,000་ཡོད་པ་སོགས་རྒྱལ་ཁབ་ཉེར་གསུམ་ན་གཞིས་ཆགས་འདུག      ད་དུང་སུག་རྣམས་ལ་ཆུང་བྱིས་པ་ལོ་གསུམ་ཡན་ཆད་ནས་བཟུང་ལུས་དང་གྲིབ་མ་བཞིན་ལུས་ལ་འཆང་དགོས་པའི་དངོས་པོ་ལྔ་ཡོད་པ་ནི་མགོར་སྐྲ་ཁ་ཚང་བཞག་ནས་མགོ་དཀྲིས་བ་དང་།   སོ་མང་ངམ་སྐྲ་ཤད་འཛིན་པ།  གསང་ཁེབས་རྒྱུན་པར་གོན་པ།  ལག་དཀྲིས་ལག་པར་གོན་པ།  གྲི་ཆུང་ལུས་ལ་འདོགས་པ་ཅེས་རེད།      བུའི་མིང་གི་བར་མཇུག་གང་རུང་ལ་སེན་(Singh)འདོགས།         སེན་ནི་སེང་གེ་དོན་ཡིན།   བུད་མེད་ཀྱི་མིང་གི་ནང་ཀཱར་(Kaur)་འདོགས།  དེའི་སྒྲ་དོན་ནི་སྲས་མོ་ལ་གོ་བར་བཤད།     སྲིད་འཛིན་ཨོ་བྷ་མས་སུག་རྣམས་ལ་སེམས་གསོའི་གསུང་འཕྲིན་གནང་སྐབས་་སུག་ནི་ང་ཚོའི་ནང་མི་གལ་ཆེན་ཞིག་ཡིན། ཁོ་ཚོས་ཨ་མེ་རི་ཀ་ཕྱུག་འགྱུར་ལམ་ལ་ག་ཚོད་ཁྲིད་པ་ཚང་མས་དྲན་དགོས། ཞེས་གསུངས།     གཟའ་པ་སངས་ཉིན་ཨ་རིའི་ནང་སུག་མི་རྣམས་ཀྱིས་དམར་གསོད་བྱས་བའི་སུག་རྣམས་པའི་ཆེད་མྱ་ངན་དང་སྔོན་ལམ་འདེབས་བཞིན་འདུག  ང་ཚོ་སུག་རྣམས་ནམ་ཡང་ཕམ་བགྱི་མ་རེད།    ང་ཚོས་རང་གི་དད་པ་དང་རྒྱུན་སྲོལ་བརྒྱུད་འཛིན་བྱེད་རྒྱུ་ཡིན།    ང་ཚོས་དགྲ་བོ་ཚུད་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྒོམ་བཞིན་ཡོད་ཟེར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ཁང་ནང་གི་དམར་གསོད་དང་སུག

2012-08-20 ཨ་རིའི་བོད་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།