རྡོ་ཧེན་ཇེས།

IMG_5045.JPG

  འཛམ་གླིང་འདིར་འགྲོ་བ་མིའི་ལོ་རྒྱུས་རིག་པ་མ་དར་བའི་ཡར་སྔོན་གྱི་དྲན་རྟེན་དུ་བརྩི་བའི་གནའ་ཤུལ་གྲགས་ཅན། དབྱིན་སྐད་དུ་ Stone henge, སི་ཐྲོན་ཧེན་ཇེས་ཞེས་འབོད་པ་དེའི་བརྙན་པར་ཐེངས་དང་པོ་ངས་ག་ཤེད་ཅིག་ནས་མཐོང་བ་བཤད་རྒྱུ་མི་འདུག་མོད། ལས་ཁུངས་ག་གེ་མོའི་གློག་ཀླད་ལྟག་རིང་མའི་སྒེའུ་ཁུང་ངོས་སུ་བརྙན་པར་དེ་བཞག་ཡོད་པ་མཐོང་མྱོང་། སྐབས་དེར་ངས་དེའི་སྐོར་དོ་སྣང་མ་བྱུང་བས་དེ་ཡུལ་གང་ན་ཡོད་པའམ་མིང་ལ་གང་ཟེར་སོགས་ཤེས་ཀྱི་མེད། ད་ཤེས་དུས་དབྱིན་ཡུལ་གྱི་ཝིལ་ཐྲི་ཤིར་Wiltshire England,ནུབ་ངོས་ནས་ལེ་དབར་གསུམ་བརྒལ་བའི་གནས། སྤང་ཐང་ཉམས་དགའ་བ་ཞིག་ན་རྡོའི་ཀ་བ་ལེབ་མོ་སྲིད་དུ་འདོམ་གཉིས་ཙམ་དང་ཞེང་ལ་མི་གཉིས་ཀྱི་ལག་ཟུང་ཤེད་ཀྱིས་བརྐྱངས་ན་འཁྱུད་ཙམ་ཡོད་པ་རྣམས་སྒོར་སྒོར་གྱིས་བང་སྒྲིག་ཅིང་བསླངས་པའི་ཐོག་རྡོའི་གདུང་མ་རེ་འཕྲེད་དུ་བཞག་ཡོད་ཀྱང་། གདུང་མ་ལ་ལ་སྔོན་དུས་ཤིག་ས་ལ་ལྷུང་བ་ཁ་མལ་ན་ལུས་པར་མ་ཚད་གཅིག་རེའི་ཟུར་ཁ་ས་ནང་དུ་ཟུག་ནས་གདའ། རྡོའི་ཀ་གདུང་དེ་དག་ངོས་སུ་ཡིག་རིགས་ཕར་ཞོག་བརྐོས་རིས་ཙམ་ཡང་ཡོད་ཚོད་མི་འདུག སྤྱིར་རྡོ་ཡི་ར་བ་ཡོད་སའི་ས་ཅུང་འབུར་ཞིང་མཐའ་སྐོར་འོབས་དོང་ཆུང་ངུས་བསྐོར་འདུག འདི་རྡོ་ཆས་གསར་མ་དང་ལི་ཆས་དུས་རབས་གཉིས་ཀྱི་མཚམས་སུ་བསྐྲུན་པའི་དྲན་རྟེན་ཁག་དང་བང་སོ་བརྒྱ་ཕྲག་ཕྱོགས་བསྡུ་བྱས་པ་ལས་ཆེས་རྟོགས་དཀའ་བ་དེ་ཡིན་སྐད། སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་ནས་ཉིས་སྟོང་བར་བརྩིགས་པར་གནའ་རྫས་རྟོག་ཞིབ་པ་དག་ཡིད་ཆེས་བྱེད། ཉམས་ཞིབ་པ་ཁག་ཅིག་གིས་རྡོ་བ་སྔོན་པོ་དེ་དག་སྤྱི་ལོའི་སྔོན་གྱི་ལོ་སུམ་སྟོང་གི་མགོ་སྟོད་ཙམ་བསྐྲུན་པར་འདོད་ཚུལ་བསྟན་ཀྱང་། དོན་དངོས་ཐོག་སུའི་བཀའ་བཞིན་ངལ་རྩོལ་བ་ག་ཚོད་ཀྱིས་རྡོའི་ཀ་གདུང་དེ་དག་ས་ཕྱོགས་གང་ནས་དབོར་ཅིང་ཇི་ལྟར་བསྐྲུན་པ་སོགས་ནི་ལན་ལ་རེ་བ་བྲལ་བའི་དྲི་རྟགས་ཙམ་ཡིན། རྡོ་ཧེན་ཇེས་ཀྱི་བདག་དབང་ནི་པྲོག་ཞུ་རྩ་འཛུགས་the crown,ལ་ཡོད་པ་དང་། དབྱིན་ཇིའི་གཅེས་ནོར་ཁང་English Heritage, གིས་བདག་སྐྱོང་བྱེད་ཀྱིན་པ་དང་། དེའི་ཉེ་འཁོར་གྱི་ས་བདག་ནི་རྒྱལ་ཡོངས་ཐེབས་རྩ་ཁང་National Trust,ཞེས་པ་དེ་ཡིན། ཕྱི་ལོ་1986ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པས(UNESCO)ནས་འཛམ་གླིང་ཤུལ་བཞག་གཅེས་ནོར་དུ་བདམས་པ་བཅས་མདོར་བསྡུས་ཙམ་མོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྡོ་ཧེན་ཇེས།

2015-06-04 ཐེ་བོ་སངས་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།